རང་མོས་སྙན་ངག་སྣ་ཁ་ལྔ།

ཟླ་དགུ་པའི་ནང་གི་རང་མོས་སྙན་ངག་སྣ་ཁ་ལྔ།

དགེ་རྒན།

                                   ཐོར་བུ།(དཀར་མཛེས།)

དགེ་རྒན
ཁྱོད་ཀྱིས་བྲིས་པའི
ངའི་སེམས་ཀྱི་ཡིག་འབྲི་ཚོས
ད་ལྟ་ཁྱོད་ལ་འབོད་ཀྱིན་འདུག

དགེ་རྒན
དྲན་པའི་སྣེ་མོར
ཁྱོད་ཀྱིས་ནམ་ཡང་དེ་ལྟར་སྒུལ་དོན་ཅི་ཡིན
ངས ཁྱོད་རང་རྨི་ལམ་ལས་མཇལ་འདོད

དགེ་རྒན
སྔོན་ཆ་འུ་ཚོའི་སློབ་ཁང་དེ
ད་ལྟ་སྟོང་པ་སྟོང་རྐྱང་རེད
ཧ་ཅང་ལྷིང་འཇགས་ངང་འཇིག་བཞིན་འདུག

དགེ་རྒན

ཁྱེད་བཞུད་རྗེས
དངོས་པོ་ཆོས་ཉིད་ཀྱིས
ང་ཚོར་ཡང་ཡང་རྡོ་རྫི་གཏོང་བས
ང་ཚོས་ཇི་ལྟར་བྱེད་དམ དགེ་རྒན་ལགས།

2021/9/19

དགེ་རྒན།

དགེ་རྒན
སློབ་གྲོགས་ཚོས
ཁྱེད་རང་གླེང་དུས
ངས ག་ལེར་མིག་ཆུ་དེ་སྦ་དགོང་བྱུང

དེ་དུས་ངས་ཀ་ཁ་སློབ་དུས
དེ་དུས་ངས་སུམ་རྟགས་སྦྱོང་དུས
ཁྱེད་རང་ངའི་སེམས་རྟེན་ཡིན

ད་ལྟ་ངས་དཔེ་ཆར་ཀློག་དུས
ད་ལྟ་ངས་ཡི་གེ་འབྲི་དུས
ཁྱེད་རང་ངའི་དྲན་པའི་ཡུལ་དུ་གྱུར

དགེ་རྒན
གལ་ཏེ་ཁྱེད་རང
ཐེངས་གཅིག་མཇལ་རྒྱུ་བྱུང་ན
ངས ཁྱོད་ཀྱི་མདུན་ནས
མིག་ཆུ་ཡོད་ཚད་ཀྱིས
དྲན་པ་རྫོབ་པོ་དེ་ཐེངས་གཅིག་བཀྲུ་ངེས

དགེ་རྒན
ཁྱོད་རང་དྲན་ཚེར
ང་རང་ཧ་ཅང་སྨེང་བར་འགྱུར།

2021/9/15

སྒྲུང་།

རོལ་དབྱངས་ཚོགས་འདུའི་སྟེང
མི་ཚོས་རང་གི་སེམས་པ་དཀྲོལ་མགོ་བརྩམས
ངས རང་ཉིད་ཇི་ལྟར་དཀྲོལ་རུང མི་ཚོས
ཁྱོད་ཀྱི་སེམས་ལ་སྒྲ་མི་འདུག
ཁྱོད་རང་ཤི་བོ་རེད་ཟེར

སྲང་མདོ་དེར
རོལ་དབྱངས་ཚོགས་འདུ་གྲོལ་དུས
མི་ཚོས་རང་གི་གྲིབ་མ་བཤམས་སྟོན་བྱས
ངས རང་ཉིད་ཇི་ལྟར་བཤམས་རུང མིས་ཚོས
ཁྱོད་ལ་གྲིབ་མ་མི་འདུག
ཁྱོད་རང་ཤི་བོ་རེད་ཟེར

རྨི་ལམ་གྱི་ཚོགས་འདུ་སྟེང
ང་སྐད་བཀྱགས་ནས་གླུ་བླངས
མི་ཚོས་ཁ་གདངས་ནས་ནས་ཡང་ཡང་བཙུར་རུང
ཁོ་ཚོར་གླུ་སྐད་མི་འདུག
ངས ཁྱོད་ཚོར་གླུ་སྐད་མི་འདུག
ཁྱོད་ཚོ་ཤི་བོ་རེད་ཅེས་ལབ
ཁོ་ཚོས་ངའི་སྐད་ཆར་མི་ཉན་པར་ཡང་ཡང
ཁ་གདངས་བར་འགྱུར
དེ་དག་ག་ལེར་བསམ་ན་ང་ལ་སྐད་མེད་པ་ཡིན་ནམ
ང་རང་ཤི་བོ་ཡིན་ནམ

ངས་མེ་ལོང་གི་ངོས་སུ་ལྟ་དུས
མེ་ལོང་གི་ཁ་གཏད་དུ
ཀེང་རས་རུལ་བོ་ཞིག་ལས་གང་ཡང་མི་འདུག

2021/9/16

སྒོ་ཁ་རུ།

སྒོ་ཁ་རུ
མི་རྟ་གཉིས་འདུག
མི་དེ་ཐང་ཆད་འདུག
རྟ་དེས་ངལ་དུབ་ཁུར་འདུག
ཡང་ཡང་བལྟས་རྗེས
མི་དེ་མགར་སྟོང་བཙན་དང་འདྲ་བོ་འདུག
རྟ་དེ་དམག་རྟ་ཞིག་དང་འདྲ་བོ་འདུག
མི རྟ

ཁྱོད་གཉིས་བོད་ནས་ཡིན་ནས
མི་རྟ་གཉིས་བོར་ཏེ
ལོ་མང་པོའི་རྗེས་སུ
སྒོ་ཁ་རུ
མི་རྟ་གཉིས་ཐོན་པ་བདེན་ནམ་སྙམ་དུས
ངས དཔེ་ཆ་ཞིག་ཀློག་གྱིན་འདུག
དེའི་ནང་དུ་མགར་སྟོང་བཙན་ཡོད་འདུག

2021/9/19

འབྲོག་པ་དེ།

འབྲོག་པ་དེས
རང་ཉིད་ལ་ཡི་གེ་གཅིག་དང
སྐད་རིགས་གཅིག་མ་གཏོགས་མེད་པའང་མ་རྟོགས
རང་ཉིད་ལ་མགོ་བོ་གཅིག་དང
ཕ་མ་གཉིས་ཡོད་པ་རྟོགས

འབྲོག་པ་དེས
ཐོན་མི་སམ་བྷོ་ཊ་ཡོད་པ་མ་རྟོགས
མགར་སྟོང་བཙན་ཡོད་པའང་མ་རྟོགས
རང་ལ་བུ་གཅིག་ཡོད་པ་དང
བུ་མོ་གཉིས་ཡོད་པ་རྟོགས

འབྲོག་པ་དེའི་རིག་པ་ཧ་ཅང་རྣོ
ཡིན་ན་ཡང ཡིན་ན་ཡང
ཁོ་ལ་ཡི་གེ་སློབ་པའི་གོ་སྐབས་ཡོད་མ་མྱོང
འབྲོག་པ་དེའི་མིང་ལ་འཕྲིན་ལས་ཟེར
འཕྲིན་ལས་རྒྱ་མཚོ་ཟེར།

2021/9/19

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*