སྐྱོ་ཤས་ན་བུན་མ།

                                         ཚོར་རྐང་། (མགོ་ལོག) 
 
དབྱར་མེ་ཏོག་བཞད་པའི་ཟླ་གསུམ་ནང་།།
རི་མཛེས་ཙམ་ཆུ་མོ་དྭངས་ཙམ་བྱུང་།། 
ནང་ཕུ་ནུར་གྱེས་པའི་ལོ་གསུམ་ནང་།། 
སྡུག་མྱངས་ཙམ་སེམས་ཡང་སྐྱོ་ཙམ་བྱུང་།། 
ཡར་བརྩིས་པའི་མི་ལོ་ཉི་ཤུའི་གོང་།།
ས་ཆ་ཡོད་ཆུ་ཡང་རྒྱུས་ཡོད་ཡིན།།
ལོ་ཟླ་བའི་གཙང་བོ་བཞུར་བའི་ཚེ།།
མི་འདྲིས་ཡོད་སེམས་པ་བརྩིས་ཡོད་ཡིན།།
ཕྱིར་འཁོར་ནས་ཞིབ་འདང་བརྒྱག་རྒྱུ་ན།།
དྲིན་ཕ་མ་ཉི་ཟླ་ཆ་འཛོམས་ཡིན།།
དེའི་བདེ་སྐྱིད་དགོས་འདོད་ནོར་བུ་ཡིན།།
 
གནའ་དེང་མའི་སྤང་ལྗོངས་སྔོན་མོའི་སྟེང་།།
མདོག་དཀར་དམར་མེ་ཏོག་ཅི་ཡང་དགོད།།
མིའི་དར་རྒུད་མི་རྟག་སྐད་ཅིག་ཙམ།།
རྐྱེན་འདུ་བྲལ་འགྱུར་ལྡོག་ཅི་ཡང་བྱུང་།།
དེའི་ཕྱིས་ཀྱི་འཚོ་བའི་རི་མོ་དང་།།
ཁོག་མགྲིན་པ་བརྣངས་པའི་འདས་དོན་དག།
ཕྱོགས་གཉིས་སུ་གྱེས་པའི་སེམས་པ་ཡིན།།
མིག་མཆི་མ་འཐོར་བའི་བཞུད་ལམ་དེ།།
གསང་མི་ཕོད་བསམ་ཀྱང་མི་ཕོད་པའི།།
སྡུག་ཨ་ཐང་སྟོང་གི་སོ་ནམ་ཡིན།།                       

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*