ཡུལ་ཟེར་བ་གང་གི་གང་རེད།

ཞར་བཀོད། (གཅིག)

                                        ལྷ་མི་རྒྱལ།

ཡུལ་ཟེར་བ་གང་གི་གང་རེད
འོན་ཀྱང
སོ་སོར་གྱེས་པ་ནི
ཆོས་ཉིད་ཀྱི་རང་བཞིན་ཞིག་ཏུ་གྲུབ་ཡོད
དུས་སྐབས་འདིར
ཁྱོད་རང་རླུང་ལ་བཞོན་པའི་སྤྲིན་གྱི་བྱེའུ་ཞིག་ལ་དགའ
བྱེའུ་དེ་ཡང་ཡུལ་གྱར་གྱི་བྱེའུ་ཡིན
སྨུག་པ་འཐིབས་པའི་རི་རིབ་དང་གཙང་བོ་འདི་བརྒལ་བ་ནི
ཁྱོད་རང
ལྗོན་ཤིང་གི་བསིལ་གྲིབ་འོག་གི
འཁོར་བ་ལ་ཞིག་ལ་སེམས་པ་ཆགས་པས་ཡིན་ནམ

མ་འོངས་པ།

མ་འོངས་པ་ཞིག་གི
མཚོན་བྱེད་དུ
དོ་ནུབ་ཀྱི་མཚན་མོ་ལྟ་བུའི་ངོ་གདོང་གིས
འབྲི་ཤོག་ཏུ་མེ་ཏོག་ཅིག་འབྲི་འདོད
འཚོ་བ་གདུག་རྩུབ་ཆེ་བས
ནམ་ཞིག་གི་ཚེ་མེ་ཏོག་རྙིད་འགྲོ་འམ
གལ་ཏེ མེ་ཏོག་དེ་རྙིད་སོང་ཚེ
ང་ལ་ཆར་བ་ལྟ་བུའི་མིག་ཆུ་ཞིག་སྲིད་དམ
ལས་དབང་གིས་ང་ལ་གུ་ཡོངས་གནང་སྲིད་དམ

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*