འཆར་ཡན་གྱི་གླུ་རྟ་ཐོག་དགུ་འགྱུར་མ།

                                                             གཡུ། (ཉག་རོང་། )

དགུང་ཁྲི་གྲངས་སྐར་མའི་མར་ཞབས་ཀྱི།།
འཇའ་ཉི་མའི་གུར་ཁུང་དབུས་མ་ན།།
ཚོན་ཁ་དོག་རི་མོ་ཡ་ལ་ལ།།
དེའི་མཛེས་པ་རྨ་བྱའི་སྒྲ་གུར་འདྲ།།
དེ་མ་ཡིན་གོས་ཆེན་རི་མོ་འདྲ།།
དཔེར་ཏིང་འཛིན་བུ་མོའི་རུམ་ཁུག་ནས།།
དུས་ནམ་ཟླའི་དྲོ་གྲང་མ་གླེང་ཨཱ།།
ཕྱིའི་ཤིན་ལྤགས་ནགས་ཀྱི་མེ་དཔུང་ཨང་།།

དྲི་རྟ་མཆོག་ཞོན་པའི་བང་རིམ་གྱི།།
མདངས་ཟླ་བ་རྫོགས་པའི་གཞལ་ཡས་ན།།
ཤིང་གློག་གི་དྲྭ་བ་འཁྱུག་སེ་འཁྱུག །
ཚུལ་གང་ལ་ལྟས་ཀྱང་ཞི་དུལ་བ།།
གཞོག་གང་གི་དཔྱད་ན་འོད་འཕྲོ་བ།།
དཔེར་ཡིད་ཀྱི་ལྷ་མོའི་བྲོ་ར་རུ།།
ཆོས་སྟོང་ཉིད་བདག་མེད་སྙིང་བོ་ཆུང་།།
དེ་མ་རེད་ལབ་ཀྱང་འཁོས་ཆུང་ཨང་།།

བསང་འདོད་ཡོན་རླུང་གི་རྟར་སྐྱོན་པ།།
ཆུ་དྲི་བཞོན་ཐིག་ལེ་ཐིག་ཕྲན་ལ།།
སྤང་མེ་ཏོག་ཟིལ་བ་ཁྲོམ་སེ་ཁྲོམ།།
ཡང་ཡིད་ཀྱི་འཆར་ཡན་དགུ་འགྱུར་ལ།།
ཕྱིའི་སྣ་ཚོགས་ལུས་ཀྱི་འཁྱུག་གཞས་ཡག །
དཔེར་ནམ་མཁར་ལྡིང་གི་དབྱངས་ཅན་མའི།།
སྐུའི་འཇམ་མཉེན་རེག་ན་ངུ་ཡང་སྲིད།།
སྐུ་མངོན་དུ་བསྟན་ན་སྨྱོ་ཡང་སྲིད།།
དེ་མ་རེད་མ་རེད་མ་གསུང་ཨང་།།
འཆིང་སྡོམ་བྱེད་ཐག་པ་གཅོད་ཀྱང་སྲིད།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*