གེ་སར་ནོར་བུ་དགྲ་འདུལ།

                                            སྐྱིད་རྒྱ་མཚོ།

དབུ་རྨོག་དར་་གངས་རིའི་སུལ་དུ་དཔྱངས།།་
དཔའ་སྤོབས་པས་གླིང་བཞི་བརྒལ་བ་ཡི།།
རྗེ་སེང་ཆེན་ཝེར་མའི་གཙོ་བོ་སྟེ།།
མཚན་བརྗོད་པས་ཁ་ལས་རླུང་རྟ་མཐོ།།

ཐབས་ཤེས་རབ་ཉི་ཟླའི་འོད་ལ་འགྲོགས།།
བྱམས་སྙིང་རྗེའི་མཚོ་མོ་གཏིང་དཔག་དཀའ།།
དཔའ་དགྲ་ལྷའི་གཙོ་བོ་གེ་སར་རྗེ།།
བུ་དད་ཅན་ཡིད་ལ་གཟི་བྱིན་བསྐྲུན།།

ཆིབས་རྐྱང་རྒོད་གོང་གི་དཔའ་རྒོད་ཅིག།
བློ་སྤོབས་པའི་མཁྱེན་རྒྱ་ནམ་ལངས་བཞིན།།
ཡུལ་ས་ཆེན་བདེན་པས་སྲུང་མཛད་པ།།
མགོན་སེང་ཆེན་སྐྱེས་བུ་དམ་པ་མཆོད།།

ས་བྱང་ཕྱོགས་རི་བོའི་ཕངས་བ་རུ།།
སྐུ་མཚན་དཔེའི་ཉི་འོད་ལམ་མེར་འཕྲོས།།
ཕྱོགས་གང་སར་ཞབས་རྗེས་རབ་བཀོད་པའི།།
རྗེ་སྐྱེས་བུ་དོན་གྲུབ་འགྲོ་བའི་མགོན།།

ཚེ་འདི་ཕྱི་གཉིས་ལ་བློ་གཏད་ན།།
གཏན་བསླུ་མེད་སྐྱབས་ཀྱི་དྭངས་མ་སྟེ།།
མགོན་ཨོ་རྒྱན་པདྨའི་རྣམ་སྤྲུལ་ཏེ།།
སྐྱབས་སེང་ཆེན་སྐྱེས་བུ་སྙིང་ནས་འབོད།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*