སྐད་ཡིག་གི་རིན་ཐང་གླེང་བ།

རྫ་སྐྱེས་གང་དུང་། རྫ་ཆུ་ཁ།

དུས་རབས་འཁོར་སྤྱོད་རྒོད་པའི་དུས་སྐབས་འདིའམ་གནའ་མིའི་དུས་རབས་གང་གི་སྐབས་སུའང་མི་རིགས་ཀྱི་སྲོག་རྩ་དེ་སྐད་ཡིག་ལ་ཐུག་ནས་ཡོད་པ་སྨྲོས་མེད་རེད་ལ། མི་རིགས་དེའི་སྐད་ཡིག་བདག་སྐྱོང་བྱེད་པ་ནི་མི་རིགས་བདག་སྐྱོང་བྱེད་པ་ལས་མ་འདས། དེས་ན་ང་ཚོ་བོད་མི་རིགས་འདིའང་ཅི་ཙམ་ཡུན་གནས་བྱ་དགོས་ན་དེ་ཙམ་གྱིས་སྐད་ཡིག་བདག་སྲུང་བྱ་དགོས་ཏེ།༼ མཁན་ཆེན་འཇིག་མེད་ཕུན་ཚོགས་མཆོག་གིས༽ བོད་རིགས་དག་མ་ཡིན་ཕྱིན་བོད་ཀྱི་སྐད་ཡིག་དག་བ་ཞིག་ངེས་པར་དུ་ཤེས་དགོས། ཤེས་པ་དེ་སྤྱད་དགོས། གལ་ཏེ་བོད་རང་གི་ཆས་གོས་ཀྱང་མི་བྱེད། སྐད་ཡིག་དག་ཀྱང་མི་སྤྱོད་ན་དེའི་ཚེ་བོད་ཅེས་པའི་མིང་བོར་ཚར་བ་རེད། ཅེས་གསུངས་པ་ལྟར། གལ་སྲིད་མི་རིགས་གང་ཞིག་ཡིན་ནའང་རང་གི་སྐད་ཡིག་འཇིགས་པ་ནས་མི་རིགས་དེ་འཇིགས་ཚར་སོང་ར་སྤྲོད་བྱས་ཡོད་པ་མ་ཡིན་ནམ། གཞན་ཡང་༼ བསེ་ཚང་བློ་བཟང་དཔལ་ལྡན་གྱིས ༽ བོད་ཀྱི་རིག་གནས་ཀྱི་རྩ་བ་ནི་བོད་ཀྱི་སྐད་ཡིག་རེད། ཅེས་དང་། གལ་ཏེ་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་འདི་ཉམས་ན། བོད་མི་རིགས་རིམ་གྱིས་གངས་ཞུ་ནས་ཆུའི་ནང་དུ་ཐིམ་པ་ལྟར་མི་རིགས་གཞན་དང་འདྲེས་ནས་བོད་མི་རིགས་འདི་ཐུན་མོང་གི་རིགས་སུ་འགྱུར་རྒྱུ་རེད། གནས་ཚུལ་འདི་ནི་བོད་མི་རིགས་ཀྱི་རྩ་བའི་ཉེན་ཁ་ཆེན་པོ་ཞིག་རེད། ཅེས་སོགས་མང་དུ་གསུངས་ནའང་ང་ཚོའི་མ་གོ་ཁུལ་དང་མ་ཚོར་ཁུལ་བྱས་ནས་འདུག་པའི་ཚོད་རེད་དམ། ལྷག་པར་དུ་སློབ་ཆེན་ཁག་དང་སློབ་ཆུང་དང་སློབ་འབྲིང་གི་སློབ་མ་དག་གི་རྒྱ་སྐད་བཤད་པ་ཡོན་ཏན་དུ་སེམས་ནས་རང་སྐད་ལ་གཏན་དུ་བདེ་མོ་འཇོག་བཞིན་ཡོད་པ་ནི་ཆེས་འཇིག་སྐྲག་ཆེ་བའི་གནས་སོ།། སྤྱིར་རྒྱ་སྐད་ཤེས་པ་ནི་ཡོན་ཏན་མ་རེད་ཅེས་ངའི་གླེང་གིན་མེད་མོད། འོན་ཀྱང་རང་སྐད་དོར་ནས་གཞན་སྐད་གཅེས་སུའཛིན་པ་མི་རིགས་པ་དེ་ཡང་༼ མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས ༽ སྤྱིར་རྒྱ་ནག་གི་སྐད་བསླབ་མི་རུང་བ་དང་སྨྲ་མི་རུང་ཞེས་བརྗོད་པ་མ་ཡིན་ཏེ། སྐད་ཡིག་གང་ཡིན་ཡང་ཤེས་ན་བཟང་བ་ལས་མེད་མོད། འོན་ཀྱང་སྐད་དེས་རང་སྐད་ཉམས་པར་བྱེད་པ་ནི་ཆེས་མི་རིགས་པའོ།། ཞེས་གསུངས་པ་ལྟ་བུ་རེད། དེ་གནད་དོན་གཉིས་ལ་ཐུག་ཡོད་པར་སེམས། དང་པོ་རང་ལ་རིགས་ཞེན་དང་བྲལ་ནས་མི་རིགས་ལ་ཤ་ཞེན་མེད་པའི་བྱུང་བ་དང་། གཉིས་པ་ནི་རྫོང་དང་གྲོང་ཁྱེར་དག་ན་ཡོད་པའི་ཕ་མ་དག་གི་སྟེངས་ན་ཡོད་པར་སེམས་སོ།། ཕ་མ་དག་གི་ཤེས་དགོས་པ་ཞིག་ནི་དཔེར་ན ༼ ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས ༽ གསུངས་པ་ལྟར། བོད་ཡིག་གི་ཕྱི་མོ་བོད་སྐད་སྤྱོད་ཡུལ་གྱི་ས་ཁྱོན་ལ་མཚོན་ན་བོད་ཆོལ་ཁ་གསུམ་ཡིན་ཞིང་། ས་ཁྱོན་ཆེན་པོ་དེ་འདྲ་ཞིག་གི་ཐོག་ཏུ་བོད་སྐད་ཤོད་མཁན་གྱི་མི་གྲངས་ནི་ད་ལྟ་ཧ་ཅང་ཉུང་ངུ་ཞིག་ལས་མེད་ཀྱང་ད་ལྟའི་བར་དུ་རང་ཉིད་ཀྱི་སྐད་ཡིག་སྤྱད་དེ་གནས་ཐུབ་པ་རེད། མི་རིགས་གང་འདྲ་ཞིག་ཡིན་རུང་སྐད་ཡིག་གཉིས་ནི་མི་རིགས་དེའི་སྲོག་རྩ་ཡིན། ཞེས་གསུངས་པའི་ཚིག་འགའ་ལའང་བསམ་བློ་གཏོང་རན་ལ་སླེབས་མི་འདུག་གམ། རྗེས་ནས་སྐད་ཡིག་དང་གོམ་བཤིས་སློབ་ཚན་སྦྱོང་སྦྱོང་བྱེད་དགོས་པའི་ཚད་ལ་ཐོན་དུས་དངོས་གནས་རེ་བ་མེད་པའི་ཚད་ལ་ལྷུང་ཚར་བ་རེད། ༼ སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་མཆོག་གིས ༽ བོད་ཀྱི་སྐད་ཡིག་དང་གོམས་གཤིས་སྲུང་སྐྱོབས་ཞེས་སློབ་ཚན་ལྟར་སྦྱོང་ནས་བསྲུང་ནའང་རྒྱུན་དུ་གནས་དཀའ། ཞེས་གསུང་པ་ལྟ་བུ་རེད། སྤྱིར་ང་ལ་མཚོན་ན་ཤེས་ཡོན་དང་འབྱོན་ཐང་གང་ངོས་ལྟས་ནའང་དབུལ་པོ་དབུལ་རྐྱང་གི་མི་ཞིག་ཡིན་མོད། མི་རིགས་ལ་ཤ་ཞེན་དང་དུང་ཞེན་ཟབ་སྟོབས་ཀྱིས་འདི་འདྲ་ཞིག་ལབ་དགོས་བྱུང་།

Be the first to comment

Leave a Reply

Your email address will not be published.


*