བོད་མོ་ལྷ་ལྕམ་དང་རྒྱང་མཇལ།

                                           ཞྭ་ནག་པ། (གསེར་རྟ)

དུས་དེ་ནས
སེམས་ཀྱི་རྡུལ་ཕྲན་རེ་རེ
བདག་གི་སྙན་ངག་དང་འབྲེལ་ཐབས་བྲལ

ལོ་ངོ་སྟོང་གི་རེ་སྒུག
ཧ་ཅང་རྒྱང་ཐག་རིང

རྒྱང་རིང་གི་དྲན་པ་དེའི་སྣེ་རུ
ཁྱོད་དང་ང་ཡི་རྨི་ལམ་བཞུར
༢༠༢༡-༥-༢༢ཉིན།

འཁོར་བ།

རྨི་ལམ་དེའི་མཐར
ཁྱོད་ཀྱི་སོར་མོའི་རྩེ་རུ
བྱེའུ་གཞན་ཞིག་ཕེབས་བྱུང

ཁེར་རྐྱང་དང་གཏན་དུ་གྱེས་རྗེས
སླར་ཡང་ཕྱིར་ལོག་པའི་ལོ་ཟླ་དེར
ཉེས་མིང་གཞན་ཞིག་བཏགས

ང་ལ་ཡིད་ཆས་མ་གནང་རོགས
ངའི་འཁོར་བའི་མེ་ལོང་དུ
ཁྱོད་ལས་གཞན་སུ་ཡང་ཤོང་ཐབས་མི་འདུག

རྒྱང་རིང་དུ་ཕེབས་རྗེས
ང་ལ་གྲིབ་མ་ཡོད་དམ
བར་སྐོར་གླིང་གི་མགྲོན་པོ་བཞིན
ང་རང་ཇི་ལྟར་འཚོ་ཆོག ཇི་ལྟར་གསོན་ཆོག

དུས་ཚོད་དེའི་མཐར
ཁྱོད་ཉིད་ཐག་རིང་ཐག་རིང་ཞིག་ཏུ་སླེབས་སོང་ན

ངས་སླར་མི་དྲན་པའི་གསོལ་བ་ནན་མོ་ཞིག་གདབ་ཐུབ་བམ

2021-5-1ཉིན།

ཁེར་རྐྱང་།

རྒྱང་རིང་གི་གནས་སུ
མི་རྣམས་དལ་གྱིས་བཞུད་སོང
ཁྱོད་རང་ཁོ་ནས་མི་ཞིག་དྲན་དེ
འབྲི་ཤོག་སྟོང་བ་དེའི་ངོས་སུ
སྙན་ངག་འབྲི་བར་གོམས་ཡོད་དམ
ཁེར་རྐྱང་གི་སྲས་མོ

ཚོད་ཚོད་ལ དྲན་པ་དེའི་མཐའ་རུ
ཁྱོད་རང་མིག་ཆུ་རུ་གྱུར་སོང་ངམ

ཁྱོད་རད་དྲན་དུས
ངས་ཁྱོད་ཀྱིས་ཕུལ་བའི་དཔེ་དེབ་དང
དངོས་པོ་དེ་དག་སྙིང་གར་སྦྱར་ནས
ཁྱོད་དང་འཕྲད་པའི་སྨོན་ལམ་བཏབས་ཡོད

༢༠༢༡-༤-༢༧ཞོགས་པར།

Be the first to comment

Leave a Reply

Your email address will not be published.


*