༢༠༢༡།༡༠།༣༡ཉིན་ཝཱ་ར་ཎ་སིའི་གསོ་རིག་སྡེ་མཚན་ཁོངས་ནས་སྨན་པ་ཁག་ཅིག་ཌེ་ར་ལྡུན་ཁུལ་དུ་ཕེབས་འཆར་སྐོར་དཔལ་ས་སྐྱའི་བདག་མོ་སྐལ་ལྡན་མཆོག་ལ་འབྲེལ་གཏུགས་དང་སྦྲགས་བདག་མོ་རིན་པོ་ཆེ་མཆོག་གིས་མཐུན་འགྱུར་གོ་སྒྲིག་འོག་ནས་རྡ་ར་ལྡུན་ས་ཁུག་ཁག་དང་ར་ཇི་པུར་དཔལ་ས་སྐྱ་ཆོས་སྒར། ར་སྤུར་ས་སྐྱ་མཐོ་སློབ། བདེ་གླིང་ཨ་ནེ་དགོན་པ། མན་ཌུ་ཝ་ལ་ངོར་དགོན། གསང་ཆེན་རྒྱུད་གྲྭ། ཨ་ནེ་བཤད་གྲྭ་བཅས་ཀྱི་གྲྭ་བཙུན་རྣམ་པ། དེ་བཞིན་དུ་ར་སྤུར་རྒན་གསོ་བཅས་ལ་སྨན་པ་བསྟེན་གཏུགས་གནང་བ་དང་། ཨེམ་ཆི་རྣམ་པས་སྐུ་ངལ་མཛད་མེད་ཀྱིས་སྨན་བཅོས་ཇི་ལྟར་དགོས་མིན་དང་སྨན་པ་བསྟེན་གཏུགས་དང་། སྦྱོར་བ་སྨན་དང་ཆ་བྱད་དཔྱད་པ། འཚཽ་བ་ཟས་དང་བྱ་བ་སྤྱོད་ལམ་སོགས་ཀྱི་འཕྲོད་བསྟེན་ཇི་ལྟར་གནང་སྟངས་སོགས་ཀྱིས་ལམ་སྟོན་ཟབ་རྒྱས་གནང་འདུག
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply