
རྫོང་གསར་མཁྱེན་བརྩེ་སྐུ་ཕྲེང་དང་པོ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ན་མོ།






འཇིགས་བྲལ་སློབ་དཔོན་ཆེན་མོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མཚན་གྱི་རྣམ་གྲངས་གང་ལས་བྱུང་བའི་ཡིག་ཆ་དང་མཚན་གྱི་རྣམ་གྲངས་རང་གི་ཇི་ཙམ་རྙེད་སོན་བྱུང་བ་ཙམ་ཞིག་བཀོད་པ་ལགས།
དང་པོ། ༡༽ཡབ་ཡུམ་གྱིས་མཚན་ཚེ་རིང་དོན་གྲུབ་ཞེས་གསོལ།
༢༽ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ།
༣༽རྗེ་ཉིད་ཀྱི་ཁུ་བོ་རྨོག་སྟོན་གསང་བདག་ཆེན་པོའམ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་དང་། འཇིགས་མེད་རྒྱལ་བའི་མྱུ་གུས་འཇིགས་མེད་མཁྱེན་བརྩེའི་ཟློས་གར་ཞེས་གསོལ།
༤༽ཞེ་ཆེན་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱིས་ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོ་ཞེས་གསོལ།
༥༽བྱང་ཆུབ་ཐུགས་བསྐྱེས་ཀྱི་མཚན་རྒྱལ་སྲས་བློ་གྲོས་རྒྱ་མཚོ་དྲི་མ་མེད་པའི་འོད།
༦༽པཎ་ཆེན་བི་མ་ལའི་འཁྲུངས་རབས་དང་སྦྱར་བ་འོད་གསལ་སྤྲུལ་པའི་རྡོ་རྗེ།
༧༽མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་འཁྲུངས་རབས་ཀྱི་ཕྱོགས་དང་བསྟུན་པ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན།
༨༽ཀུན་མཁྱེན་དྲི་མེད་འོད་ཟེར་དང་རྣམ་དབྱེར་མེད་པའི་མཚན་རྡོ་རྗེ་གཟི་བརྗིད་རྩལ།
༩༽ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བའི་མཚན་པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་གསོལ། མཚན་གྱི་རྣམ་གྲངས་འདི་རྣམས་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་མཛད་པའི་འཇམ་དབྱངས་མཁྱེན་བརྩེའེ་དབང་པོའི་བླ་མའི་རྣལ་འབྱོར་གྱི་འགྲེལ་པ་ལས་གསལ་བའོ། །
༡༠༽དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད་ཀྱིས་ཀརྨ་བསྟན་པའི་ཉི་མ་བཤད་སྒྲུབ་ཆོས་ཀྱི་སེངྒེ་ཞེས་གསོལ།
༡༡༽རས་ཆུང་སྤྲུལ་སྐུ་བཀའ་བརྒྱུད་ཕྲིན་ལས་དབང་ཕྱུག་གི་རྣམ་ཐར་ལས་དིལ་མགོ་མཁྱེན་བརྩེ་ཞེས་གསུངས།
༡༢༽སྙན་ངག་སྨྲ་བ་སྒྲ་དབྱངས་ལྷ་མོ་དགྱེས་པའི་འབངས། ༡༣༽གཞོན་ནུ་ཨ་བྷཱ་ཡ། ༡༤༽རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་མཁྱེན་བརྩེའི།
༡༥༽རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཇིགས་མེད་མཁྱེན་བརྩེའི་མྱུ་གུ། ༡༦༽ཐེག་པ་མཆོག་གི་རྣལ་འབྱོར་པ་འཇིགས་པ་མེད་པའི་སྡེ།
༡༧༽རྒྱལ་ཁམས་ཉུལ་བའི་ད་རི་དྲྭ་གཙུག་ལག་སྨྲ་བའི་ཉི་མ། ༡༨༽རྒྱལ་ཁམས་ཉུལ་བའི་ད་རི་དྲྭ་འཇིགས་པ་མེད་པའི་སྡེ།
༡༩༽གཞོན་ནུ་འཇིགས་མེད་མཁྱེན་བརྩེ། ༢༠༽རིག་འཛིན་གྱི་བཙུན་པ་གཙུག་ལག་སྨྲ་བའི་ཉི་མ་མཚོ་སྐྱེས་གཞོན་ནུའི་ལང་ཚོ།
༢༡༽གཞོན་ནུ་མཁྱེན་བརྩེའི་མིང་ཅན། ཨང་གྲངས་༡༢ནས་༢༡བར་གྱི་མཚན་བཅུ་པོ་འདི་རྣམས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ་ནང་ཆབ་ཤོག་སོགས་གསུང་རྩོམ་གྱི་མཛད་བྱང་ལས་བྱུང་བའོ། །
༢༢༽ཀུན་མཁྱེན་བླ་མ་མཉྫུ་གྷོ་ཥ། ༢༣༽རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ། ༢༤༽འཇམ་དཔལ་དབྱངས་ཀྱི་ཐུགས་རྗེའི་རང་གཟུགས་དཔལ་ལྡན་བླ་མ། ༢༥༽རྗེ་བླ་མ་ཀུན་གཟིགས་མཆོག༢༦༽སརྦ་ཛྙ་མཉྫུ་གྷོ་ཥ། ༢༧༽རྗེ་བླ་མ། ༢༨༽ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་སྣང་བའི་གཟི་ལྡན། ༢༩༽འཇམ་མགོན་བླ་མ། ༣༠༽རྡོ་རྗེ་གཟི་བརྗིད། ༣༡༽ཐམས་ཅད་མཁྱེན་པ་རྡོ་རྗེ་གཟི་བརྗིད། ༣༢༽ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། ༣༣༽ཀུན་མཁྱེན་བླ་མ་འཇམ་དབྱངས་དགྱེས་པ། ༣༤༽ཀུན་གཟིགས་མཁྱེན་བརྩེའི་དབང་པོ། ༣༥༽འཇིགས་བྲལ་མཁྱེན་བརྩེའི་དབང་པོ། ༣༦༽གཏེར་ཆེན་མདོ་སྔགས་གླིང་པ། ༣༧༽ཀུན་མཁྱེན་བླ་མ་དམ་པ། ༣༨༽རྗེ་མཁྱེན་བརྩེའི་ཞབས། ༣༩༽རྡོ་རྗེ་སེམས་དཔའ་མཉྫུ་གྷོ་ཥ། ༤༠༽རིག་འཛིན་མཉྫུའི་མཚན་ཅན། ༤༡༽རྗེ་བླ་མ་འཇམ་པའི་དབྱངས། ༤༢༽མདོ་སྔགས་གླིང་པ། ༤༣༽རྗེ་བླ་མ་མཁྱེན་བརྩེ་རིན་པོ་ཆེ། ༤༤༽རྗེ་མཉྫུ་གྷོ་ཥ། ༤༥༽འཇམ་དབྱངས་བླ་མ། ༤༦༽ཀུན་མཁྱེན་བླ་མ་རིན་པོ་ཆེ། ༤༧༽འཇམ་མགོན་མཁྱེན་བརྩེའི་ཞབས། ༤༨༽ཀུན་མཁྱེན་འཇམ་དཔལ་དབྱངས། ༤༩༽འཇམ་མགོན་ཐམས་ཅད་མཁྱེན་པ། ༥༠༽ཀུན་གཟིགས་འཇམ་དཔལ་དབྱངས། ༥༡༽འཇམ་མགོན་བླ་མ་རིན་པོ་ཆེ། ༥༢༽རྗེ་བཙུན་འཇམ་པའི་དབྱངས། ༥༣༽ཀུན་མཁྱེན་བླ་མ་སྨྲ་བའི་སེངྒེ།
ཨང་གྲངས་༢༢་ནས་༥༣བར་གྱི་མཚན༣༢འདི་རྣམས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསན་ཡིག་ལས་བྱུང་བའོ། །
༥༤༽ཀུན་མཁྱེན་གསུམ་པ། ༥༥༽ཀུན་གཟིགས་འོད་གསལ་སྤྲུལ་པའི་སྐུ་རྡོ་རྗེ། ༥༦༽རྗེ་མཁྱེན་བརྩེ་རིན་པོ་ཆེ། ༥༧༽མཁྱེན་བརྩེ་རྡོ་རྗེ་འཆང་། ༥༨༽མཁྱེན་བརྩེ་རིན་པོ་ཆེ། ༥༩༽ཀུན་མཁྱེན་མཉྫུ་གྷོ་ཥ། ༦༠༽ཀུན་མཁྱེན་གསུམ་པ་མཁྱེན་བརྩེའི་དབང་པོ། ༦༡༽ཐུགས་རྗེ་དགེ་བའི་དབྱངས། ༦༢༽མཁྱེན་ཀོང་རྣམ་གཉིས་ནང་ཚན་གྱི་མཁྱེན།
ཨང་གྲངས་༥༤ནས་༦༢བར་གྱི་མཚན་དགུ་པོ་འདི་རྣམས་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་གྱི་གསན་ཡིག་ལས་བྱུང་བའོ། །
༦༣༽འཇམ་མགོན་བླ་མ་ཀུན་མཁྱེན་འཇིགས་པ་མེད་པ། ༦༤༽ཆོས་ཀྱི་རྒྱལ་པོ་གཙུག་ལག་སྨྲ་བའི་ཉི་མ། ༦༥༽འཇམ་དབྱངས་མཁྱེན་བརྩེའི་ཟློས་གར།
ཨང་གྲངས་༦༣ནས་༦༥བར་གྱི་མཚན་གསུམ་པོ་འདི་རྣམས་ཚོགས་ཤུལ་ནོར་བུ་བསྟན་འཛིན་གྱི་གསན་ཡིག་ལས་བྱུང་བའོ། །
བཅས་ཁྱོན་བསྡོམས་མཚན་དྲུག་ཅུ་རེ་ལྔ་རྙེད་སོན་བྱུང་བའོ། །
དོན་དང་ལྡན་པའི་མཚན་གྱི་ཟུར་ཙམ་གྱིས།།
སྲིད་པ་འཁྲུལ་པོར་བྱེད་པའི་ངང་ཚུལ་དེ།།
མི་ལ་རས་པའི་རྣམ་ཐར་རྗེས་སྙོགས་པའི།།
རྗེ་བཙུན་བླ་མའི་མཚན་ཐོས་དེ་དང་མཚུངས།།
ཐུབ་བསྟན་ཀུན་འབྱུང་གིས་བྲིས་པའོ།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།