ཚིག་གི་གླེང་སྟང་གཞན་ཞིག

                                         རྫ་སྐྱེས་གངས་དུང་།

བྱེ་སྨྲའི་མཁན་པོའི་སྤྱི་དོན་བདེན་གྲུབ་སྨྲ།།
སེམས་ཙམ་གྲུབ་མཐའི་རང་རིག་བདེན་གྲུབ་བརྗོད།།
གྲུབ་མཐའ་མཁན་པོའི་ལྟ་གྲུབ་འགལ་ལུགས་འདིས།།
དཔྱོད་ལྡན་རིག་པའི་དངོས་གྲུབ་ཉུང་ཙམ་སྩལ།།

རྒྱ་གར་མཁས་པའི་འདི་ལྟར་ཡིན་ནོ་གསུངས།།
བོད་ཀྱི་བླ་མའི་གཞན་ཞིག་འགྲེལ་ལོ་གསུངས།།
རྒྱ་བོད་མཁས་པའི་མདོ་འགྲེལ་བྱེད་སྟང་འདིས།།
མདོ་འགྲེལ་བྱེད་པའི་བག་ཆག་གཞན་ཞིག་བཞག།

འགའ་རེའི་མི་ཕམ་གསུངས་ལྟར་ཡིན་ནོ་བརྗོད།།
ལ་ལས་ཡབ་སྲས་གསུམ་བཞིན་འགྲིག་གོ་གསུངས།།
རྟགས་གསལ་སོར་རྩེར་དྲངས་བའི་ཐལ་འགྱུར་དེས།།
འགལ་མེད་གནད་དུ་དྲིལ་བའི་གོ་བ་སྤྲད།།

མཚམས་རེར་རྙིང་མའི་འགྲེལ་ལྟར་མཐད་དོ་སྙམ།།
ཐེངས་རེར་དགེ་ལུགས་དོག་སློང་བདེན་ནོ་སྙམ།།
ཚིག་སྣེ་ཚིག་གི་ནན་སྟང་མ་མཐུན་པས།།
དཔྱོད་ལྡན་ཤེས་རབ་ཟེར་བ་ངོས་གཅིག་སྤྲད།།
༢༠༢༡/༡༠/༩

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*