ཧུན • དུར་རོ། རྟའུ།
ནམ་ཞིག་སེམས་ཀྱི་ཐག་པ་རིང་པོ་ཞིག།
སྒྱུ་མའི་ནགས་ཚལ་ངོས་སུ་འཐེན་པ་ན།།
རི་བོའི་མགུར་དུ་དཀྲིས་པའི་སྤྲིན་པ་ཞིག།
ནགས་ཚལ་གན་ལ་ཉུལ་བར་ཧ་ཅང་བྲེལ།
སེམས་ཀྱིས་ཐང་ལ་སྐྱེས་པའི་སྡོང་པོ་ཞིག།
ཡལ་འདབ་རླུང་གི་གཡོ་བ་མང་ན་ཡང་།།
དམུ་ཐག་སྐས་ཀྱི་ཐེམ་པ་རེ་རེ་ནི།།
མི་མངོན་ཞིང་གི་དབུས་ཀྱི་ཟླ་བ་ཡིན།།
སེམས་འགྱུ་ཁ་བའི་གཤོག་པ་ཐེངས་མང་གཡོ།།
རླུང་བུ་བན་བུན་བུ་ཡུག་འཚུམ་མ་སྟེ།།
ཉི་མའི་དྲོད་དང་སྣང་བའི་མགུར་དུ་འཚེར།།
སེམས་ཀྱི་འགྱུ་བ་འཁྱགས་རོམ་ནག་པོ་ཡིན།།
དཀར་ནག་ལས་ཀྱིས་མནར་བའི་སེམས་པ་ཞིག།
གཡང་དཀར་ལུག་ལ་ཞེན་པའི་རྣམ་རྟོག་ཞིག།
ཐག་རིང་སྨུག་པའི་ནང་གི་ཡུ་མོ་ཞིག།
ཞེ་ལ་ཐོག་པ་འདྲ་ཡང་རྒྱང་ལ་བྲོས།།
ཨ་སྐད་ལབ་ཙེའི་མགོ་ཡིས་ཤོག་རལ་འདྲ།།
ཤོག་རལ་ཕ་ཡུལ་ཐང་གི་གད་སྙིཊ་ཡིན།།
གད་སྙིཊ་རི་དྭཊ་སེམས་ཀྱི་ནག་ཐིག་ཡིན།
ནག་ཐིག་བྱི་བར་འདོད་ན་ཨ་སྐད་དོར།།
རི་ལ་དངུས་དཀར་ཕོན་པོའི་ལྭ་བས་མཛེས།།
སེམས་ལ་རྣམ་རྟོག་ངར་མའི་རྟ་ཁྱུ་ཞོཊ།།
ལུང་དང་ལ་མོ་བརྒལ་བའི་ལམ་བུ་དག།
མི་དག་རྒྱང་ལ་བགྲོད་པའི་ཕྱག་རྟེན་ཡིན།།
Leave a Reply