ཡིད་བཞིན་ནོར་བུ།།

  ཇོ་ཇོ།།

ཁྱོད་ཀྱི་ཐུགས་ཆེན་ནམ་མཁའི་དཀྱིལ་འཁོར་ན།།
བརྩེ་བའི་ཆར་སྤྲིན་ཆེན་་པོ་རབ་འཁྲིགས་ཤིང་།།
གསུང་སྙན་འབྲུག་སྒྲ་ལྡི་རི་རབ་དཀྲོལ་ཏེ་།།
སླར་ཡང་ཆོས་ཀྱི་ཆར་ཆུ་དབབ་ཏུ་གསོལ།།

མཚན་དཔེ་གཟུགས་སྐུ་ལྷུན་པོའི་གྲྭ་ཟུར་ན།།
འཁོར་འབངས་་སྡེ་ཆེན་གླིང་བཞིའི་ཡོ་ལང་གི།
རྦ་རླབས་སྲིད་གསུམ་ཀུན་ཏུ་མཆེད་པའི་ཚུལ།།
ད་དུང་ལན་ཅིག་ཐུགས་རྗེའི་ཕྱིར་མིག་ཞིག།

ནང་ན་འོད་གསལ་མེ་ཡི་དྲོད་ཐུལ་ཐུལ།།
ཕྱི་ན་ཡེ་ཤེས་རོལ་བ་བཀྲ་གསལ་ལེ།།
ཡང་གསང་རིགས་འཛིན་རྒྱུད་པའི་ཐུགས་དྲོན་པོ།།
མ་བཅོས་ཞལ་དུ་འདུ་བའི་ལྷ་དེ་དྲན།།

༢༠༢༢/༡/༡༧ཉིན་ཆོས་རྗེ་བླ་མ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཉིན་བྲིས་པ་་དགེ་བར་གྱུར་གཅིག།།

Be the first to comment

Leave a Reply

Your email address will not be published.


*