བདེ་ཆེན་རང་གྲོལ།
མུན་པ་སྟུག་པོ་འཐིབས་དུས་སྐར་ཚོགས་ནི།།
འཚེར་དུ་མེད་པའི་རྨི་ལམ་ཐུང་ཐུང་ཡིན།།
དེ་ཡི་གཞོལ་དུ་མེ་ཏོག་དམར་སྨུག་གི།།
ཕྲ་ནི་བཏབ་ལྟར་མཛེས་པ་སྤྲས་པའི་དུས།།
ཡིད་ཀྱི་ཐིག་ལེ་ཁང་སྟོང་ནང་དུ་འདུག།
པད་མ་མིན་ཀྱང་ཡིད་ཀྱིས་སྤྲུལ་བ་ཡི།།
སྤྲུལ་བའི་པད་མ་མང་པོ་སོར་རྩེར་བཞད།།
ཡིད་ཀྱི་སྦྲང་བུ་མང་པོ་གང་ནས་ཡོང་།།
ཐ་སྙད་རྩིག་པ་ལྟ་བུར་བརྩིགས་པ་ཡི།།
ཁང་སྟོང་དེ་ན་པད་མ་ཆ་གཅིག་འདུག།
ང་ཡི་ཡིད་སྤྲུལ་པད་མ་ཁང་སྟོང་ན།།
སྒེག་ཉམས་སྟོང་གིས་བསླུས་པའི་ཕོ་རྒོད་ནི།།
རྒོད་པོ་འཕུར་བ་ལྟ་འདོད་ཞེ་ནས་སྐྱེས་པ་ཡིན།།
ལག་ཏུ་རལ་གྲི་ཆ་གཅིག་ཡང་ན་མདའ་གཞུ་ཟུང་།།
མཁའ་ཡི་ཕྱོགས་ལ་གཏད་དུས་ཕོ་རྒོད་གདོང་ནག་དེ།།
ང་ཡི་ཁང་ཆུང་ནང་ན་ག་ཤེད་གབ་སྟེ་འདུག།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།