ཁམས་དགེ་རྒྱལ་རྫོགས་ཆེན་དགོན་གྱི་གྲྭ་གཞོན་འགའི་ཉིན་ཐོ།

ང་ཤི་སོང་ན་ཤ་མི་ཟ།

པདྨ་དུང་དཀར།

དེ་རིང་ཟ་མ་ཟ་སྐབས་ཨ་མས་ཤ་ཟ་བ་ལས་ཚིལ་ཟ་མི་འདུག  ངས་ཨ་མ་ལ་ཁྱོད་ཀྱིས་ཤ་ལས་ཚིལ་མི་ཟ་བ་ཅི་ཡིན།  ཤ་དང་ཚིལ་གཉིས་ལ་ཁྱད་པར་ཅི་ཡོད་རེད་ཅེས་དྲིས།  ཨ་མས་ཤ་དང་ཚིལ་གཉིས་ཁ་ཁ་རེད་ཚིལ་ཟ་མང་ན་མཁྲིས་པ་རྒྱག་ཡོང་རེད་ཟེར།  ད་དུང་ཨ་མས་ངེད་ཚོས་ཤ་ཟ་དུས་ཁྱོད་ཀྱི་སེམས་ནང་ནས་ཅི་བསམ་ཡོང་འདུག་ཟེར།  ངས་ཨ་མ་ཁྱེད་ཚོ་ལ་དཔའ་ཅི་འདུག་བསམ་ཡོང་རུག་ཞུས། ཨ་མས་ང་ལ་ཤ་བྲོ་བ་ཞིམ་པོ་ཡོད་མ་རེད་གསུངས། ད་དུང་ཨ་མས་ང་ལ་ཁྱོད་ཤི་སོང་ན་ཤ་ཟ་མི་ཉན་གསུངས། ཨ་མས་ང་ལ་འགྲོ་བ་སེམས་ཅན་ལ་ཕན་ཐོག་ལེ་ཞིག་འཚར་ཡོང་ཤོག་ཅེས་གསོལ་འདེབས་སྨོན་ལམ་བྱས།  ངས་ཀྱང་ང་ཤི་སོང་ན་ཤ་མི་ཟ་བསམ་ནས་ངས་ཀྱང་འགྲོ་བ་སེམས་ཅན་ལ་ཕན་ཐོག་པར་ཤོག་བསམ་ནས་གསོལ་འདེབས་བྱས།

ཐོས་གྲོལ་བཏོན།

དགེ་འདུན་ཆོས་འཕེལ།

ད་ནངས་ང་ཡར་ལངས་ནས་སྒོ་ལ་སོང་གནམ་ལ་སྤྲིན་མི་འདུག་གནམ་གཤིས་ཧ་ཅང་བཟང་། ང་སེམས་དགའ་ནས་ཐོས་གྲོལ་བཏོན། ཁྱི་གུ་ཞིག་ངའི་རྩར་ཐོན་འདུག་ངས་ཐོས་གྲོལ་སྐད་བཀྱགས་ནས་བཏོན་ན་ཁོས་གོ་རེད་བསམ་ནས་བཏོན།ཁོས་ཀྱང་ཉོན་ནས་འདུག་ང་ཧ་ཅང་དགའ།

དཔེ་ཆ་བཀླགས་པའི་མྱོང་ཚུལ།

ཀུན་དགའ་མཁྱེན་རབ།

གནམ་གཤིས་བཟང་དེ་རིང་ཨ་ཅེས་ང་ལ་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཟེར་བའི་དཔེ་དེབ་གཅིག་བསྟན་བྱུང་།  དེའི་ནང་དུ་རྩོམ་པ་པོས་མི་ལུས་ཐོབ་རྒྱུ་ཤིན་ཏུ་དཀའ་ཚུལ་བཤད་འདུག  ངས་དེ་ནི་བདེན་པ་རེད་འདུག་བསམ།

ཁ་བའི་ཁྲོད་ཀྱི་དུད་འགྲོ།

      ཤེས་རབ་དཔལ་བཟང་།

དེ་རིང་སྔ་དྲོར་ཨ་ཕས་ཟ་མ་ཞིམ་པོ་ལས་འདུག    ངས་ཟ་མ་ཟོས་ནས་སྒོ་རུ་གཅིན་གཏང་དུ་སོང་དུས་ངེད་ཚང་གི་ར་བའི་ནང་དུ་རྟ་གཅིག་འཛུལ་འདུག    ང་ད་ལོ་ཁ་བ་མང་པོ་ཆགས་འདུག་རྟ་འདིས་རྩྭ་ཟ་རྒྱུ་མ་རྙེད་ནས་འཛུལ་ཡོང་རེད་བསམ་ནས་སྒོར་མ་ཕུད་ནས་བསྐྱུར་བཞག  དེ་ནས་ཨ་ཕས་ང་ལ་ལས་བྱ་བྲིས་ཟེར། ངས་ལས་བྱས་བྲིས་ནས་ཚོགས་པའི་ནང་དུ་བསྐུར།

ཆོས་གྲོགས་དང་དགེ་རྒན་རྣམས་དྲན།

        པདྨ་ཟིལ་གནོན།

དེ་རིང་ཕྱི་དྲོར་ཆོས་འཕེལ་ལགས་ཀྱིས་གྲྭ་ཆུང་རྣམ་པ་བོད་ཚེས་བཅུ་དྲུག་གི་ཕྱི་དྲོར་དགོན་དུ་ཕེབས་ཐུབ་པ་གྱིས་ཤོག་གསུངས་ཁྱིམ་བདག་ཚོགས་པའི་ནང་གསུང་བཤད་གནང་འདུག་ང་ཧ་ཅང་དགའ།  ཅུང་ཙམ་རེད་དུས་ཨ་ཕས་ཆོས་འཕེལ་ལ་ཁ་པར་གཏང་ནས་ངེད་རྣམས་ཡོང་དགོས་ཨེ་རེད་ཅེས་དྲིས་པ་ཡིན། ཁོང་གིས་གྲྭ་ཆུང་རྣམས་གནས་སྐབས་ཕེབས་མི་དགོས་གསུངས་ཟེར།  ང་སེམས་ཧ་ཅང་སྡུག་ངས་ཆོས་གྲོགས་དང་དགེ་རྒན་རྣམས་ཧ་ཅང་དྲན།

ངས་དེ་རིང་ལག་པ་བཀྲུ་ལུགས་ཤེས།

        ལུང་རིགས་བློ་བཟང་རྒྱ་མཚོ། རུས་གླེ།

ཉི་མ་དྲོ། ངས་དེ་རིང་ལག་པ་བཀྲུ་བའི་གོ་རིམ་བདུན་ཡོད་པ་ཤེས།  དང་པོ་ལག་པ་མཐིལ་གྱིས་ལག་པའི་མཐིལ་འཕུར་བ།  མཛུབ་མོ་རྣམས་སྦྲེལ་མར་འཕུར་བ།  མཛུབ་མོ་རྣམས་སྦྲེལ་མར་སྤྲད་ནས་ལག་མཐིལ་གྱིས་ལག་པའི་རྒྱབ་ཕན་ཚུན་འཕུར་བ།  ལག་གཉིས་ཀྱིས་མཛུབ་མོའི་ཚིག་རྣམས་ཕན་ཚུན་འཕུར་བ། མཛུབ་མོའི་རྩེ་མོའི་ལག་མཐིལ་ཕན་ཚུན་འཕུར་ནས་བཀྲུ་བ། མཐེ་བོང་གཉིས་འཕུར་ནས་བཀྲུ་བ།  ལག་གཉིས་ཕན་ཚུན་མཁྲིག་མ་དང་ལག་ངར་གྲུ་མོ་སོགས་ནས་འཕུར་ནས་བཀྲུ་བ་བཅས་ཡིན།

བསྟན་འགྲོ་ལ་ཕན་ཐོག་པའི་སྨོན་ལམ་བརྒྱབ།

        ཀུན་མཁྱེན་ཟླ་བ།

དེ་རིང་གི་གནམ་གཤིས་སྡུག  ད་ནངས་ཡར་ལངས་ནས་བསྐོར་བ་བསྐོར་དུ་སོང་། ངས་ང་རྫོགས་ཆེན་དགོན་པའི་བསྟན་པ་ལ་ཕན་ཐོག་ལེ་ཞིག་དང་སེམས་ཅན་ལ་ཕན་ཐོག་ལེའི་ཞིག་འཚར་དགོས་བསམ་ནས་གསོལ་འདེབས་བྱས།  དེ་ནས་ཤེས་རབ་བློ་འཕེལ་གྱིས་སྤྲང་པོ་ལ་སྦྱིན་པ་གཏོང་གིས་འདུག  ངས་ཁོ་མི་བྱམས་སེམས་ཅན་ཞིག་འདུག་བསམ།  དེ་ནས་ཡང་སོང་བའི་ལམ་ནས་མཛོ་ཞིག་ལ་ཐུག་ངས་དུད་འགྲོ་སྡུག་དེ་བསམ་ནས་བསྔོ་བ་བྱས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*