


དེ་རིང་བོད་ཟླ། ༢ ཚེས། ༡༢ ཉིན་༧དཔལ་ས་སྐྱ་གོང་མ་ལྔའི་ཡ་གྱལ་རྡོར་འཛིན་བྱེ་བའི་ཀུན་གྱི་གཙུག་རྒྱན་༧ རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་དགོངས་རྫོགས་དུས་མཆོད་དུ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ཞེ་གཅིག་པ་ཆེན་པོ་མཆོག་དང་དཔལ་ས་སྐྱའི་༧སྐྱབས་མགོན་ཁྲི་འཛིན་ཞེ་གཉིས་པ་དང་ཁྲི་འཛིན་ཞེ་གསུམ་པ་མཆོག༧སྐྱབས་རྗེ་འཁོན་གདུང་ཨ་བྷི་ཀྲི་ཏ་རིན་པོ་ཆེ་མཆོག་རྒྱས་འཛོམས་དབུ་བཞུགས་ཐོག་དགེ་འདུན་འདུས་ཚོགས་ནས་བླ་མའི་རྣལ་འབྱོར་བླ་མཆོད་གསུངས་གནང་མཛད་འདུག དེ་བཞིན་དུ་དེ་རིང་༧ སྐྱབས་རྗེ་འཁོན་གདུང་ཨཱ་ཀཱ་ཤ་བཛྲ་རིན་པོ་ཆེའི་འཁྲུངས་སྐར་གྱི་ཉིན་མོར་རིན་པོ་ཆེ་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་ཅིང་གསན་བསམ་ཉམས་བཞེས་མཐར་ཕྱིན་པའི་ཕྱིར་འཁྲུངས་སྐར་རྟེན་འབྲེལ་མཛད་སྒོ་བཅས་རྒྱས་སྟོན་གནང་འདུག






དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།