གཞན་ལ་སྤྲོ་སྣང་སྟེར་ཐུབ་ན་བྱམས་བརྩེ་ཡིན་ཞིང་། རང་ལ་སྤྲོ་སྣང་སྟེར་ཐུབ་ན་ཤེས་རབ་ཡིན། 

༧ སྐྱབས་རྗེ་འཇམ་མགོན་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་གསུང་།

གཞན་ལ་སྤྲོ་སྣང་སྟེར་ཐུབ་ན་བྱམས་བརྩེ་ཡིན་ཞིང་། རང་ལ་སྤྲོ་སྣང་སྟེར་ཐུབ་ན་ཤེས་རབ་ཡིན།
གལ་སྲིད་བློ་རྨོངས་པའི་འདུན་དེ་མེད་ན། ཡིད་ཆད་པའི་བློ་ཕམ་དེ་ཡོང་མི་སྲིད།
སྤྱི་ཚོགས་ཀྱིས་འཁྲབ་སྟོན་པར་གཅེས་སུ་འཛིན་ཡང་། རྒྱུ་འབྲས་ཀྱིས་དྲང་བདེན་གྱི་མི་ལ་སྡུག་པོ་གཏོང་མི་སྲིད།
གཞན་གྱི་བདེ་སྐྱིད་ལ་ཡིད་སྨོན་འཆོར་བ་ལས། རང་གི་བདེ་སྐྱིད་ལ་ཆོག་ཤེས་བཟུང་ན་དགའ།
སྒོར་མོ་ཉིན་རེ་བཞིན་ཉུང་འགྲོ་བ་ལ་སེམས་ཁུར་བྱེད་ལ། ཚེ་སྲོག་ཉིན་རེ་བཞིན་ཉུང་འགྲོ་བ་ལ་ཡིད་འཇོག་མེད་པ་ཅི་ཡིན་ནམ།
རང་ལ་ཁ་ཡ་བྱེད་འདོད་མེད་པའི་མི་དེ་ལ་ཁྱོད་ཀྱིས་ནམ་ཡང་སུན་པོ་མ་བཟོ། རྒྱུ་མཚན་ནི་ཕ་རོལ་བོའི་སེམས་ནང་གི་མི་དེ་ཁྱོད་མ་ཡིན་ནོ།།
ང་འཆི་བ་ངས་ཁས་ལེན་ལ། ནམ་འཆི་ངེས་མེད་ཡིན་པའང་ཁས་ལེན།
གཞན་གྱིས་ཁྱོད་ལ་སྡུག་བསྔལ་བསྐྱེད་པ་མ་ཡིན་པར། ཁྱོད་ཀྱིས་རང་ཉིད་ལ་སྡུག་བསྔལ་བཟོས་པ་རེད།
ང་ཚོ་ཀུ་རེ་ལྟ་བུའི་འཁོར་བ་འདིར་འཚོ་བཞིན་ཡོད་ཙང་། ཧ་ཅང་ནན་ཏན་ཡིན་ཁུལ་གྱིས་རང་གིས་རང་ལ་གཟེབ་དྲྭ་བཟོ་དགོས་དོན་མེད།
འཚོ་བ་ནི་གལ་ཆེ་ན་ཡོང་། བདེན་པ་བདེན་དྲང་གིས་འཚོ་རྒྱུ་ནི་དེ་ལས་ཀྱང་གལ་ཆེ།
སློབ་སྦྱོང་ཤེས་པ་དེས་གཞན་ལ་མཐོང་ཆུང་བྱེད་རྒྱུ་དང་། ང་རྒྱལ་ཆེ་རུ་སོང་ན། དེ་ལས་སློབ་སྦྱོང་མ་ཤེས་ན་ཡག་ཤོས་རེད།
༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*