


དེ་རིང་སྤྱི་ལོ་༢༠༢༢ ཟླ་བ་༤ པའི་ཚེས ༡༩ བོད་ཟླ་ ༢ ཚེས་ ༡༢ ཉིན་ལ། རྡོར་དྲིལ་བྱེ་བ་ཀུན་གྱི་གཙུག་རྒྱན་༧ རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་མཆོག་མཁའ་སྤྱོད་ཞིང་ཁམས་སུ་གཞན་དོན་དུ་ཕེབས་ནས་ལོ་ཧྲིལ་བོ་ ༨༠༦ འཁོར་བའི་རྗེས་དྲན་གྱི་ཉིན་མོར་བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་སྔགས་འཆང་བླ་མ་༸དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག ་༸སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག ༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་གཉུག་མ་གནས་པའི་འཕགས་ཚོགས་འདུས་པ་རྒྱ་མཚོས་བླ་མཆོད་ཀྱི་ཆོ་གའི་སྒོ་ནས་རྒྱས་འཛོམས་ཐོག་ཚོགས་གནང་འདུག


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།