༧སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་ཀཱ་ལི་སྤུངས་སུ་ཆིབས་བསྒྱུར་གནང་འདུག

༧སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་ཟླ་བ་༤་པའི་ཚེས་ ༢༦ ཉིན་གྱི་ཞོགས་པ་རྡ་ར་ལྡུན་ནས་Bagdogra གནམ་ཐང་བརྒྱུད་ཆིབས་བསྒྱུར་སྐབས་སུ་བྱང་ཤར་ས་གནས་ཀཱ་ལི་སྤུངས་ས་གནས་སུ་ཆིབས་བསྒྱུར་གནང་།  སྐབས་དེར་ས་གནས་འགོ་འཛིན་དང་དགོན་སྡེ་ཁག་དང་ཚོགས་སྡེ་ཁག་ནས་ཕེབས་བསུ་ཆེད་བཅར་དང་གཉུག་མ་གནས་པའི་དགེ་འདུན་པ་ཚོས་སེར་སྦྲེངས་བསྒྲིགས་ནས་ཕེབས་བསུ་དང་སྦྲགས་ཀཱ་ལི་སྤུངས་དཔལ་ས་སྐྱའི་དགོན་པར་ཆིབས་བསྒྱུར་ཞབས་སོར་བདེ་བར་འཁོད།

ཕྱི་ཟླ་ ༤ ཚེས་༢༧ ནས་དེ་རིང་ཚེས་ ༢༩ བར་ཉིན་གྲངས་གསུམ་གྱི་རིང་༧སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་པ་དབུ་བཞུགས་ཐོག་མཁན་སྤྲུལ་དང་དགེ་འདུན་འདུས་སྡེ་ཡོངས་ནས་སྲུང་མའི་འཕྲིན་བཅོལ་འབུམ་ཐེར་འཚོགས་གནང་འཆར་ཡོད་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*