སྤྱི་ལོ་༢༠༢༢ བོད་ཟླ་༢ ཚེས་༣༠། སྤྱི་ཟླ་༤ ཚེས་༣༠ སྟེ། དུས་བཟང་ཁྱད་པར་ཅན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་འཇམ་མགོན་བློ་གཏེར་དབང་པོའི་དྲན་གསོའི་ཉིན། འདུལ་འཛིན་བྱེ་བའི་གཙུག་རྒྱན། སེམས་དཔའ་ཀུན་གྱི་རྣལ་འཕྲུལ། རིག་འཛིན་བྱེ་བའི་རིགས་བདག མདོ་རྒྱུད་གདམས་ངག་སྨྲ་བའི་དབང་ཕྱུག ངོར་ཆེན་རྒྱལ་བའི་རྒྱལ་ཚབ་དྲིན་ཆེན་རྩ་བའི་བླ་མ་༧སྐྱབས་རྗེ་ཤར་ཆེན་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་གི་ཞབས་པད་དྲུང་དུ་༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་དང་༸སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་བཅས་ཀྱིས་ཟབ་མོ་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་བཀའ་ཁྲིད་ཟབ་མོ་གནང་འདུག
རྩོམ་སྒྲིག་པ་གདོང་མཁན།
རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།