༧ སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་སྤི་ཏི་ཕྱོགས་སུ་བཀའ་ཆོས་གནང་རྒྱུ།

༧ དཔལ་ངོར་ཆེན་རྒྱལ་བའི་རྒྱལ་ཚབ། ངོར་ཨེ་ཝཾ་ཆོས་ལྡན་ཆེན་པོའི་མཁན་རབས་ ༧༧ པ་ ༧སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ལ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁོང་གཏོགས་སྤི་ཏི་ས་སྐྱ་སྟེང་རྒྱུད་དགོན་གྱི་འདུས་མང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་དོན་བཞིན། འདི་ལོ་ཕྱི་ཟླ་ ༦ པའི་ཚེས་ ༡༩ ནས་ ཕྱི་ཟླ་ ༧ པའི་ཚེས་༧ བར།   སྤྱི་ཏི་ལྗོངས་སུ་ཕེབས་ཏེ ༼ངན་སོང་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་བཀའ་དབང་།༽ བཀའ་ཆོས་གནང་རྒྱུ་ཡིན་པ་མ་ཟད།  དེ་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ཀྱང་གཅིག་གནང་རྒྱུ་ཡོད་འདུག་པས།  དད་ལྡན་མང་ཚོགས་ནས་དེ་ལུགས་ཐུགས་འཇགས་ཞུ། 

གསལ་བཤད། ཕྱི་ཟླ་ ༦ པའི་ཕྱི་ཚེས་ ༢༡ སྟེ་གྲུབ་ཆེན་བིར་ཝ་པའི་དུས་ཆེན་ཉིན་སྦྱོང་རྒྱུད་ཀྱི་བཀའ་དབང་གི་སྟ་གོན་བཀའ་དྲིན་སྩལ་གནང་མཛད་རྒྱུ་ལགས་ན་བཀའ་དབང་ཞུ་འདོད་ཡོད་རིགས་རྣམས་ནས་ངེས་པར་དུ་སྟ་གོན་གྱི་བཀའ་དབང་ཞུ་རྒྱུར་ཐུགས་སྣང་གནང་དགོས། ཕྱི་ཚེས་ ༢༢ ནས་ཉིན་གྲངས་ ༡༢ རིང་སྦྱོང་རྒྱུད་ཀྱི་བཀའ་དབང་གི་དངོས་གཞི་དབུ་འཛུགས་རྒྱུ་རེད་འདུག 

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*