༧ པཎ་ཆེན་དང་ས་སྐྱ་གཉིས་ལས་ས་སྐྱ་ཆེ་བ་རེད།

༧བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་ཀྱིས་ས་སྐྱ་གོང་མ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་གོ་གནས་ཀྱི་ཐོག་ནས་གསུང་གླེང་གནང་བ།
རིག་གནོད་ཀྱི་སྒྲ་ཕབ་ཞུས།
སྤྲུལ་སྐུའི་གྲས་རིམ་པ་མཐོ་ཤོས་དེ། པཎ་ཆེན་དང་ས་སྐྱ་གཉིས་པོ་དེ་ལ་རིམ་པ་མཐོ་རིམ་དེ་ལ་དཔྱད་པ་མང་པོ་བྱས་ཡོད་རེད། དུས་རྒྱུན་ང་ཚོ་ཡོངས་གྲཊ་ལ། རྒྱལ་བ་དང་པཎ་ཆེན་ཟེར་ནས་རིམ་པ་དང་པོ་དང་རིམ་པ་གཉིས་པའི་ཟོལ་འདྲ་ཞིག་རེད་དེ། ཡིན་ན་ཡང་། ཕྱོཊ་གཞན་དག་ནས་བྱས་པ་ཡིན་ན། པཎ་ཆེན་རིན་པོ་ཆེ་རྒྱལ་བ་རིན་པོ་ཆེ་མཇལ་ཁར་ཕེབས་དུས་རྒྱལ་བ་རིན་པོ་ཆེ་བཞུཊ་ཁྲི་ཁར་ཡར་བཞེངས་ནས་པཎ་ཆེན་དང་ཕན་ཚུན་མཇལ་དར་གནང་རེས་དེ་འདྲ་རེད། ས་སྐྱ་ཕེབས་དུས་རྒྱལ་བ་རིན་པོ་ཆེ་བཞུཊ་ཁྲི་ལས་མར་བབས་ཏེ་ཁྲིའི་ཞབས་མཇལ་དར་ཕན་ཚུན་ཕུལ་རེས་གནང་བ་དང་མཇལ་ཕྲད་ཞུ་བ་དེ་འདྲ་རེད། དེ་གཉིས་སྐུ་བསོད་ཆེ་ཆུང་དང་གུས་ཞབས་ཆེ་ཆུང་གི་ཐོག་ནས་བྱས་ན་ས་སྐྱ་ཆེ་བ་རེད། གཅིག་དེ་རེད། གཉིས་ནས། རྣམ་པ་གཉིས་ཆར་བཞུཊ་ཁྲིའི་ཐོག་བཞུཊ་ཚར་དུས་སྐབས་ལ། གསོལ་ཇ་དེ་བོད་པས་སྔོན་མར་རྙེད་པ་འདྲ་གཅིག་བྱས་ན་ཅལ་ཟིང་པོ་འདྲ་ཁེ་མཚར་འདྲ་རེད། ཁྱེད་རང་ཚོ་གཞོན་པ་རྣམས་ཀྱིས་གཟིཊ་དུས་ཁེ་མཚར་པོ་མཐོང་རེད། པཎ་ཆེན་དང་རྒྱལ་བ་རིན་པོ་ཆེ་གཉིས་གསོལ་ཇ་བཞེས་དུས་ཇ་དེམ་གཅིག་གི་ནང་ནས་གསོལ་ཇ་མཉམ་དུ་ཁུར་ནས་དྲངས་དགོས་པ་རེད། སྔོན་མར་རྒྱལ་བ་རིན་པོ་ཆེར་དྲངས། དེ་ནས་པཎ་ཆེན་ལ་དྲངས་དགོས་པ་དེ་འདྲ་རེད། སྔོན་གསོལ་ཇ་དཀྱེ་དུས་སྐབས་ལ་འདྲེན་ཡུལ་ཆེན་མོ་ཇ་སྣེ་ཁྲིད་ཟེར་འདྲེན་ཡུལ་ཆེན་མོ་སྔོན་དུ་ཕེབས་ནས། དེ་ནས་དཔོན་པོ་སྐུ་གཞོན་པ་གསོལ་དཔོན་སྐུ་གཞོན་པ་དེས་ལག་གཉིས་གནམ་ལ་བཏེག་སྟེ་འཁུར་ནས། དཔོན་པོ་སྐུ་བགྲེས་པར་ཕུལ། དཔོན་པོ་སྐུ་བགྲེས་པར་གསོལ་ཇ་དྲངས། དེའི་ཞོར་དུ་པཎ་ཆེན་ལ་གསོལ་ཇ་དྲངས་དགོས་པ་དེ་འདྲ་གནང་དགོས་པ་རེད། ད་ས་སྐྱ་ཕེབས་པ་ཡིན་ན་ས་སྐྱ་བཞུཊ་ཁྲིར་བཞུཊ་ཚར་དུས། གཞུང་གི་འདྲེན་ཡུལ་ཆེན་པོ་གསོལ་ཇ་འདྲེན་མཁན་མར་ལོག་ནས་ས་སྐྱ་འགྲོ་མཁན་ཇ་སྣེ་ཁྲིད་ཟེར་ཁོ་དེམ་ཁ་ཚང་ཡོད་རེད། ཁོ་དེམ་ཟུར་དུ་རེད། དེ་ཡིན་དུས་ཐོབ་ཐང་དེ་ཧ་ལམ་མ་སོང་ན་གཅིག་འདྲ་མཉམ་ཟེར་བ་འདྲ་བོ་བེད་སྤྱོད་བཏང་རེད། དེ་ཡིན་དུས་སྐབས་ལ། དེའི་ལྟ་ཚུལ་ག་འདྲ་རེད་ཟེར་ན། སྔོན་མར་ས་སྐྱས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་གནང་བ་རེད་ཨ། པཎ་ཆེན་གྱིས་བོད་ཆོལ་ཁ་གསུམ་དབང་བསྒྱུར་གནང་ཡོད་མ་རེད་ཨ། དེའི་ལྟ་ཚུལ་ཡིན་ས་རེད། དེ་འདྲའི་ཐོག་བྱས་དུས་ཁོང་རང་གཉིས་མཐོ་དམན་ཐོག་བཤད་ན་རྩ་བའི་སྔོན་མའི་གདན་ཐོག་དང་འགྲོ་དོན་བྱས་ན་པཎ་ཆེན་ལས་ས་སྐྱ་མཐོ་དགོས་པ་རེད། ད་ཡིན་ན་ཡང་པཎ་ཆེན་སྐུ་ཕྲེང་འགའ་རྒྱལ་བ་རིན་པོ་ཆེའི་དབུ་བླ་ཡིན་པ་དང་། ང་ཚོ་དགེ་ལུཊ་པའི་ཐོག་ནས་ཤུཊ་ཆེན་དུ་མ་སོང་ན་ཆེན་པོ་ཞིག་ཐེ་སུ་ཡོད་པ་བཅས་པཎ་ཆེན་རིན་པོ་ཆེ་ཅིག་ཏོག་ཙམ་ཆེ་བ་ཡིན་པའི་ཟོལ་འདྲ་རྣམ་བཞག་ཆཊ་བསྡད་ཡོད་རེད་མ་གཏོཊ་སྔོན་མ་འགྲོ་སྟངས་བྱས་ན་དེ་འདྲ་ཡིན་ས་མ་རེད།
ལྷ་སའི་གསར་འགོད་པ་ཞིག་གིས་བྲག་གཡབ་སྐྱབས་མགོན་ལ་བཅར་འདྲི་བྱས་པ་དག་ཡི་གེར་ཕབས་པ་ཞིག་རེད།
ད་ལྟའི་ལམ་ལུགས་འདི་དགེ་ལུཊ་པས་བོད་ལ་དབང་བསྒྱུར་བྱེད་དུས་བར་མཚམས་ཤིག་ལ་འདིའི་འགྲོ་ལུཊ་རང་ཆཊ་ཡོད་པ་འདྲ། གང་ལྟར་ཤེས་དགོས་པའི་གནས་ཤིག་ཏུ་བསམས་ནས་སྒྲ་ཕབས་བྱས་ཡིན། ཕབ་སྒྱུར

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*