ཕྱེད་ཀ་ནི་སྐྱོ་གདུང་ངོ་།

— རང་དང་གྱེས་སོང་བའི་ཕ་དམ་པ་དེའི་རྗེས་དྲན་ལ་ཕུལ།

སད་སྐལ། «གཅུང་པ།»

སྙིང་ཉེ་བའི་མི་ལགས།
ལོ་ངོ་མང་པོ་འདས་པའི་རྟིང་འདིར།
ང་སླར་ཡང
ཁྱོད་དྲན་པའི་ཉི་ཟེར་ལ་འཁྱུད་ནས།
མྱང་ངམ་ཐང་ཆེན་མོའི།
ཚ་གདུང་གི་རླབས་ཀྱིས་ཡང་ཡང་སྒུལ།

སྙིང་ཉེ་བའི་མི་ལགས།
ལོ་ངོ་མང་པོ་འདས་པའི་རྟིང་འདིར།
ངས་ཡང་ནས་སྐྱར་དུ།
ཁྱོད་དྲན་པའི་བྱ་ཁྱུའི་འཕུར་སྟངས་ལ།
ཡིད་ཀྱི་མིག་ཟུང་ཅེར་ནས་དགུན་ཟླ་མང་པོ་འདས་ནས།
ནང་སེམས་ཀྱི་ནམ་མཁའ་འཁྱགས་པོར་བཏང་སོང་།

སྙིང་ཉེ་བའི་ལགས།
ལོ་ངོ་མང་པོ་འདས་པའི་རྟིང་འདིར།
ངས་ད་དུང་།
ཁྱོད་དང་བཀྱེད་ཚུལ་དྲན་གྱིན།
འཇིག་རྟེན་ཕ་རོལ་གྱི་མུན་པའི་སེང་རས་རལ་ཏེ།
ནམ་ཞིག་འདས་དུས་བཞིན།
ཁྱོད་དང་མཇལ་འཛོམས་ཨེ་ཡོད་དམ་བསམ་དུས།
མིག་གི་ཀོང་བུ་ལས།
མཆི་མའི་མར་ཁུ་རང་དབང་མེད་པར་བོ་སོང་།

Be the first to comment

Leave a Reply

Your email address will not be published.


*