༄༅། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་གྱི་ཚེ་དབང་བསྐུར་བའི་ཆོ་ག་ཚེ་སྲོག་རྡོ་རྗེར་སྒྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།།
༄༅། །ཧྲཱི༔ ཧྲཱི༔ ཧྲཱི༔
སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །
རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །
ཐང་སྟོང་རྒྱལ་པོར་གསོལ་བཏབ་བསླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །
བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །
ཨོཾ་ཨམཱརཎི་ཛཱིཝནྟི་གུརུ་པདྨ་ཀྲོདྡྷ་པུཎྱེ་ཛྙཱན་ཨཱཡུར་སི་དྡྷི་ཧྲཱི༔ ཧྲཱི༔ ཧྲཱི༔
དགེ་བ་འདི་ཡིས་མྱུར་དུ་བདག།། འཐང་སྟོང་རྒྱལ་པོ་འགྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། དེ་ས་ལ་འགོད་པར་ཤོག།
ཁ་རྩང་སཱུད་སིའི་གྲོང་ཁྱེར་ཝི་ཐཱེར་ཐུག་(Winterthur) ལ་༸སྐྱབས་མགོན་ས་སྐྱའི་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་མི་དམངས་ལ་
གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་དབང་བཀའ་དྲིན་སྩལ་རྗེས་འབྲེལ་ཡོད་འགས་རེ་སྐུལ་ལྟར་ཕར་ནང་ཚང་དཀོན་མཆོག་དར་རྒྱས་ནས་བྲིས་པ་དགེ །
Leave a Reply