དགའ་བ་དབྱར་གཞུང་གི་རྩྭ་ཐང་ཡིན་ན། །
ཕྱེ་ལེབ་དང་གཡུ་སྦྲང་གིས་གཤོག་ཟུང་ངོམ་དུས། །
སེམས་ཁུང་གི་མེ་ཏོག
ཁྱོད་ནི་ངའི་སེམས་ཀྱི་མེ་ཏོག་དམར་པོ་ཡིན། །
དུང་བ་དགུན་གསུམ་གི་ཁ་བ་ཡིན་ན། །
དྭངས་གཙང་གི་མཚོ་མོ་ལ་ཤེལ་དཀར་གི་གུང་ཁང་འཕུབ་དུས། །
སེམས་ཁུང་གི་མེ་ཏོག
ཁྱོད་ནི་ངའི་དྲོད་སྐྱིད་ཀྱི་ཉི་འོད་དམར་པོ་དེ་ཡིན།
རེ་བ་སྟོན་གསུམ་གི་འབྲས་བུ་ཡིན་ན། །
རི་ལུང་ཡོངས་སུ་གསེར་ལྡན་གི་ན་བཟའ་བཀླུབ་དུས། །
སེམས་ཁུང་གི་མེ་ཏོག
ཁྱོད་ནི་ངའི་ཡིད་ཆེས་ཀྱི་སྡོང་པོ་སེར་པོ་ཡིན། །
སྨོན་པ་དཔྱིད་གསུམ་གི་དཔལ་ཡོན་ཡིན་ན། །
ལྷ་བྱ་ཁུ་བྱུག་མོས་ནས་བསླེབས་དུས། །
སེམས་ཁུང་གི་མེ་ཏོག
ཁྱོད་ནི་ངའི་ལྗང་མདོག་གི་རྩ་ཐང་ཆེན་མོ་དེ་ཡིན། །
ཕར་ནང་ཚང་དཀོན་རྒྱས་ནས།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།