དཔལ་ས་སྐྱ་མཐོ་སློབ་ཀྱི་ལྔ་བཅུའི་དུས་དྲན་མཛད་སྒོ་ཉིན་གསུམ་པ་སྟེ། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡༠ ཕྱི་ཚེས་ ༢༧ ཉིན་རྒྱབ་ཏུ། འཇམ་མགོན་སྐུའི་ཡོངས་འཛིན། མཁས་དང་གྲུབ་པའི་དབང་ཕྱུག་༸སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་ངག་དབང་ཡོན་ཏན་བཟང་པོའམ་ཨ་པད་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤིན་ཏུ་རྒྱས་པ། <<དྭངས་བྱེད་ནོར་བུ་ཀེ་ཏ་ཀ>> ཞེས་ཞུ་བའི་པོད་ཕྲེང་ལྔ་ཅན་དེ་ཉིད། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་དབུ་འབྱེད་བཀའ་དྲིན་བསྐྱང་གཏན་ཁེལ་ཞིང་། མཛད་རྣམ་འདི་ཉིད་ནི། ༸མཁྱེན་རླབས་མཚུངས་ཟླ་མ་མཆིས་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་གིས་ལྗགས་རྩོམ་མཛད་པ་ལེགས་པར་གྲུབ་ནས། ད་ལན་ལྔ་བཅུའི་དུས་དྲན་དང་སྟབས་བསྟུན་ཏེ། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དང་། ས་པཎ་སྒྲ་བསྒྱུར་དང་ཉམས་ཞིབ་བསྟི་གནས་ཁང་གཉིས་ཟུང་འབྲེལ་གྱིས་དཔར་བསྐྲུན་གནང་འདུག
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply