༧ སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གསུམ་པས་རྒྱལ་ཡུམ་ཆེན་མོ་གླེང་བ།  

ཁ་སང་སྟེ་ཕྱི་ཟླ་ ༡༢ པའི་ཚེས་ ༩ ཉིན་སྡེ་དགེ་ཡུལ་དགོན་ཁག་ནས་རྒྱལ་ཡུམ་བཀྲིས་ལྷ་སྐྱིད་མཆོག་ལ་བཀྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བར་དགའ་བའི་རྗེས་སུ་ཡི་རངས་དང་། རྒྱལ་ཡུམ་མཆོག་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།

དེའང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཛྙཱན་བཛྲ་རིན་པོ་ཆེས་ཁྲི་སྟོན་མཛད་སྒོའི་བཀའ་སློབ་ནང་རྒྱལ་ཡུམ་མཆོག་གི་བཀྲིན་རྗེས་དྲན་དུ་འདི་ལྟར་༼ང་རང་སྒེར་གྱི་ངོས་ནས་རང་གི་སྐྱེད་མ་ཡིན་པའི་བཀའ་དྲིན་བསམ་ཤེས་ལས་འདས་པ་བསྐྱངས་པ་སྨོས་མེད་ཁར་མི་ཚེ་ཧྲིལ་པོར་བྱམས་བརྩེ་དང་ལམ་སྟོན་གནང་བའི་བཀའ་དྲིན་ཧ་ཅང་ཆེ་བ་ཡིན། དེར་མ་ཟད་ང་རང་ས་སྐྱ་པའི་བུ་སློབ་ཞིག་ཡིན་པའི་ཆ་ནས་ཞུས་ནའང་རྒྱལ་ཡུམ་མཆོག་ནས་འདས་པའི་མི་ལོ་ ༥༠ མ་ཟིན་ཙམ་རིང་ལོ་དང་ཟླ་བ་བསྟུད་ནས་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཉིན་རེའི་སྐུ་གཟུགས་འཕྲོད་བཞེས་ལ་ཐུགས་འཁུར་བླ་ན་མེད་པ་བཞེས་པ་དང་། དེ་བཞིན་ཕྱི་ནང་གི་མཛད་འཕྲིན་རྣམས་ལ་དབུ་འོག་དཔུང་འདེགས་ཀྱིས་ས་སྐྱ་པའི་བསྟན་པའི་འཁུར་ཆེན་བཞེས་པའི་མཛད་རྗེས་མངོན་པར་མཐོ་བ་དེར་ངས་ཀུན་གྱི་ཚབ་བྱས་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་འདོད་བྱུང་།༽ ཞེས་གསུངས་གནང་འདུག 

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*