༧ སྐྱབས་མགོན་གོང་མ་ཁྲི་འཛིན་ ༤༣ པས་བཀའ་ཆོས་དབུ་ཚུགས་གནང་འདུག

དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་༧དཔལ་ས་སྐྱ་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་གཙུག་ལག་ཁང་ཆེན་པོའི་ནང་དུ།  ༧ སྐྱབས་མགོན་ས་སྐྱ་༧ གོང་མ་ཁྲི་འཛིན་༤༣  པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་ཞལ་ནས་བ་རི་བརྒྱ་རྩའམ་སྒྲུབ་ཐབས་བརྒྱ་རྩ།  དེ་ཡང་བླ་མ་བ་རི་ལོ་ཙཱ་བས། རྡོ་རྗེ་གདན་པ་ཆེ་ཆུང་དང་། བརྡ་བྱང་ཆུབ་སེམས་དཔའ་དང་། ཤཱི་ལ་ཀ་ར་དང་།བཻ་རོ་ཙ་ན་རཀྵི་ཏ་དང་ལྔ་ལས་ཞུས་ནས་བོད་དུ་བསྒྱུར་བ། འདི་བཞིན་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་བཀའ་བབས་པའི་སྒྲུབ་ཐབས་བརྒྱ་རྩར་གྲགས་པ་བཅས་བཀའ་ཆོས་དབུ་ཚུགས་གནང་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*