༧སྐྱབས་མགོན་ས་སྐྱ་གོང་མ་ཁྲི་འཛིན་ ༤༣་པ་རྒྱ་གར་ཆིབས་བསྒྱུར་གནང་བ།

ཉེ་ཆར་སྤྱི་ལོ ༢༠༢༣།༣།༢༧་ཆུ་མོ་ཡོས་ལོའི་དབོ་ཟླའི་ཡར་ཚེས་༦ ཉིན། སྐྱབས་མགོན་གོང་མ་ཁྲི་འཛིན ༤༣་པ་མཆོག་གིས་བྷ་ཡོ་ཀུ་སུ་མ་ཆོས་ཚོགས་མཀ་ཝན་པུར་ཧེ་ཊོ་ཌ་རུ་མི་མང་ལ་ཚེ་དབང་། བཀའ་སློབ་ལམ་སྟོན་དང་མཇལ་ཁ་བཅས་བཀའ་དྲིན་བསྐྱངས་གནང་དང་སྦྲགས།  ཕྱི་དྲོའི་གནམ་གྲུ་བརྒྱུད་རྒྱལ་ས་ཀཋ་མན་ཌུར་ཆིབས་བསྒྱུར་གནང་འདུག

ཕྱི་ཟླ་༣པའི་ཚེས་༢༨ཉིན་སྔ་དྲོ་ལ། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག་ས་སྐྱ་བཙུན་མའི་དགོན་དུ་གང་བློ་མའི་ལྗགས་ལུང་དང་སྒྲོལ་མའི་ལྗགས་ལུང་དང་། ༼དེང་དུས་ཤེས་ཡོན་གྱིས་གནའ་རབས་ནང་ཆོས་ཀྱི་གཟི་བརྗིད་སྔོན་དུ་ཇི་ལྟར་བཏོན་ཐབས་༽དང་ཐོག་ལམ་སྟོན་བཀའ་སློབ་གནང་བ་དང་བཀའ་བསྒོ་གནང་།  ཉིན་རྒྱབ་ཆུ་ཚོད་༣:༣༠ནས་དོལ་པོ་བན་ཚང་སློབ་གྲྭར་ཞབས་སོར་བཀྲིན་བསྐྱང་སྟེ་སློབ་ཕྲུག་རྣམས་ལ་༼མི་ཚེ་གཅིག་འདིའི་ནང་མི་གཞི་བཟང་པོ་ཇི་ལྟར་བཟོ་དགོས་དང་༼མི་ཞིག་ལ་མཚོན་ན་ཤེས་ཡོན་དང་རིག་གཞུང་གལ་གནད་ཆེ་བའི་༽ཐོག་བཀའ་སློབ་ལམ་སྟོན་དང་། གང་བློ་མའི་ལྗགས་ལུང་། ཕྲུ་གུའི་ཕ་མ་དང་ཁྱིམ་མཚེས་རྣམས་ལ་བཀའ་བསྒོ་བཀྲིན་བསྩལ།

ཕྱི་ཟླ་༤ ཚེས་༡ ཉིན་གྱི་སྔ་དྲོའི་ཆར་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་༤༣པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་བལ་ཡུལ་མཆོད་རྟེན་ཆེན་མོའི་ཉེ་འདབས་སུ་ཡོད་པའི་བྱིས་པའི་ལྡུམ་རྭ་ཞེས་པའི་སྔོན་འགྲོ་སློབ་གྲྭས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སློབ་གྲྭའི་ལོ་རེའི་སློབ་ཐོན་མཛད་སྒོར་ཞབས་སོར་འཁོད་དེ་འཇམ་བསྟོད་གང་བློ་མའི་ལྗགས་ལུང་དང་། དགེ་ལས་ཕ་མ་སློབ་ཕྲུག་རྣམས་ལ་བླང་དོར་བཀའ་སློབ་ཟབ་མོ་སྕལ་གནང་མཛད་པ་དང་། དེ་རྗེས་ཉེ་འགྲམ་དུ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སྡོད་ཁང་ཞིག་ལའང་ཐུགས་བརྩེ་བ་ཆེན་པོས་ཁྱུག་ཙམ་གཟིགས་སྐོར་གནང་འདུག

ཕྱི་ལོ་༢༠༢༣-༠༤-༢ ཞོགས་པ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་༤༣པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་བལ་ཡུལ་རྒྱལ་ས་ཀཋ་མཎ་ཌུ་ནས་ཆིབས་ཞལ་བསྒྱུར་ནས་ཕེབས་གྲོའི་ནང་ཚོུད་དྲུག་ཙམ་ཕེབས་རྗེས་ཡོལ་མོའི་ཡུལ་ཕྱོགས་ཀྱི་བོལ་གའུང་ཞེས་པའི་ཡུལ་ལུང་གངས་རིའི་སྐོར་ཞིང་ཉམས་དགའ་བར་ཆིབས་བསྒྱུར།

ཕྱི་ལོ་༢༠༢༣ ཟླ་༠༤ཚེས་༠༣ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་༤༣ པ་མཆོག་ནས་ཡོལ་མོ་བོལ་གའུང་དང་སྣང་བརྒྱད་གངས་ཞེས་པར་འདི་གའི་མི་མང་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་གནང་དང་མ་ཎི་ལྗགས་ལུང་། བཀའ་བསྒོ་དང་བཀའ་སློབ་བཅས་བཀྲིན་བསྩལ།

ཕྱི་ལོ་༢༠༢༣ ཟླ་༠༤ ཚེས་༠༦ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་ས་གཞི་སྤུར་ཝ་ལ་གཞི་ཆགས་ནས་ཇི་ལྟར་རིང་ནས་གསོལ་བ་བཏབ་པ་ལྟར་རིན་པོ་ཆེ་མཆོག་ནས་འདི་གའི་མི་མང་ལ་ཚེ་རྟ་ཟུང་འབྲེལ་གྱི་ཚེ་དབང་དང་། གསུང་ཆོས་བཀའ་སློབ་བཅས་བཀྲིན་བསྩལ།

ཕྱི་ཟླ་༠༤པའི་ཚེས་༠༤ ཉིན་དགེ་བར་ཆུ་ཚོད་༩:༤༥ ཐོག་འཕགས་པ་ཤིང་ཀུན་ཉེ་འགྲམ་ལ་ཆགས་པའི་རྣམ་རྒྱལ་སློབ་གྲྭ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མཆོད་རྟེན་ལ་རབ་གནས་དང་། སློབ་ཕྲུག་རྣམས་ལ་བཀའ་སློབ་ལམ་སྟོན་མཛད།  ཆུ་ཚོད་བཅུ་པའི་ཐོག་ཉི་ཤང་ཁང་གསར་སྐྱིད་སྡུག་ཚོགས་པས་གོ་སྒྲིག་གནང་སྟེ་(བུདྡྷ་པརྐ་)དུ་མི་མང་ལ་ཕུར་པའི་གཏོར་དབང་དང་བཀའ་སློབ་ལམ་སྟོན་བསྩལ། དེ་ནས་འཕགས་པ་ཤིང་ཀུན་རང་བྱུང་མཆོ་རྟེན་གནས་མཇལ་ཅེས་ཀྱིས་ད་ལོའི་བལ་ཡུལ་ཁུལ་གྱིས་བསྟན་འགྲོའི་དོན་རེ་ཞིག་བཀྲིས་པའི་ངང་ལེགས་པར་གྲུབ། དགོང་དྲོ་ཆུ་ཚོད་༩:༣༥ལ་རྒྱ་གར་གནམ་གྲུ་ནས་ཆིབས་ཞལ་བསྒྱུར་གནང་བ་སོགས་ཀྱི་བཀའ་ཆོས་གནང་ཡོད་འདུག

ཁ་རྩང་སྤྱི་ཚེས་༡༩ ཉིན་རྒྱ་གར་ལྡི་ལུར་ཆིབས་བསྒྱུར་གནང་བ་དང་ཚེས་༢༠་ལྡི་ལིར་རྒྱལ་སྤྱིའི་ནང་པའི་ཚཽགས་ཆེན་ཐོག་ཏུ་ནས་སྐྱབས་རྗེ་བྱམས་མགོན་སི་ཏུ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་འབྲི་གུང་རིན་པོ་ཆེ་ལྷན་ཞལ་འཛོམས་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*