བདེ་ལེགས་ཤིགས།

གསེར་རྟ་བདེ་དར།

གཅིགའགྲོས་གོམས་ལག་དགུ་བརྒྱའི་ཚོམས་ནས་རབ་བགྲོད་པའི།།
དྲུག་ཅུ་སློབ་གཞོན་ལང་ཚོ་རྒྱས་པའི་མདུན་བསྐྱོད་པ།།
དབྱར་ཟླ་དྲུག་པར་སི་བོད་དགའ་ཚལ་གླིང་འདི་ནས།།
བགྲང་བྱ་ལོ་གསུམ་བསྐལ་བ་ཕྱིན་པར་བདེ་ལེགས་ཤིག །

གྱེས་ཁའི་སྣང་བ་མཁའ་ཡི་སྤྲིན་པར་སྤྲུལ་དུས་སུ།།
མཐར་ཕྱིན་མེ་ཏོག་རྒྱ་ལྕང་ཡལ་ག་རུ་འཁྱུད་དུས།།
རིག་པའི་སྦྲང་རྩི་གཉེར་བའི་སྐལ་བཟང་དྲི་མེད་པ།།
ཨེ་མ་དེ་རིང་འདི་ནས་བྲལ་བ་བདེ་ལེགས་ཤིག །

སི་བོད་ཕོ་བྲང་དཀར་དམར་ཀུན་དགའ་ར་བ་ཡི།།
ལས་དབང་རླུང་རྟར་སྦྲང་ཆར་སྩོལ་བའི་བཤེས་གཉེན་དང་།།
སློབ་པའི་ལས་ལ་བརྩོན་པའི་ལང་ཚོའི་གཞོན་སྐྱེས་དག །
མ་འོངས་རླུང་རྟ་དར་བར་དགེ་བའི་བདེ་ལེགས་ཤིག །

མངའ་རིས་སྐོར་གསུམ་རྒྱལ་རབས་གོང་མའི་སྲིད་དོན་ཞིང་། །
དབུས་གཙང་རུ་བཞི་ལུགས་གཉིས་བསྐྱོད་པའི་དར་མའི་སྲས། །
མདོ་ཁམས་སྒང་དྲུག་ཚེ་རིང་རྣམ་དྲུག་མཚོན་པའི་གཡང་། །
ས་ལའི་སྨན་ལྗོངས་བཀྲ་ཤིས་རྟེན་འབྲེལ་གཡང་འགྲིག་པའི། ། །
ཁ་བའི་རྒྱལ་ཁམས་དར་ཞིང་རྒྱས་པའི་བདེ་ལེགས་ཤིག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*