ལས་སྐལ།

མགར་ཆང་སིང་། (རྟའུ།)

མེ་ཏོག་དཀར་སེར་དམར་ལྗང་།།
ཆུ་དང་དྲོད་ཀྱིས་གསོས་ཡོད།།
བརྩེ་བ་ཤ་འདྲིས་པགས་འདྲིས།།
སེམས་དང་སེམས་ཀྱིས་གསོ་དགོས།།

ཉི་མ་མཁའ་ནས་ཤར་བྱུང་།།
འོད་ཟེར་ས་གཞིར་འཕྲོས་བྱུང་།།
མེ་ཏོག་འདབ་མ་གྲོལ་བྱུང་།།
སྐྱི་སེར་ལྡང་བ་མ་གནང་།།

ཁ་ཆད་སེམས་ལ་སྦས་ཡོད།།
དམ་བཅའ་ཡིད་ནས་བཞག་ཡོད།།
འཇིག་རྟེན་ལས་ཀྱི་བདག་པོ།།
མི་འདོད་གཏོང་བ་མ་གནང་།།

རང་ལ་འདོད་པ་ཇི་བཞིན།།
མི་ལ་འདོད་པ་ཡིན་པས།།
ལས་དབང་མེད་ཀི་མ་གསུང་།།
མིག་ཆུ་གཙང་བོར་འདྲེས་འགྲོ།།

ཨ་ཇོ་རྒྱང་ན་བཞུགས་ཡོད།།
སེམས་པ་རི་ན་ལུས་ཡོད།།
མི་སེམས་མི་ལ་འདྲིས་པ།།
སྦ་གསང་བྱས་པས་ཅི་ཡོང་།།

ཁྱེད་ཀྱིས་དམ་ཚིག་བསྲུང་ཡོད།།
ངས་ཡང་སྨོན་འདུན་ཞུས་ཡོད།།
འཇིག་རྟེན་སྣང་བའི་ཁམས་ནས།།
རྟེན་འབྲེལ་བགོ་སྐལ་ལོས་ཡོད།།

རི་ལ་བྲོས་པས་ཅི་བྱ།།
སེམས་ལ་ཡི་དམ་མི་གསལ།།
བྱམས་པའི་ཞལ་ཁྱིམ་དྲོན་མོ།།
སད་རྨི་གཉིས་ཀར་གསལ་ཡོད།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*