འཕགས་ཡུལ་བྱེས་ཀྱི་གདན་ས་ར་པུར་དཔལ་ས་སྐྱ་ཆོས་སྒར་དུ་དེ་རིང་བོད་ཟླ་ ༨ ཚེས་ ༡ ཉིན་བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཛམ་གླིང་སྐྱེས་འགྲོ་ཡོངས་ཀྱི་མགོན་སྐྱབས། འཇིག་རྟེན་ཞི་བདེའི་དེད་དཔོན། རྡོར་འཛིན་བྱེ་བའི་གཙུག་རྒྱན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགུང་གྲངས། ༧༩ ལ་ཕེབས་པར་སྐུའི་འཁྲུངས་སྐར་སྲུང་བརྩི་སླད་མགོན་པོ་གང་ཉིད་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་བཞུགས་པར་གསོལ་བའི་དོན་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་འོད་ཟེར་དྲུག་སྦྲགས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་གནང་འདུག་པས་མགོན་པོ་གང་ཉིད་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཅིང་། གསང་གསུམ་གྱི་མཛད་འཕྲིན་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་མཆོག་གསུམ་གསོལ་འདེབས་ཞུ།
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply