༸གོང་མ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་བཟང་།

ས༵་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཆེ།།
སྐྱ༵་སེར་དབྱེར་མེད་འདི་ཕྱིའི་སྐྱབས་ཀྱི་མཆོག།
གོ༵ང་ན་མེད་པའི་སངས་རྒྱས་ཉག་ཅིག་པུ།།
མ༵་ཡུམ་གངས་རིའི་མགོན་གྱི་འཁྲུངས་སྐར་བཟང་།།

ས༵་པཎ་ཤེས་རབ་ཐུགས་ན་བཀྲ་བ་ཡིས།།
སྐྱ༵་ཟད་སྔོ་གཏུགས་རྒྱལ་བསྟན་སླར་གསོ་མཛད།།
གོ༵ང་བཀུར་མཆོད་པ་འབུལ་སའི་ཕྱག་གི་གནས།།
མ༵་རིག་མུན་སེལ་ཆེན་པོའི་འཁྲུངས་སྐར་བཟང་།།

ས་ཆེན་འདི་རུ་འཚོ་བའི་དད་ལྡན་པས།།
དེ་རིང་གོང་མ་ཆེན་པོའི་འཁྲུངས་སྐར་ལ།།
བཀྲ་ཤིས་དཔལ་གྱི་དགའ་སྟོན་བྱེད་པ་ལ།།
རྗེས་སུ་ཡི་རངས་ངང་ནས་འཁྲུངས་སྐར་བསུ།།

༸གོང་མ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན།།
ཐུགས་དགོངས་གེགས་མེད་ཡིད་བཞིན་འགྲུབ་པ་དང་།།
འཇིག་རྟེན་ཁམས་འདིར་སྙིགས་ལྔའི་རྒུད་ཚོགས་ཞི།།
བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན།། ༢༠༢༣/༩/༡༥ ཡམ་བུའི་གྲོང་ནས་སྤྲོ་ཚེ་བས་ཕུལ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*