འཇོ་མདའ་པདྨ།
སྐུ་ལུས་འཁྲི་ཤིང་ལྡེམ་པའི་སྟངས་སྟབས་ཀྱིས།།
རབ་ཡངས་ཡིད་ཀྱི་ནམ་མཁའ་ཡོམ་ཡོམ་སྒུལ།།
བྲང་གཞུང་ལང་ཚོའི་མཚན་མའི་ཟིལ་ཤུཊ་ཀྱིས།།
སྲེད་ལྡན་བུང་བའི་ཁྱུ་ཚོགས་སེམས་པ་གཤག།
འཇམ་མཉེན་ཕྱག་གི་སོར་མོའི་བར་བཅུག་ནས།།
གྲིམ་ལྷོད་རན་པའི་རྒྱུད་སྐུད་འདར་ཙམ་བྱེད།།
འགག་མེད་འགྱུར་ཁུག་ཉམས་བརྒྱའི་གྲེ་བ་རྫོགས།།
དབྱངས་ཅན་མགྲིན་པའི་བྱིན་རླབས་ཁྱོད་ལ་སྨིན།།
ལྷུག་ལྷུག་འཛུམ་ཆུང་གྲོལ་བའི་བཞིན་རས་ལ།།
སྒྱུ་རྩལ་ཐབས་ཀྱི་གཡོ་འཕྲུལ་ཅི་ཡང་འཛོམས།།
མིག་ཟུང་འཛུམ་པའི་ཟླ་ཟེར་འཕྲོ་བ་ལས།།
ཕལ་པའི་མི་ཚོགས་སེམས་ཀྱི་སྨག་རུམ་སེལ།།
གནག་སྣུམ་སྐྲ་ལོའི་འོད་ཞགས་རེ་རེ་ལ།།
རྣམ་ཤེས་ཁྲི་འབུམ་འཚང་ཁ་ཤིག་ཤིག་བྱེད།།
ལྷུ་དྲུག་ལུས་ཀྱི་འཇོ་སྒེག་མཛེས་དཔལ་ལ།།
སེམས་ལྡན་སུ་ཞིག་མི་ཆགས་རང་དབང་བདོག།
ལྷོད་ཆཊ་གདངས་ཀྱི་གཤིས་ཀ་འཇམ་པོ་ལས།།
རིག་བྱེད་དབྱངས་ཀྱི་ཟིལ་བ་ཁྲོམ་ཁྲོམ་གཏོར།།
ནང་སེམས་ཚོར་བའི་ཁམས་ནས་བཞུར་བ་ཡི།།
གླུ་གཞས་བརྒྱ་ཕྲག་རྣ་བའི་བཅུད་དུ་ཆེ།།
འདུ་འཛིའི་འཚོ་བའི་ཁྲོད་ནས་ངལ་དུབ་ཀྱིས།།
ལུས་སེམས་ཤེད་ཀྱིས་མནར་དུས་ཁྱོད་ཉིད་ཀྱི།།
གཞས་དག་དྲན་ནས་གདོང་ལ་ལྟ་བར་བྱེད།།
དེའི་ཚེ་སྐད་ཅིག་སྐྱོ་གདུང་དགུང་དུ་ཡལ།།
བདག་གིས་ཁྱོད་རང་གླེང་བཞིན་ཁྱོད་ཕྱོཊ་ལ།།
དུང་འཕྲིན་ཉིན་མཚན་བསྟུད་མར་སྤྲིན་ལ་བསྐུར།།
བདུད་རྩི་འཁྱིལ་བའི་མཆོད་ཆང་འཛད་མེད་དུ།།
ཁྱོད་ལ་འབུལ་བཞིན་ཁྱོད་དང་འཕྲད་ན་སྙམ།།
ཉོན་མོངས་ཀྱི་འདམ་དུ་བྱིངས་པའི་ང་།
རྟེན་ནི་བཙུན་པ་ཞིག་གི་གཟུཊ་ཡིན་ཡང་།།
སེམས་ནི་ཁྱིམ་པ་ཞིག་དང་གཉིས་སུ་མེད།།
ཕྱི་ཡི་ལུས་ལས་བྲེལ་བའི་ཚུགས་ཀ་མངོན།།
ནང་གི་གཤིས་ལ་ལྷོད་པའི་ཉམས་དང་བྲལ།།
རྣམ་ཀུན་རྣམ་གཡེང་བུ་མོའི་བྲང་ལ་ཆཊ།།
དགོས་མེད་སྣ་ཚོཊ་བྱ་བར་ཀླད་ཡུ་འཁོར།།
རྟག་ཏུ་དགྲ་གཉེན་འཐབ་པའི་ཡུལ་ལུང་དུ།།
མིག་ཟུང་ཀེམ་ཀེམ་གཡོ་བཞིན་རྡོག་སྣེ་ཤོར།།
འགྲིག་དང་མི་འགྲིག་བྱ་གཞག་རེ་རེའི་དོན།།
ངག་ནས་བྱུང་རྒྱལ་སྨྲ་བ་མཚམས་མི་ཆད།།
མ་ངེས་མི་རྟག་འཇིག་པའི་རང་བཞིན་ལ།།
བློ་རྩེ་སྐད་ཅིག་ཙམ་ཡང་འཁོར་བ་དཀའ།།
རྣམ་དཀར་དགེ་བའི་ཕྱོཊ་ཀྱི་ལམ་བཟང་དུ།།
རྡོག་སྣེ་ཉིན་གཅིག་སྤོས་པར་བགྲང་རྒྱུ་མེད།།
དོན་གལ་ཡོད་མེད་བར་ནས་སྣ་ཚོགས་ཀྱི།།
མ་རིག་ཀུན་རྟོག་བུ་ཡུག་བཞིན་དུ་འཚུབ།།
ཆེ་ཆུང་བྱ་གཞག་གང་ལ་འཐམ་ན་ཡང་།།
རྩ་བ་ཆཊ་སྡང་མ་འདྲེས་གཅིག་ཀྱང་མེད།།
གློ་རྡེག་གཞན་གྱིས་ཅིག་ཅིག་མོལ་བའི་ཚེ།།
དེ་ལ་ཡིན་གཅིག་ཁ་ངན་མཚང་འབྲུ་བྱེད།།
ད་དུང་ཁ་ནས་བཟོད་པ་དགོས་ཚུལ་གླེང་།།
དོན་དམ་བཟོད་པའི་གོ་ཆ་རྒྱང་དུ་གཡུག།
མགོ་བོ་རིལ་རིལ་བྱས་ཀྱང་ཐུན་གཅིག་ལ།།
སེམས་བསྐྱེད་ཕྲན་བུ་ཙམ་ཡང་མི་འོང་པའི།།
ཀྱེ་མ་བདག་འདྲའི་བཙུན་གཟུཊ་ཕལ་པ་ཚོ།།
འཆི་བའི་རྒྱགས་ཕྱེ་འཚོལ་ལ་མི་རན་ནམ།།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།