ཀཿ བྲག་མགར་གྱི་རུས་མཛོད་ཅེས་པའི་དེབ་གསར་ཐོན།

”ཀཿ བྲག་མགར་གྱི་རུས་མཛོད་”ཅེས་པའི་ཕྱག་དེབ་འདི་ནི། ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་བཀུར་འོས་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས་བརྩམས་གནང་བ་ཞིག་རེད། སྤྱི་ཚེས ༩ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༧༦ མིང་བྱང་འོག་ནས་དབུ་འབྱེད་མཛད་སྒོ་གནང་འདུག དེབ་འདིར་བོད་ཁམས་སྤྱི་བཤད་དང་མདོ་ཁམས་སྤྱི་བཤད། བོད་མིའི་རུས་བརྒྱུད་མཆེད་ཚུལ། མགར་རུས་མཆེད་ཚུལ། དངུལ་ལྡོང་ལྟག་ཞབས་ཀྱི་རུས་བརྒྱུད་མཆེད་ཚུལ་བཅས་ཁྱིམ་གཞིས་གཉིས་ཀྱི་རིགས་རུས་མཆེད་ཚུལ་

བརྗོད་བྱ་གཙོས་དེ་དང་འབྲེལ་ཡོད་དཔྱད་རྩོམ་གང་མང་བསྡུས་ཐབས་གནང་འདུག སྔོན་གླེང་ནས་མཇུག་པར་སྐྲུན་སྨོན་ཚིག་བར་དུ་ཚན་པ་༣༣་ལས་གྲུབ་འདུག དེབ་འདིར་བྲིས་སྟངས་ཡང་དེབ་འདིར་གནའ་དེང་ཟུང་གི་བྲིས་སྲོལ་མ་ཉམས་པ་མངོན། དེ་ཡང་གནའ་རབས་སྔོན་བྱོན་མཁས་གྲུབ་ཚོས་ལུང་ཚིག་དྲངས་པ་ལྟར་ལོ་རྒྱུས་ཀྱི་ལུང་ཚིག་དྲངས་པ་དང་དེང་རབས་ཀྱི་མཆན་བུ་གང་མང་བཀོད་འདུག གང་ལྟར་ལོ་རྒྱུས་ཡིག་ཆ་ཁུངས་གཏུགས་དང་རྒན་རབས་ངག་རྒྱུན་གྱིས་ཟུར་བརྒྱན་པའི་དེབ་གཅིག་རེད་འདུག དེ་ཡང་དཔྱད་གཞིའི་དེབ་གྲངས་༡༥༠་ཙམ་ལ་དཔྱག་གཞི་གནང་འདུག དེའི་ཕྱིར་ལོ་རྒྱུས་དོན་གཉེར་ཅན་ཚོས་གཟིགས་ཞིབ་གནང་གལ་ཆེ་བར་མཐོང་།

ཁམས་པའི་སྨྱུག་ཚོགས་སྐབས ༡༦ པའི་རྒྱུན་ལས་ནས།

ཁམས་པའི་སྨྱུག་ཚོགས་དྲ་བ་ལས་བཤུས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*