ས་སྐྱའི་མཁན་པོ་བཀྲ་ཤིས་ཚེ་རིང་མཆོག་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གནས་རྗེས་དྲན་གྱི་གཟེངས་རྟགས་གནང་འདུག

ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་སྐབས་དང་བསྟུན། རྒྱ་གར་ཡུ་པི་མངའ་སྡེའི་རིག་གཞུང་ལྷན་ཁང་གིས་ Alankaran Samaroha ཞེས་པའི་དུས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པའི་ཁྲོད། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་པ། ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་གཉེར་ཁང་གི་སློབ་དཔོན་ཆེན་མོ།

མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གནས་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་གནང་བར་དགའ་དད་སྤྲོ་གསུམ་གྱིས་སྒོ་ནས་འཚམ་འདྲི་བཀྲ་ཤིས་བདེ་ལེགས་དང་། སླད་མར་ཡང་མཁས་དབང་མཆོག་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་གྲངས་མེད་བཅས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*