རབ་བྱུང་བཅུ་བདུན། རབ་གནས་ཤིང་འབྲུག་ཟླ་བ་༢ ཚེས་༡༡ ཕྱི་ལོ་༢༠༢༤ ཟླ་བ་༣ ཚེས་༢༠དགེ་བའི་ཉིན་མོར། འཛམ་གླིང་བསྟན་འགྲོའི་དཔལ་མགོན་མཚུངས་ཟླ་མ་མཆིས་པ། ྋསྐྱབས་མགོན་ྋགོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་གི་ཞལ་སྔ་ནས་ཀྱིས་དབུས། རྒྱལ་བསྟན་གསལ་བའི་སྒྲོན་མེ། ྋསྐྱབས་མཆོག་ངོར་ཁྲི་པ་མཁན་རིན་པོ་ཆེ་རྣམ་གཉིས་དང་།དཔལ་གསང་ཆེན་རྒྱུད་ཀྱི་བཤད་གྲྭའི་མཁན་པོ་རྣམ་པ་དབུ་བཞུགས་ཐོག འཕགས་ཡུལ་དཔལ་ས་སྐྱ་གསང་ཆེན་རྒྱུད་ཀྱི་གཤད་གྲྭའི་སྐབས་དང་པོའི་བསླབ་པ་མཐར་སོན་དང་། མཁན་པོའི་མཚན་གནས་མངའ་གསོལ་མཛད་སྒོ་འཚོག་རྒྱུ་ལགས་ན། ཕྱོགས་བཞུགས་ཕྱག་ཁྱེར་བཞེས་མཁན་རྣམ་པ་མཛད་སྒོར་ཚོགས་བཅར་ཡོང་བ་དགོངས་འཇགས་དགོས་པའི་ངོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཡིག་ཚང་ནས་གསལ་བསྒྲགས་བསྐྱངས་གནང་འདུག་པས་དེ་ལུགས་སུ་གནང་སྣང་མཛད་རོགས།
About གདོང་མཁན།
1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >>
རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།
Leave a Reply