༧སྐྱབས་རྗེ་ངོར་ཀླུ་ལྡིང་ཞབས་དྲུང་མཆོག་ལ་དྭགས་སུ་ཆོས་བསྒྱུར་བསྐྱངས་གནང་བ།

༧སྐྱབས་རྗེ་ངོར་ཀླུ་ལྡིང་ཞབས་དྲུང་འཇམ་དབྱངས་ཀུན་མཁྱེན་དབང་པོ་རིན་པོ་མཆོག་ཕྱི་ལོ་༢༠༢༤ ལོའི་ཕྱི་ཟླ་༢ པའི་ཚེས་༡༧ གྱི་སྔ་ཏོག་རྒྱལ་ས་དིལ་ལི་ནས་གནམ་གྲུ་བརྒྱུད་དེ་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་གནང་བ་དང་། དཔལ་ཀྱཻ་རྡོ་རྗེའི་སྒྲུབ་མཆོད་ཀྱི་སྟ་གོན་གནང་།  ཕྱི་ཚེས་༢༡ གྱི་ཉིན་གུང་ཆུ་ཚོད་༡༢ ཐོག་རིན་པོ་མཆོག་ནས་མི་མང་ལ་ཚེ་དབང་ཟབ་མོ་བསྩལ་གནང་འདུག་དང་། སྤྱི་ཚེས་༢༡ ཉིན་ལ་དྭགས་མང་སྤྲོ་དགོན་ཐུབ་བསྟན་ཤྭ་གླིང་ཆོས་འཁོར་དུ་༧སྐྱབས་རྗེ་ངོར་ཀླུ་ལྡིང་ཞབས་དྲུང་འཇམ་དབྱངས་ཀུན་མཁྱེན་དབང་པོ་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ལ་ཚེ་རྟ་ཟུང་འབྲེལ་གྱི་ཚེ་དབང་ཟབ་མོ་བསྩལ་གནང་བ་མ་ཟད།  བཀའ་ཆོས་མུས་མཐུད་ནས་ཡོད་འདུག་པས་དད་ལྡན་ཚོས་ཐུགས་སྣང་དགོས་གལ་མཐོང་།  

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*