ཕུང་གསུམ་པའི་ང་།

དགེ་གྲྭ་རྒྱལ། ལྕང་མ་སྒར།

མཁས་ཀྱང་མཁས་པའི་ཁྲོད་ན་ང་མ་ཡོད། །
གླེན་ཡང་ལེ་ལོའི་ཁྲོད་ན་ང་མ་ཡོད། །
བཟང་ངན་བར་ན་གནས་པའི་ཕུང་གསུམ་ང་། །
འདི་ལས་ལྷག་པའི་འཇིག་རྟེན་ང་མི་དགོ །

མཁས་པས་འབད་བརྩོན་ཆུ་སྒྲ་རྒྱུན་མ་ཆད། །
ལེ་ལོ་གཉིད་པའི་ཉོག་སྒྲ་འུར་འུར་འུར། །
ཁོ་བོ་གཉིད་མེད་འབད་མེད་ཕུང་གསུམ་པ། །
རང་ཤེས་འདི་ལྟར་འཛིན་པ་ཆོས་ཉིད་རེད། །

ལོ་ཟླ་རྟག་ཏུ་ཕོང་གསུམ་འཚོ་པའི་རྒྱུད། །
འབད་བརྩོན་ལེ་ལོའི་དབང་ལ་མ་སོང་བ། །
གསེར་རྟག་ངན་རྟག་ཙམ་ཞིག་མ་མཆིས་ར། །
འདི་ནི་མི་ཚེ་ཁྲོད་ཀྱི་བརྗོད་བྱ་ཡིན། །

མཛེས་སྡུག་རྨ་བྱའི་ལུས་ཀྱང་མ་ཡོད་ར། །
རྩོག་ཀྱང་སྨྱོན་པའི་ལུས་གཟིགས་ཙམ་མ་ཡིན། །
ཅི་བྱས་ཅི་སྒྲུབ་ཕུང་གསུམ་ཡིན་པའི་ང་། །
མི་ཚེའི་སྐྱིད་སྡུག་གཏམ་རྒྱུད་རྡོ་རིང་ཡོད། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*