བཀའ་དྲིན་གསུམ་ལྡན་གྱི་བླ་མར་ཕུལ་པའི་སྔགས་བརྗོད་ཐོག་མ།

དགེ་གྲྭ་རྒྱལ། རྫ་ཆུ་ཁ། 

དབེན་ཁྲོད་ལྕང་རི་བསམ་གཏན་གླིང་ག་ན། །
མཁས་དབང་གསེར་འཕྲེང་བཞུགས་པ་རབ་མཛེས་ཀྱང་། །
ལས་དང་བསོད་ནམས་དབང་གི་ཁྱེད་ལ་ཕྲད། །
རྙེད་པར་དཀའ་པའི་རྒྱ་མཚོའི་ནོར་བུ་འདི། །
བླ་མར་བསྟེན་པར་ཐུབ་པ་ཡིད་དགའ་མོད། །
བྱམས་དང་ཐུགས་རྗེ་ཅན་དེ་ཁྱེད་གཅིག་པུ།

ཡང་ར་ཡང་གི་གསུང་པའི་བཀའ་ཆོས་དེ། །
རབ་ཏུ་བྱུང་ནི་ཚུལ་ཁྲིམས་གཙང་དགོས་དང་། །
དབང་ལུང་ཞུ་ན་རྗེས་མ་དམ་ཚིག་སྲུངས། །
ཐོས་བརྩོན་བྱེད་པ་རང་དོན་ཁོ་ནའོ། །
ཁོང་གི་སྒེར་དོན་ཕྱོགས་ལ་འབྲེལ་མེད་ཀྱང་། །
ཁྱེད་ཅག་མཁས་བཙུན་གྲགས་ན་ཡིད་སེམས་དགའ། །

ཉོག་སྒྲ་མང་པའི་གྲོང་སློབ་འགྲོ་མྱོང་མོད། །
བསྟེན་པའི་དགེ་རྒན་མང་ལ་མི་ཉུང་བ། །
ཁྱེད་ལས་ལྷག་པ་ཙམ་གཞི་ག་ན་མཆིས། །
མཐའ་ན་ཁྱེད་དང་འདྲ་བའི་ཟུར་ཙམ་མེད། །
ཤེས་རིག་ཀུན་སྤྱོད་འཇོན་ཐང་ཕྱོགས་གང་ནས། །
ཁྱེད་ལས་ལྷག་པའི་དགེ་རྒན་བསྟེན་མྱོང་མེད། །

དེ་རིང་དྲྭ་ལམ་ཕྱོགས་ན་གསུང་བཤད་ཅིག །
ཐེངས་གཅིག་ཉན་ནས་འུ་ཅག་དཀོན་སྙམ་ན། །
ད་ལྟ་ད་དང་འཛིན་ཚོགས་ནང་དུ་སྐུར། །
འུ་ཅག་ཤེས་རིག་རྣམ་དཔྱོད་དགོས་པའི་བློ། །
ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་དགོས་དོན་སོགས། །
སྡིག་པའི་ཉེས་མིག་ངོས་ཟིན་ཕྱགས་ཆེད་ཡིན། །

འཛིན་གྲྭ་དང་པོ་ད་ལྟའི་འཛིན་གྲྭའི་བར། །
མཚུངས་མེད་བླ་མའི་གསུང་ལ་བསླུ་མེད་མོད། །
མི་ཚེ་ལམ་སྟོན་མཛད་པའི་སྟོན་པ་མཆོག །
དྲང་བདེན་མདའ་མོ་བཞིན་ཏུ་རྟག་བརྟན་པ། །
ཡིད་སྨོན་དད་པ་སྐྱེ་བ་ཉུང་ཉུང་མིན། །
ཁ་ནས་བརྗོད་པའི་ཚིག་ཙམ་ག་ན་ཡིན། །

གསེར་ཐང་ལྔ་རིག་དག་པའི་ཞིང་མཆོག་ནས། །
མི་ལོ་དུ་མ་སློབ་པའི་བཀའ་པོད་གཞུང་། །
རང་གིས་ཅི་ཤེས་ཆུང་ཤེས་ང་ཚོ་འཆད། །
སྐྱིད་སྡུག་ཉམས་མྱོང་རིང་མོ་སློབ་གསོ་འཆད། །
ལེགས་ཉེས་བླང་དོར་ཕྱོགས་ལ་ནན་ཏན་འཆད། །
འཆད་འཆད་བླ་མའི་གསུང་འདི་ཨེ་མ་རྨད། །

ཁོང་རྩོམ་དཔེ་ལྟ་བྱེད་པའི་ཚིག་དྲུག་འདི། །
ཨ་མཚར་སྡད་ཚོད་མེད་པས་བྲིས་པ་མིན། །
སེམས་དང་བསམ་པའི་དོན་ལ་སྣང་ཚུལ་འདི། །
ཁྱེད་ཀྱིས་ལྟས་ན་ས་བཤད་རྡོ་བཤད་འདྲ། །
ཡིན་ཡང་སྨིན་ཐང་གྲྭ་རྐྱང་སྟོན་པ་དེ། །
ཁོ་བོའི་སེམས་ནས་རྗེ་བཙུན་འཇམ་པའི་དབྱངས། །

སྙན་ཆ་མེད་པའི་རྩོམ་འདི་འབྲི་བཀོད་ན། །
བླ་མའི་ཐུགས་དང་མི་མཐུན་ངས་ངེས་མོད། །
སྔགས་བརྗོད་འདི་འདྲ་བྲིས་ནས་བཀོད་ནི་ར། །
རང་ཤག་ནང་ལ་དཔེ་ལྟ་བྱེད་ན་མཐུན། །
ཡིན་ཡང་ང་ལ་སྨྱོན་པའི་སེམས་ལྡན་ཕྱིར། །
རྩོམ་འདི་འབྲི་བ་དབང་མེད་དེ་རིང་ཤོར། །

དྲིན་ཆེན་བླ་མར་ཕུལ་པའི་སྔགས་བརྗོད་འདི། །
པིར་མིང་དགེ་རྒྱལ་འབོད་པའི་བྱང་སྡེ་བ། །
རྫ་ཆུ་སྔོན་མོ་བཞུར་སའི་འགྲམ་ལུང་ནས། །
ལྕང་རི་བསམ་གཏན་དར་རྒྱས་གླིང་དུ་སྤྱར། །
དྲིན་ཆེན་བླ་མའི་སྐུ་ཚེ་བརྟན་པར་སྨོན། །
འགྲོ་དྲུག་ཡོངས་ལ་བདེ་སྐྱིད་ལྡན་པར་ཤོག །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*