དགེ་གྲྭ་རྒྱལ། རྫ་ཆུ་ཁ།
དྲན་བཞིན་དྲན་བཞིན་ཕྲད་བའི་ཉིན་ལ་རེ། །
ཕྲད་པའི་དུས་ནི་སེམས་ཀྱི་རྣམ་རྟོགས་ཙམ། །
བྲལ་བའི་ལོ་ཟླའི་ཉིན་ཞག་རེས་མོ་ལ། །
ཡིད་སེམས་དབྱངས་ལ་རོལ་ནས་འཚོ་བ་བསྐྱལ། །
མཚན་མོར་ཟླ་འོད་མུན་སེལ་འཕྲོས་པའི་ཁྲོད། །
འཁོར་ར་འཁོར་ཡུག་ལྷོད་འཇམ་མཛེས་པའི་བརྗིད། །
ཁེར་རྒྱང་ཟླ་བ་ངེད་་གཉིས་མཚོ་འགྲམ་ནས། །
ཕན་ཚུན་དྲན་དུང་དྲག་པའི་བརྗོད་གཞི་བྱས། །
སྒུག་བཞིག་སྒུག་བཞིན་བྲལ་བའི་སྟེང་ལ་འཁོར། །
དགའ་བཞིན་དགའ་བཞིན་མི་ཚེའི་གསོན་སྙིང་ཕྱོགས། །
འགལ་བའི་ཚིག་ལ་ཕྱིར་བརྗོད་ཐེངས་གཅིག་གིས། །
ཐེ་ཚོམ་རྒྱམ་མཚོ་འོག་ལ་ཁོ་བོ་ནུབ། །
འགྱོད་པའི་བློ་ལ་སྐྱོ་སྡུག་རབ་ཏུ་ནར། །
སེམས་བའི་སྟེང་ལ་རྨིས་པའི་ན་ཟུག་འཕྲོས། །
ངག་རྒོད་རླུང་གིས་ཁུར་བའི་ཁོ་མོ་མཚན། །
བརྗོད་ཐེངས་རེ་ལསེམས་ལ་སྐྱིད་པར་འཚལ། །
Leave a Reply