ཕབ་པས་ཉི་ཤུའི་བརྒལ་སྣང་།

དགེ་གྲྭ་རྒྱལ། རྫ་ཆུ་ཁ།

དུ་བ་ལང་ལོང་མཁའ་ལ་འཁྱུར་ནས་ཞོགས་སྤྲིན་དམར་པོ་དག་ཤར་ནས་ཤར་ལ་ཕྱིན། ཡུལ་ཀྱི་འཁོར་ཡུག་ནི་དྲོ་འཇམ་ལྷོད་ཀྱིས་ཁྱེར་ནས་དཔྱིད་དཔལ་ཀྱི་མཛེས་སྡུག་མིག་གི་དགའ་སྟོན་རུ་གྱུར། ཨེ་མ། ཞོགས་པ་དེ་མཛེས་སྡུག་ཅན་། བརྗིད་ཉམས་ཅན། ཉམས་པ་མེད་པའི་དཔལ་ཡོན། འཇིགས་པ་མེད་པའི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་གྲུ། དུས་ཚུགས་དང་འཁོར་ཡུག་སོགས་ཇེ་བརྗིད་དང་ཇེ་མཛེས་སུ་གྱུར་དུས། ཁོ་བོ་ནི་ལང་ཚོ་འཆོར་བའི་མི་རྒན་བཞིན། ཅི་ཡང་མི་ནུས་ལ་གང་ཡང་མ་ཐུབ། ནུས་མེད་པའི་མི་ཞིག་དང་ཕམ་ཁ་ཁུར་པའི་དམག་མི་བཞིན། བློ་སེམས་ཕམ། བརྗིད་ཉམས་འཇིགས། ཉམས་ཐག་པའི་ངང་ཚུལ་དེའི་ཁྲོད། འདས་ཟིན་པའི་ལོ་ཟླ་ལ་ཕྱིར་ལྟས་བྱས་རྗེས། ནམ་ཡང་བརྗེད་ཐབས་པའི་བྱིས་དུས་ཀྱི་འཚོ་བ། བསམ་བློ་དང་སྣང་བ་སོགས་གང་ལ་ལྟས་ན་དེ་ཡི་སྐྱིད་པའི་ངང་ཚུལ་དེའི་ཁྲོད། ཁྱེད་ཉིད་ལྷག་ཏུ་དྲན་པའི་བློ་སེམས་གནང་། ད་ལྟ་བློ་འགྱོད་དང་ཐེ་ཚོམ་ཡི་གང་རུང་ཅི་ཡང་མ་ནུས། འཆོར་ཟིན་པའི་ཁྱེད་ཀྱི་བརྩེ་འདང་དང་ཡིད་ཆེས། དེང་འཇོག གུས་བཀུར་སོགས་ད་ལྟ་ཁོ་ཡོ་ཅི་ཡང་མི་འདུག་གང་ཡང་མ་ཐོབ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*