ཁ་བྱང་བོར་བའི་ཐ་སྙད་ཚོགས།

                                                       ཀེང་།

སྤྱན་ཁྲ་ཆུང་རྡེབ་དོན་ཅི་ཞིག་རེད།།
ཡིད་ཚོར་བའི་འཇིངས་ན་ཅི་འདྲ་ཡིན། །
ཤིང་ལོ་མའི་གསེང་གི་ཁེར་མོ་མ།།
སེམས་སྨྲེང་དུས་སུ་ལ་སྐྱོ་བ་བསྔོག།

ཡུལ་ཆ་མེད་གྲོང་གི་རྒྱུས་ཡོད་མ།།
འདང་ཆེན་པོ་མེད་དེ་ཆུང་ངུ་ཡོད།།
དོར་འདོད་ཀྱང་ཞེ་རུ་འཁོར་བ་འདི།།
ཡེ་གདོན་མའི་ལན་ཆཊ་ཨེ་རེད་ཀོ།

དགུང་མཚམས་སྤྲིན་ཁྲོད་ཀྱི་མཁའ་དབྱིངས་སུ།།
ཁྱོད་ཅེར་ནས་ཅི་ཞིག་བསྙེག་གྱིན་ཡོད།།
དགུང་རྒྱུ་སྐར་མང་བའི་གྲངས་ཀ་ལ།།
སེམས་གཏད་ནས་འདུག་དོན་ག་རེ་ཡིན།།

དགུན་འབྲིང་པོ་ཞེ་སེམས་ཨེ་གཅོང་གི།
དེར་སྐྱོ་དུས་སེམས་གཏམ་ཚིག་གསུམ་དེ།།
གྲང་སྐྱི་བསིར་རླུང་གིས་ཨེ་ཁྱེར་ཐལ།།
དེ་ཁྱེར་དུས་དོ་ཞག་ཨེ་དྲན་གི།།

མི་ཚོཊ་སར་འཕྲད་དུས་སྤྱན་ཟུང་གིས།།
བརྡ་ཧྲིག་ཧྲིག་བསྟན་པའི་སྣང་ཡན་མ།།
ངས་མི་ཚོགས་ཁྲོད་ཀྱི་གྲལ་མཐའ་ནས།།
འཕྲིན་ཚིག་གསུམ་བྲིས་པ་ཨེ་སྙན་ཐལ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*