ཉི་ཟླ་ལུང་བའི་མེ་ཏོག

ཀེང་།

མེ་ཏོག་མོད་སའི་ལུང་བའི་མདོ་ནས་ཕྲད།།
དེ་ཡི་མི་ནི་ཕྱེ་ལེབ་ཟོལ་གྱིས་འཕུར།།
གང་ཚེ་ཁྱེད་རང་ཆུ་ངོགས་གཡས་ཟུར་ན།།
དགུ་ཚིགས་ཕར་ཕར་ཡིབ་པའི་ཉམས་ལ་གཡེངས།།
ཁྱེད་ནི་ལྷིང་ཞིང་འཇགས་པའི་གཙང་བོ་བཞིན།།
ལྡེམ་ལྡེམ་གཡོ་ཞིང་ལྕུག་ཕྲན་ཟོལ་གྱིས་འགྱིང་།།

ཡུལ་ལ་དགུན་ཟླ་ཚེས་དུས་ཚོར་གཤིས་ཀྱིས།།
ངང་གིས་སྐྱོ་དབྱངས་རེ་རེར་བཞིན་དུ་དཀྲོལ།།
ལས་སྐལ་ཟད་པའི་རྗེས་ཀྱི་ཐུགས་ཕྲད་བཞིན།།
སེམས་ནང་སྨུག་པ་འཐིབས་ཤིང་ཡང་ཡང་སྨྲེང་།།
མཚན་སྨག་རེ་རེའི་མཐའ་རུ་མཚན་མོ་ཚེས།།
སེམས་ཀྱི་ཟླ་འོད་དེད་ཅིང་མུན་པ་རིབ།།

སེམས་པའི་འཕར་ལྡིང་དལ་ཞིང་རོལ་མོ་ལ།།
སེམས་པར་བརླན་ཞིང་ཡང་ཡང་རེག་དོན་ནི།།
སྙིང་པོ་ཅི་ཡོད་ཡེ་ནས་མ་རྟོགས་ཀྱང་།།
ཁྱོད་ཀྱི་དྭངས་ཤ་ཅི་འདྲིའི་སྙིང་དུ་སྡུག།
ནམ་ཡང་ཞེ་ལ་སིམ་ཞིང་མིག་གི་བསྲུངས།།

 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*