བརྒལ་བའི་ཕོ་ལོ་ཉི་ཤུ།

 

དགེ་གྲྭ་རྒྱལ།  དགེ་མང་།

ང་ནི་༢༠༠༤ལོར་གངས་ལྗོངས་ལྷ་ཡི་ཞིང་ཁམས་འབྲོག་སྡེ་དཀྱུས་མ་ཞིག་ནས་འཇིག་རྟེན་མི་ཡུལ་ལ་ཐོན་པར་ཡིན།
དེ་ལོ་དང་ད་ལྟ་བར་ལ་ཕོ་ལོ་ཉི་ཤུ་རྫོགས་ཟིན་ལ། ལོ་ཟླ་བཅུ་གཉིས་བཅུ་ཕྲག་གཉིས་བརྒལ་ཟིན། ད་ནི་ཕོ་ལོ་ཉི་ཤུ་ཏག་ཏག་ཡིན།
དེ་ཡི་རུང་གཞན་དོན་སྐད་གཅིག་མ་བསྒྲུབ་ལ། རང་དོན་ཉག་གཅིག་མ་འགྲུབ། ཕོ་ལོ་བཅུ་ལྔའི་བར་ལ་འཇོན་མེད་ཤེས་མེད་བྱས། བྱིས་པ་ཞེས་ནས་ཐ་སྙད་དེ་མིང་ལ་ཁུར།
རང་གིས་ཅིང་བྱ་དངོས་དག་ལ་སྣང་མེད་བྱས་གང་འདོད་ལྟར་གླེན་རྟགས་དང་ཨུ་ཚིགས་བྱས་ནས་བསྒྲུབ།

ད་ལྟ་བསམ་བློ་རེ་འཁོར་དང་འདས་ཟིན་བྱ་དངོས་ལ་ཕྱིར་འདང་ཞིག་བྱས། ངོ་མ་བློ་འགྱོད་དང་ཐེ་ཚོམ་ངང་ད་ལྟའི་འཚོ་བ་ལ་དོགས་སྣང་འཆོར།
ཆུང་སྐབས་སྣང་མེད་བྱས་པའི་སློབ་ཐུན་དང་སློབ་སྤྱོང་།
རྒྱུགས་སྐར་ཙལ་ལས་རེ་བསྙེག་བྱས་མ་ནས་མི་ཚེ་བསྐྱལ་ཐབས་བྱས། བཀའ་དྲིན་ཁ་ནས་བརྗོད་ཐབས་བྲལ་ལ་ལྷག་སེམས་གངས་ལས་དུང་བའི་སློབ་ཆུང་གི་དགེ་རྒན།
མཛའ་མཐུན་རི་ཆུ་བཞིན། མ་བཅོས་བའི་དུང་བ་ལྷད་མེད་པའི་དགེ་རྒན་དག་གིས་མི་ཚེའི་ཁ་ཕྱོགས་དང་སྙིང་དོན་ལ་ཡང་ཡང་གླེང་། བསླབ་བྱ་དང་ཞལ་གདམས་བྱེད་ཆུང་རྩིས། དེ་ལོ་འཁོར་དྲུག་ནི་སྐད་གཅིག་ཏུ་ཡལ་ལ། བསམ་བློ་ཡང་གློག་མདའ་བཞིན་ཐེངས་གཅིག་བཞད།
སློབ་གྲོགས་དག་ནི་མི་ལོ་དྲུག་གི་སྤྱོང་བརྩོན་མཐར་ཕྱིན་ནས་སློབ་འབྲིང་ལ་ཆས་བའི་ཁ་ཕྱོགས་ལྡན། ཁོ་བོ་ནི་སློབ་མཐར་ཞིག་ཕྱིན་པ་ག་ན་ཡིན། ལོ་མཐར་ཕྱིན་ཞེས་ཐ་སྙད་ངོ་མ་ཞིག་བཏགས་ཡུལ་ཡིན། ངས་དེ་སྐབས་སྦྱོང་བྱ་གང་ཕྱོགས་ཡང་ལེགས་པོ་མི་ངེས། གང་ཕྱོགས་ཐོབ་སྐར་སུམ་ལས་ཡར་བརྒལ་མ་མྱོང་། དེ་སྐབས་ཁོ་བོ་ཅི་བྱ་གཏོར་མེད་གྱུར། ངས་སློབ་གྲྭ་ཆེ་འབྲིང་གསུམ་འགྲིམ་རྒྱུའི་ཕྱོགས་ལ་ཡང་བསམ་བློ་འཁོར་མྱོང་མེད། ལྷག་ཏུ་རབ་བྱུང་སྒྲུབ་རྒྱུ་ཕྱོགས་འཁོར་མྱོང་མེད།

དེ་སྐབས་ཕ་མའི་རེ་འདུན་དང་རང་གི་སྔོན་བསགས་ཀྱི་བསོད་ནམས་སྟོབས་ཀཱི་ད་ལྟ་ངུར་སྨྲིག་གི་ལྭ་བ་རྒྱབ་ལ་གྱོན།
འགྲོ་དྲུག་འདྲེན་པའི་གཙོ་བོ་དང་རྒྱལ་རྒྱལ་སྲས་ཀྱི་ཐུགས་བསྐྱེད་དགེ་འདུན་བཙུན་བའི་གྲལ་དུ་འཚོ་སྡད་དུ་གནས།
ཡིན་ཡང་བསམ་བློ་ཞུབ་ཏུ་གཅིག་གཏངས་ན་ཁོ་བོ་ནི་རྩ་བཞི་ལ་འགའ་མ་མྱོང་བ་ལས་བཙུན་པའི་མིང་དང་དད་པའི་རྟེན་གནས་ཞིག་ག་ལ་ཡིན་སྲིད། ད་ལྟ་ཁོ་བོའི་ལེ་ལོའི་གྲོགས་བསྟུན་དང་སྒྱིད་ལུག་དབང་ལ་འཆོར།
བསམ་ཞིག་འཁོར་ན་འདི་ནི་ངའི་མི་ཚེའི་ལམ་ལུགས་ཞིག་དང་ཚེ་སྔོན་ལུས་ཀྱི་ཚོགས་བསགས་ཡིན་པ་འདྲ། སྔོན་སློབ་ཆུང་སློབ་གྲོགས་དག་མཐོ་འབྲིང་མཐར་ཕྱིན་ནས་མི་འགྱང་བར་སློབ་ཆེན་སློབ་མ་རི་འགྱུར་ལ་ཉེ།
ཡིན་ཡང་ཁོ་བོ་ནི་སྔར་བཞིན་འཁོར་ཡུག་ཆུང་ཆུང་ཞིག་ནས་ཤེས་མེད་དང་འཇོན་མེད་ངང་མི་ཚེ་བསྐྱལ་ནས་གནས།
ཁོ་བོ་ནི་སྔོན་སློབ་ཆུང་སྐད་ཡིག་ནང་ན་ཁྲོམ་བའི་ནང་གི་སྤལ་བ་ཞེས་བའི་བཞིན། ལྟ་རྒྱ་མཐོང་རྒྱ་ཆུང་བའི་མི་ཞིག་རེད།

ཀྱེ་ཀྱེ། ངས་བསྐྱལ་ཟིན་པའི་ཕོ་ལོ་ཉི་ཤུ། རྫོགས་ཟིན་པའི་འདས་དོན་ནང་གི་ལོ་ངོ་ཉི་ཤུ། ཁྱེད་ནི་ཇི་འདྲའི་མཛེས་སྡུག་ལྡན་རུང་ཁོ་བོ་ནི་དེ་ལ་རོལ་བྱེད་མི་བྱས་བའི་ཀླད་མེད་ཀྱི་གླེན་པ་ཞིག་ཡིན། ངའི་མི་ཚེ་ཕོ་ལོ་ཉི་ཤུ་ཁྱེད་ཀྱིས་ང་ལ་ཚེ་སྨད་འོད་སྟོང་བའི་ལམལྷོང་ལགས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*