༸སྐུའི་གྱ་སྟོན་སྲུང་བརྩི།

བྱེས་ཀྱི་དཔལ་ས་སྐྱའི་གདན་ས་ཆེན་པོ་ས་སྐྱ་ཆོས་གར་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་བཞིན་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་ཟླ་མེད་པའི་མགོན་དང་༸སྐྱབས་གཅིག་པུར་གྱུར་པ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་འདི་ལོར་བོད་ལུགས་ལྟར་ན་དགུང་གྲངས་བརྒྱ་ཅུར་ཕེབས་ཀྱི་ཡོད་སྟབས། རང་ལུགས་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་ཆེད། རྒྱ་བལ་འབྲུག་གསུམ་གྱི་ས་ངོར་ཚར་རྫོང་དང་བཅས་པའི་ཆོས་སྡེ་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཚོགས་དང་བརྩེ་ཆེན་ཚོགས་པ་བཅས་ལས་གྲུབ་པའི་བརྟན་ཞུགས་གོ་སྒྲིག་ཚོགས་པ་ཟུར་འཛུགས་ཀྱིས་གྲ་སྒྲིག་གནང་བཞིན་ཡོད་འདུག །

བོད་དབྱིན་རྒྱ་གསུམ་དང་གསལ་བསྒྲགས་འཕར་མ་བཅས་བཤམ་དུ་དཔལ་ས་སྐྱའི་ཆོས་གར་གྱི་ངོ་དེབ་ནས་གཟིགས་ཐུབ།

https://www.facebook.com/photo/?fbid=882434570594763&set=pcb.882436410594579

https://www.facebook.com/photo/?fbid=924358619735691&set=a.462088699296021

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*