དགེ་གྲྭ་རྒྱལ། རྫ་ཆུ་ཁ།
༡
འདས་ཟིན་བའི་ན་ནིང་གི་ལོ་ཟླ
དྲན་སླ་བའི་ཁ་སང་གི་འདས་དོན
བརྗེད་མ་ཐུབ་བའི་ནུབ་མོ་དེར
ལྐོག་ལྐོག་སུད་སུད་ངང
ངས་ཁྱེད་ཀྱི་ལག་པ་བཟུང་ནས་ལྡམ
གཞན་ཀྱིས་མི་མཐོང་ས་དང་མ་གོ་ས་ནས་ངས་ཁྱེད་ལ་བརྩེ་བ་བལྟོན
༢
བརྗེད་མི་ཐུབ་པའི་ནུབ་མོ་དེར
ད་ལྟ་དྲན་གདུང་དང་ཕྱིར་དྲན་གྱི་བརྗོད་བྱ
དགོད་ལྷང་ལྷང་གི་ཁྱེད་ཀྱི་འཛུམ་གདོང་དང་མཛེས་སྡུག
དྲི་མ སྒེག་ཉམས རྣམས་པ
བརྩེ་བ་སོགས་ཁོ་བོས་དོ་ནུབ་གྱི་དྲན་ཡུལ་དང་དུང་ཡུལ
འདས་ཟིན་པའི་ན་ནིང་གི་ལོ་ཟླའི་ནུབ་མོར།
༣
འདས་ཟིན་པའི་ན་ནིང་གི་ལོ་ཟླའི་དུས་ཚོད
ད་ལྟ་ཕྱིར་དྲན་གྱི་གཏམ་རྒྱུ་རིང་མོ
བརྗོད་མི་ཚར་བའི་ཉིན་བཞག་དང་ལོ་ཟླ
དྲན་མི་ཚར་བའི་འཚོ་བ་དང་ཁྱེད་ཉིད
སེམས་ནང་གི་ལྷ་མོ
ཡིད་མཐུན་གྱི་བྱམས་པ
དྲན་གདུང་མནར་བའི་བརྗོད་བྱ།
༤
འདས་ཟིན་པའི་སྒྲུང་རིང་གི་ནང་དུ
ངས་ཁྱེད་ཉིད་པང་ཏུ་བཟུང་ནས་སྙིང་གཏམ་བཤད
ཁྱེད་དྲན་པས་མནར་བའི་ཉིན་བཞག་བསྐྱལ་ཚུལ་བཤད
སྒུག་སྒུག་གིས་ནུབ་མོ་དེར་
འཚོ་བ་དང་འཚོར་བ་ལ་སྒུག
སྒུག་སྒུག་ཁྱེད་ཕྱིར་ལ་ཕེབས་པར་སྒུག
༥
འདས་ཟིན་པའི་ན་ནིང་གི་ནུབ་མོ་དེར
ངས་ད་རུང་ཐེངས་གཅིག་བྱུང་ན་བསམ
ངས་ད་རུང་ཁྱེད་མཛེས་སྡུག
ཁྱེད་ཀྱི་དྲི་མ། རྣམས་པ།
སྒེག་ཉམས། དགོད་སྒྲ འཛུམ་གདོང
བསླར་ཡང་མཐོང་འདོད། བསླར་ཡང་རོལ་ན་འདོད།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།