༄༅། །དཔལ་ཀུན་རིག་གི་ཆོ་ག་གཞན་ཕན་མཐའ་ཡས་དང་། དེ་ལ་ཉེ་བར་མཁོ་བའི་ཆོ་གའི་ཡན་ལག་དུ་མ་དང་བཅས་པ་ཕྱོགས་གཅིག་ཏུ་དགྱེས་པ་ཀུན་རིག་གི་ཆོ་ག་གཞན་ཕན་ལྷུན་གྲུབ་བཞུགས་སོ།།
༼དཔལ་ས་སྐྱའི་༸གོང་མ་ཁྲི་འཛིན་རྡོ་རྗེ་འཆང་མཆོག་ནས་ཞུས་དག་པའི་དཔར་གཞི་དགེའོ།།༽
༄༅། །རྒྱ་གར་སྐད་དུ། བྷ་ག་ཝཱན་བཻ་རོ་ཙ་ན་བུདྡྷ་དྷྭ་ཛཱ་ཡ་ན་མཿ བོད་སྐད་དུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སངས་རྒྱས་རྒྱལ་མཚན་ལ་ཕྱག་འཚལ་ལོ། །འགྲོ་ཀུན་ངན་སོང་སྡུག་བསྔལ་ལས་སྐྱོབ་པའི། །བླ་མ་རྣམ་སྣང་ཆེ་སོགས་གུས་བཏུད་ནས། །ཀུན་རིག་ཆོ་ག་གཞན་ཕན་ལྷུན་གྲུབ་འདི། །བསྟན་དང་འགྲོ་ལ་ཕན་ཕྱིར་འཆད་ལ་སྤྲོ། །དེ་ལ་འདིར། ཨོཾ་སྭ་སྟི་སིདྡྷཾ། དཔལ་ཀུན་རིག་གི་རས་བྲིས་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཆོ་ག་གཞན་ཕན་མཐའ་ཡས་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཐའ་ཡས་ཤེས་བྱའི་ཆོས་ཀུན་མ་ལུས་མཁྱེན། །ནང་གི་ཆོས་སྐུ་ཡེ་ཤེས་མིག་གིས་རིག །དམིགས་མེད་སྙིང་རྗེས་ངན་སོང་འགྲོ་བ་འདྲེན། །ཐུབ་པ་སྐྱེས་མཆོག་རྣམ་སྣང་ཆེ་ལ་འདུད། །དེ་ཡི་གོ་འཕང་ཐོབ་བྱེད་ཆོ་གའི་རིམ། །རྒྱུད་དང་སྔོན་རབས་མཁས་པའི་གཞུང་མང་དང་། །ཁྱད་པར་རྗེ་བཙུན་མཆོག་གི་དགོངས་པ་ལྟར། །འཁྲུལ་མེད་གོ་བདེའི་ངག་གིས་བཤད་ཀྱིས་ཉོན། །འདིར་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་རྡོ་རྗེ་དཔོན་སློབ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བའི་རིམ་པ་ལ། དོན་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི། ལས་ཀྱི་རྡོ་རྗེས། ལྷ་ཁང་ལ་སོགས་པའི་གནས་སུ། ས་གཞི་ལ་གད་དར་བྱས་ཤིང་དྲི་བཟང་པོའི་ཆུས་བྱུགས། མེ་ཏོག་སིལ་མར་གཏོར། དེར་རས་དང་དར་ལ་སོགས་པ་གཞི་བཟང་པོའི་སྟེང་དུ། ཀུན་རིག་གི་རས་བྲིས་ཀྱི་དཀྱིལ་་་་་་ཁ་ཅིག་དཀྱིལ་ཐང་གི་ཞལ་གང་བདེར་བལྟ་བ་ཞིག་གི་ཕྱག་ལེན་འདུག་ཀྱང་། དཀྱིལ་ཐང་གི་ཞལ་འཇིག་རྟེན་པའི་ཤར་དུ་བསྟན་དགོས་ཀྱི། བི་བྷུ་ཏས། རྣལ་འབྱོར་ཁ་ནི་གང་བལྟས་ཤར་ཟེར་བ་ནི། བདག་བསྐྱེད་ལ་དགོངས་པ་ཡིན་གྱིས། གཞན་དུ་ཐིག་བསྐོར་བ་དང་། དབང་ལྡན་རྩིག་པ་དང་པོར་བྲི་བ་དང་། བགེགས་ལ་བཀའ་བསྒོ་བ་སོགས་ཀྱི་དབང་ལྡན་དང་མེའི་མཚམས་ལ་ངེས་པ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་གུང་རུ་བཞེད་དོ།། འཁོར་རབ་གནས་ཅན་མདུན་ཤར་དུ་ཕྱོགས་པར་བཀོད། དེའི་མཐར་གཡས་བསྐོར་དུ། མཆོད་པ་སྔ་ཕྱི་འཛིན་པ་ཡིན་པས། བྱང་ཤར་དུ་མཚམས་འཛིན་པའི་མེ་ཏོག ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས་རྣམས་བཤམས། ཡང་ཁ་ཅིག་ཆུ་གཉིས་བྱེད་པ་མི་འཐད་ཟེར་ཡང་། རྒྱུད་འདིར་ཨརྒྷཾ་མཆོག་བཏགས་གསང་བ་ལ་སོགས་ཞེས། ཆུ་གཅིག་ལས་དངོས་སུ་མ་བཤད་པ་ལྟ་བུ་ཡིན་ཀྱང་། འདིའི་སྤྱན་འདྲེན་གྱི་ཚིག་ལ་མཆོད་ཡོན་གཉིས་འབྱུང་བའི་གཅིག་ཞབས་བསིལ་ཡིན་པའི་ཕྱིར་དང་། གཙུག་དགུ་སོགས་གཞུང་གཞན་དུ་ཆུ་གཉིས་སོགས་ཀུན་སྙིང་གི་བཤད་པ་འདིར་སྦྱར་དུ་རུང་བའི་ཕྱིར་རོ། །འོག་གི་མཆོད་ཁ་གསོ་དགོས་རྣམས་ལའང་། ཆུ་གཉིས་ཀ་དགོས་པ་ཕྱག་ལེན་གཙང་བར་མངོན་ནོ། །འབྱོར་ན་ལྷ་རེ་རེ་བཞིན་མཆོད་པ་ཅི་ནུས་པ་བཀོད། དཀྱིལ་འཁོར་གྱི་གཡས་ཕྱོགས་སུ། སྒོས་མཆོད་ནི་བླ་མེད་སྤྱི་ལ་སྤྱི་མཆོད་ཀྱི་ནང་དུ་བཤམ་ཡང་། ཡོ་ག་མན་ཆད་ལ་ཕྱི་རུ་བཤམས་པ་ཕྱག་ལེན་ཡིན་པས། ཤར་ནས་བརྩམས་ཏེ་ཕྱོགས་བཞིར། སྤོས་མར་མེ་ལྷ་བཤོས། གསུམ་ཚན་པ་བཅུ་གཉིས་ཏེ་འཁོར་མོར་བཤམས། དེའི་ནང་གི་ཕྱོགས་བཞིར་གཙོ་བོའི་ཞལ་བཞི་ལ་འབུལ་བའི་ཚན་པ་རེ་རེ་སྟེ། ཕྱོགས་རེར་བཅོ་ལྔ་རེ་བཤམས་པས། རྩ་བའི་ལྷ་སུམ་ཅུ་སོ་བདུན་ལ་རེ་རེ་དང་། གཞན་བྱང་སེམས། ཉན་ཐོས། རང་རྒྱལ། ཁྲོ་བོ། ཕྱིའི་ཁོར་ཡུག་པ་རྣམས་ལ་རེ་རེ། ཕྱོགས་རེར་མཆོད་པ་བཅོ་ལྔ་ཚན་རེ་འབུལ་བ་ཡིན་ནོ། །ཕྱོགས་སྐྱོང་དང་འབྱུང་པོ་་་་་་ལྷོ་ནུབ་ནས་འགོ་བརྩམས་ནས་ཤར་ལྷོར་བགེགས་གཏོར་བཤམས་པ་ཕྱག་ལེན་ཕལ་ཆེར་མཛད་ཅིང་། དེ་མགོ་མཇུག་བསྒྱུར་བ་རྗེ་ལྷ་མཆོག་སེངྒེའི་ཕྱག་ལེན་ནོ།། ལ་ཟླུམ་གཏོར་རེ་རེ་དང་། རིགས་དྲུག་དང་ཡི་དྭགས་ལ་བསིལ་གཏོར་གཉིས་དང་། བགེགས་གཏོར་ཏེ་ལྔ་བཤམས། མཆོད་པའི་བུམ་པ་བརྒྱད་དམ་བཅུ་དྲུག འབྲུ་དང་སྨན་དང་དྲི་ཆབ་ཀྱིས་བཀང་བ་ཁ་རྒྱན་དང་བཅས་པས་མཐའ་བསྐོར། མཆོད་བུམ་མ་འབྱོར་ན་འཁར་ཕོར་ལ་སོགས་པས་ཚབ་བྱ་བར་བཤད། གཞན་ཡང་བླ་བྲེ་དང་འཕན་དང་རོལ་མོ་སྣ་ཚོགས་པས་བརྒྱན་ནོ། །དེའི་མཐའ་བསྐོར་དུ། སྒྲུབ་པ་པོ་རྣམས་ཀྱི་གདན་དང་།་་་་་ཤར་ནས་ནུབ་ཏུ་ཁ་ཕྱོགས་པར་སློབ་དཔོན་གྱིས་གདན་འདིང་བ་གུང་རུ་བཞད་དོ།། རྡོ་རྗེ་དྲིལ་བུ་བཤམས། སློབ་དཔོན་གྱི་མདུན་དུ་རྣམ་རྒྱལ་བུམ་པ་ལ་རིགས་ལྔའི་མཚན་མ་བྲིས་པ་གདགས། ནང་རྫས་་་་་་བུམ་རྫས་ཐུན་མོང་བ་ཉེར་ལྔ། དང་ཆུས་གང་བ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཤམས། འབྱོར་ན་དབང་གི་བུམ་པ་ལྔ་བཀོད། བླ་མ་ཕྱི་མ་རྣམས་ཡོ་ག་གཞན་ལྟར་ལས་བུམ་མཛད་ཀྱང་། རྗེ་བཙུན་གྱིས་མ་གསུངས་པས་མི་དགོས་སོ། །གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་ལ་གཉིས། སློབ་དཔོན་གྱི་ལས་དང་། སློབ་མ་ལ་བྱ་བའོ། །དང་པོ་ལ། བདག་གི་རྣལ་འབྱོར་བུམ་པ་བཟླས་པ། མདུན་བསྐྱེད་མཆོད་པའོ། །དང་པོ་ལ་གཉིས་ལས། དང་པོ་སྲུང་འཁོར་བསྒོམ་པ་ནི། སྒྲུབ་པ་པོ་རྣམས། ༈ ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཞེས་དང་། རྡོ་རྗེ་འཛིན་མའི་ཕྱག་རྒྱས་དཀྱིལ་འཁོར་ཁང་པའི་ནང་དུ་བཞུགས། སྟན་རྣམས་ལ་འདུག་ནས། ཐོག་མར་མཆོད་པ་རྣམས་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ་དང་། རྡོ་རྗེ་མེའི་ཕྱག་རྒྱས་གཟི་བྱིན་བསྐྱེད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཧཱུྃ། ནས། ཤབྡ་ཧཱུྃ་སོགས་སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། རོལ་མོ་ཇི་སྙེད་པའི་སྒྲ་བྱ་ཞིང་། འོག་ནས་འབྱུང་བ་ལྟར། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ནི། པྲ་ཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨཱ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ལན་གསུམ་བརྗོད་དོ།།་་་་་གསུམ་བརྗོད་པའི་དང་པོས། རང་གིས་བྱིན་གྱིས་བརླབས་པ་ལས་ཀྱང་གཟི་བརྗིད་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབས་པར་མོས། གཉིས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པར་བྱོན་པར་མོས། གསུམ་པའི་ཚེ་དེ་དག་གིས་བྱིན་གྱིས་བརླབས་པར་མོས། དེ་ནས་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། དམིགས་ཡུལ་གྱིས་གཙོ་བྱས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་བཟླ། དེ་ནས་ཐལ་མོ་སྦྱར་ཞིང་། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གཅིག་དང་། རྡོ་རྗེ་འཛིན་པའི་ཕྱག་རྒྱ་སྙིང་ཁར་བཅས་ཏེ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་མ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་ཉམས་སུ་བླང་བར་བགྱིའོ། །སྙམ་དུ་ལན་གསུམ་གྱིས་སེམས་བསྐྱེད་དེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་ཆོས་ཐམས་ཅད་བདག་མེད་པར་བསྒོམ། སྟོང་པའི་ངང་ལས་རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ། ལྕེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཉལ་ཐབས་སུ་གནས་པར་བསམས་ལ། ཨོཾ་རྡོ་རྗེ་ལྕེ་་་་་་བཛྲ་ཛི་ཧྭཱ། ཞེས་པས་ལྕེ་རྡོ་རྗེར་བྱིན་གྱིས་བརླབས། དེ་ནས་ལག་པ་གཉིས་མདུན་དུ་གཤིབས་ལ། ལག་པ་གཉིས་ཀྱི་མཐིལ་དུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་རེ་རེ། དེ་ཞུ་བ་ལག་པ་ལ་ཐིམ་པས། ལག་པ་གཉིས་རྡོ་རྗེའི་རང་བཞིན་དང་། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་གྱུར་པར་བསམ། དེ་ནས་ལག་པ་གཡས་སྡིགས་མཛུབ་དང་། གཡོན་ཁུ་ཚུར་སྙིང་ཁར་བཅངས་ལ། ཧཱུྃ་ལས་བདག་ཉིད་ཁྲོ་བོ་མེ་ལྟར་འབར་བ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གསོར་བའི་ཚུལ་དང་། གཡོན་ཁུ་ཚུར་གྱི་དྲིལ་བུ་སྙེམས་པའི་ཚུལ་གྱིས་འཛིན་པ་ཅུང་ཟད་ཁྲོ་བ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུརཔར་བསམས་ལ། ཨོཾ་ཟུངས་་་་་་གྲཱྀཧྣ་རྡོ་རྗེ་་་་་་བཛྲ་དམ་ཚིག་་་་་་ས་མ་ཡ་སྡུག་བསྔལ་འཇོམས་་་་་་ཧཱུྃ་ངེས་པའི་ཚིག་གོ་་་་་་བཾ་དང་། ཏི་རཱིནྟི་རིའི་ཕྱག་རྒྱ་ལན་གསུམ་གྱིས་ང་རྒྱལ་བཟུང་། ཕྱག་རྒྱ་དེ་ཉིད་སྤྱི་བོ། དཔྲལ་བ། རྣ་བ་གཡས་པ། ལྟག་པ། རྣ་བ་གཡོན་པ་རྣམས་སུ་བཞག་ལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ། ཨ་བྷི་ཥིཉྩ་མཾ། ཞེས་པ་ལན་ལྔ་བརྗོད་པས། གནས་དེ་ལྔར་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསམས་ལ་དབང་བླང་། ཨོཾ་གོ་ཆ་་་་་་ཏྲུཾ་དང་། རྡོ་རྗེ་ཁུ་ཚུར་གཉིས་མདུད་པ་འཆིང་བཞིན་པའི་ཚུལ་དུ་བྱས་ལ། སྙིང་ནུ་མ་གཡོན་་་་་་ག་མགྲིན་པ་ལྟག་པ་དང་། །སྙིང་ག་ནུ་མའི་བར་དང་ནི། །སྙིང་ནུ་མ་གཡོན་པའི་སོར་བཞིའི་སྟེང་་་་་་ག་མགྲིན་པ་རྒྱབ་དཔྲལ་བ།་་་་་གཡས་ཕྱོགས་ཀྱི། །ཞེས་པའི་གནས་རྣམས་སུ་རེག་ལ། དར་དཀར་པོ་ཞེང་དུ་ཁྲུ་གང་བ། དཀྱུས་སུ་ཁྲུ་ཉི་ཤུ་རྩ་གཅིག་པས་གནས་དགུར་མདུད་པ་བྱ་ཞིང་། དཔྲལ་བར་ཐལ་མོ་རྩེ་སྤྲད་ནས་གཤམ་བརྡབས་ཏེ། ༡ ཨོཾ་བཛྲ་ཏུ་ཥྱ་ཧོཿ་་་་་རྡོ་རྗེ་མཉེས་པ། ཞེས་པས་རྣ་བ་གཉིས་ཀྱི་སྟེང་དུ་དར་དཔྱངས་ཀྱི་འགུགས་ཕྱུང་ནས་ལྷག་མ་ལུས་དང་མཉམ་པར་བསམས་ཏེ་བདག་ཉིད་རིགས་ཀྱི་ཁྲོ་བོར་བསྐྱེད་པའོ། །དེ་ནས་བསྲུང་འཁོར་བསྒོམ་པའི་ཕྱིར། ༢ ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་གིས་བགེགས་ལ་བསྣུན། ༣ ཨོཾ་་་་་་རྡོ་རྗེ་མེ་སྟེ་མེ་ལྟར་འབར་བ་ལ་འབོད་པའོ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་་་་་་བསྣུན་ད་ཧ་་་་་་བསྲེགས་པ་ཙ་་་་་་ཆོས་མ་ཐ་་་་་་ཐུལ་བྷཉྫ་་་་་་ཆོམས་ར་ཎ་ཧཱུྃ་་་་་་དགྲ་ཕཊ་ཀྱིས་བསྲེགས། ༤ ཨོཾ་རྡོ་རྗེའི་སྤྱན་འཆིང་་་་་་བཛྲ་ནེ་ཏྲི་བན་དྷ་སརྦ་བིགྷྣན་གྱིས་བགེགས་བཅིངས་ཏེ་སྔར་ཡོད་ཀྱི་བགེགས་གསལ་བའི་ཆོ་གའོ། །དེ་ནས། ༥ ཨོཾ་བཛྲ་་་་་་རྡོ་རྗེ་དྲི་་་་་་བརྟན་པ་ཌྷོ་མེ་བྷ་ཝ་་་་་་བདག་ལ་མཛོད་ཅིག་བནྡྷ་རཀྵ་་་་་་ཐམས་ཅད་བདག་ལ་སྲུངས་ཤིག་སརྦཱན་སྭཱ་ཧཱས་འོག་བཅིངས། ༦ བགེགས་ཐམས་ཅད་བཞུགས་ཤིག་པའོ།་་་་་ཨོཾ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་སྟེང་བཅིང་། ༧ རྡོ་རྗེ་གནོད་སྦྱིན།་་་་་ཨོཾ་བཛྲ་ཡཀྵ་ཧཱུྃ་གི་སྔར་གྱི་འོག་བཅིང་། ༨ ཨོཾ་ས་བོན་་་་་་དྲུཾ་བནྡྷ་་་་་འཆིང་ཧྃ་་་་་་བསྲུང་བ། གིས་ཤར་བཅིང་། ༩ ཨོཾ་་་་་་ས་བོན་ཧཱུྃ་བཛྲ་པཱ་ཤ་་་་་་རྡོ་རྗེ་ཞགས་པ་ཧྲཱིཿ་་་་་གསལ་བ། ཞེས་པས་ཤར་གྱི་ནང་བཅིང་། ༡༠ ཨོཾ་པཱ་་་་་་རྡོ་རྗེ་བ་དན་ཏངྐི་པ་ཏངྐི་་་་་་བ་དན་ཅན་ནི་རུ་་་་་་ངེས་པ་ཆོད་ཅིག་པའོ་ཊས་ནུབ་བཅིང་། ༡༡ ཨོཾ་ཧྲཱིཿ་་་་་རྡོ་རྗེ་དུས་ཅན་གྱི་ནག་མོ་བཛྲ་ཀཱ་ལི་རུ་ཊ་མ་་་་་་འཇིག་པར་གྱིས་ཤིག ཆོད་ཅིག་པའོ་ཊས་བྱང་བཅིང་། ༡༢ ཨོཾ་བཛྲ་་་་་རྡོ་རྗེ་རྩེ་མོ་ཤི་ཥ་རེ་རུ་ཊ་མ་་་་་་འདིར་ལྷོ་རྗེས་སུ་འཆིང་བ་ནི་གཤིན་རྗེའི་ཆུང་མ་ཆུ་ལེན་མ་ཟེར་བ་འགྲོས་བུལ་བ་ཅིག་ཡོད། དེ་ཡུན་རིང་པོར་མི་ཕྱིན་པས་ཟེར་རོ་ཞེས་གུང་རུ་བཞེད་དོ། ཊས་ལྷོ་བཅིང་། ༡༣ ཧཱུྃ་བཛྲ་ཀརྨས་་་་་་རྡོ་རྗེ་ལས། དཀྱིལ་འཁོར་བཅིང་། ༡༤ ཧཱུྃ་ཞེས་པས་ཧཱུྃ་མཛད་ཀྱི་རྭ་བ་བསྒོམ། ༡༥ ཨོཾ་བཛྲ་་་་་་རྡོ་རྗེ་འཆིང་བ་་་་་་ཕྱག་རྒྱའི་གནས་དམིགས་བསལ་མེད་པ་རྣམས་སྙིང་ག་ཁོ་ནར་མཛད་དོ། །འོག་མ་དམིགས་བསལ་མེད་པ་རྣམས་ལའང་ཤེས་པར་བྱའོ།། བནྡྷ་བཾ་གྱིས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ། །དེ་དག་གི་ཕྱག་རྒྱ་ནི། ༡ ལག་པ་གཉིས་རྡོ་རྗེ་བསྡམས་པ་ནང་བཅིངས་བྱས་ལ་མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས། ཁྲོས་པའི་ཚུལ་གྱིས་སྟེང་ནས་བཀབ་པ་ནི་ཁྲོ་བོ་ཏི་རཱིནྟིའི་ཕྱག་རྒྱའོ།། ༢ གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གསོར་བ་ནི་བགེགས་ལ་བསྣུན་པའི་ཕྱག་རྒྱའོ།། ༣ རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་ཁ་གྱེན་དུ་བསྟན་པ་ཕྱེ་སྟེ་སོར་མོ་རྣམས་ནང་དུ་བསྣོལ་བ་འབར་བ་བྱས་ལ་མཐེ་བོང་གཉིས་སྲིན་ལག་དང་གུང་མོའི་བར་ནས་བསྒྲེང་ནས་རྩེ་མོ་སྦྱར་བ་ནི་རྡོ་རྗེ་མེའི་ཕྱག་རྒྱ་སྟེ་བགེགས་བསྲེག་པའིའོ།། ༤ རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བརྐྱངས་ཏེ་གཤིབས་པ་ནི་རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་སྟེ་བགེགས་བཅིང་བའིའོ།། ༥ རྡོ་རྗེ་བསྡམས་པ་བརྐྱང་བ་ས་ལ་བཞག་པ་ནི་འོག་བཅིང་བའིའོ།། ༦ རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མགལ་མེའི་འཁོར་ལོ་བཞིན་བསྐོར་ཏེ་མགོ་བོའི་སྟེང་དུ་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་སྟེ་སྟེང་བཅིང་བའིའོ།། ༧ རྡོ་རྗེ་ཐལ་མོ་ལས་མཐེ་བོང་གཉིས་བརྐྱངས་ལ་མཛུབ་མོ་གཉིས་མཆེ་བ་ལྟར་བྱས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྟེ་སྟེང་གི་འོག་བཅིང་བའིའོ།། ༨ རྡོ་རྗེ་ཁུ་ཚུར་གཉིས་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་ཏེ་ཟློག་ནས་སྤྱི་བོར་བཞག་པ་ནི་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སྟེ་ཤར་བཅིང་བའིའོ།། ༩ རྡོ་རྗེ་ཁུ་ཚུར་གཉིས་གཅིག་ལ་གཅིག་གིས་མཁྲིག་མའི་གནས་ཀྱི་ཆ་མདུད་པར་བྱས་ཏེ་ཞགས་མིག་གི་ཚུལ་དུ་བྱས་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་སྟེ་ཤར་གྱི་ནང་བཅིང་བའིའོ།། ༡༠ རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཡོན་པའི་སྟེང་དུ་གཡས་པ་བཞག་ལ་མཛུབ་མོ་གཉིས་མཉམ་པར་གཤིབས་ཏེ་ཅུང་ཟད་ཕྱེ་ལ་མཐེའུ་ཆུང་གཉིས་བསྒྲེང་བ་ནི་རྡོ་རྗེ་བ་དན་གྱི་ཕྱག་རྒྱ་སྟེ་ནུབ་བཅིང་བའིའོ།། ༡༡ སྔར་གྱི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཁར་བཞག་པ་ནི་རྡོ་རྗེ་དུས་ཀྱི་ཕྱག་རྒྱ་སྟེ་བྱང་བཅིང་བའིའོ། །སྔགས་རྒྱ་འདི་ཉིད་ཀྱིས་ཕྱོགས་མཚམས་དང་སྟེང་འོག་གི་བགེགས་རྣམས་ཚར་བཅད་པར་བསམ་པའོ།། ༡༢ རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རི་བོ་འདེགས་པའི་ཚུལ་ལྟར་བྱ་བ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱ་སྟེ་ལྷོ་བཅིང་བའིའོ།། ༡༣ ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་དང་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་སྟེ་དཀྱིལ་འཁོར་བཅིང་བའིའོ།། ༡༤ རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པའི་མཁྲིག་མའི་རྒྱབ་ཀྱི་སྟེང་དུ་གཡས་པའི་མཁྲིག་མའི་རྒྱབ་བཞག་ནས་བསྣོལ་བའི་མཐེའུ་ཆུང་གཉིས་སྦྲེལ་ལ་མཛུབ་མོ་གཉིས་བསྒྲེང་བ་ནི་ཧཱུྃ་མཛད་ཀྱི་ཕྱག་རྒྱ་སྟེ་དེ་ཉིད་ཀྱི་རྭ་བའིའོ།། ༡༥ རྡོ་རྗེ་བསྡམས་པ་ནི་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བསྒོམ་པའི་ཕྱག་རྒྱ་སྟེ་སྔགས་དང་བཅས་པ་ལན་གསུམ་བྱ་བ་ནི་བསྲུང་བའི་འཁོར་ལོའོ། །དེ་ནས་སྤྲོ་ན། རང་མེ་ལྟར་འབར་བའི་ང་རྒྱལ་དང་ལྡན་པས་ཁྲོ་བོའི་ཚོགས་སྤྱན་དྲངས་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་མེ་ལྟར་འབར་བ་ལ་ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས་པར་བསམས་ལ། ཚིགས་བཅད་རེའི་མཇུག་ཏུ་རྡོ་རྗེ་གཡབ་ཅིང་དྲིལ་བུ་གསིལ་ལ། ཧཱུྃ་ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨེ་ཧྱེ་ཧི་ས་མཱ་ཛཿ ཞེས་པས་སྤྱན་དྲངས། པདྨའི་ཕྱག་རྒྱ་དང་བཅས་པས། ཨོཾ་པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་དབུལ། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ་གིས་མཆོད། ཚིགས་བཅད་རེ་ལ་གཡས་རྡོ་རྗེ་ཐལ་མོ་ནུ་མ་གཡས་པའི་སྟེང་། གཡོན་དྲིལ་བུ་བཅད་གཏུབ་ཏུ་དཀྲོལ་བའི་་་་་་ཕྱག་ལེན་ལ་ཡོ་ག་མཚན་བརྒྱའི་སྐབས་ལྟར་ཕྱག་ཆེན་ལྔ་དྲིལ་གསིལ་གསུམ་དང་བཅས་པ་མཛད་དོ།། ཚེ་རྡོ་རྗེ་གསོར་བར་བྱའོ། །དམིགས་བསལ་མེད་པ་རྣམས་ལ་འདི་བཞིན་ནོ། །ཧཱུྃ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོངས་ཤིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཅན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོ་སྟང་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྟོང་སྒྲ་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་སྒྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །གཡས་རྡོ་རྗེ་སྡིགས་མཛུབ་དང་། གཡོན་དྲིལ་བུ་བཅད་གཏུབ་ཏུ་དཀྲོལ་ཞིང་། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འདྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་ཚིག་ལས་འདའ་བྱེད་ན། །ཡེ་ཤེས་སྤྱན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །ཞེས་པས་བགེགས་ལ་བཀའ་བསྒོ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་སྙིང་གར་རེག་ཅིང་། ཨོཾ་་་་་་དེ་བཞིན་གཤེགས་པ་སུམྦྷ་་་་་་གནོད་མཛེས་ནི་སུམྦྷ་ཧཱུྃ།་་་་་ངེས་པར་གནོད་མཛེས། དཔྲལ་བར་རེག་ཅིང་། གྲྀཧྞ་་་་་་ཟུང་ཟུང་གྲྀཧྞ་ཧཱུྃ། ལྐོག་མར་རེག་ཅིང་། གྲྀཧྞ་པ་ཡ་་་་་་འཛིན་དུ་ཆུག་་་་་་གྲྀཧྞ་པ་ཡ་ཧཱུྃ། སྤྱི་བོར་རེག་ལ། འགུགས་པར་གྱིས།་་་་་ཨཱ་ན་ཡ་ཧོ་བྷ་ག་ཝན་་་་་་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་གསལ་བར་བྱེད་བིདྱ་རཱ་ཛ་ཧཱུྃ་ཕཊ་་་་་་གསོད་པ་ལ་བསྐུལ་བའོ། །ཅེས་བརྗོད་ལ། བདག་བསྲུང་། སྔགས་དང་ཕྱག་རྒྱ་དེ་ཉིད་ཀྱིས་ཤར་ནས་བཟུང་ནས་ཕྱོགས་བཞི་དང་། མེ་ནས་བཟུང་སྟེ་མཚམས་བཞིར་གཡས་བསྐོར་དུ་བྱས་་་་་་སྔར་བསྐྱེད་པས་བསྲུང་འཁོར་རྣམས་གཟི་བརྗིད་འབར་བར་བསམ་པ་ནི་གུང་རུ་བཞེད་དོ།། པས་གནས་དང་རྣལ་འབྱོར་བསྲུང་སྟེ་བགེགས་མེད་པར་བྱས། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་དང་། ༡ ཨོཾ་བཛྲ་ཀརྨ་ཀཾ། རྡོ་རྗེ་བསྲུང་བའི་ཕྱག་རྒྱ་དང་། ༢ ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་། ༣ ཨོཾ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་དང་། ༤ ཨོཾ་བཛྲ་སན་དྷི་བཾ་རྣམས་ཀྱིས་བདག་བརྟན་པར་བསྲུང་། དེ་དག་གི་ཕྱག་རྒྱ་ནི། ༡ རྡོ་རྗེ་བསྡམས་པ་ལས་མཐེ་བོང་དང་། མཐེའུ་ཆུང་རྩེ་སྤྲད་དེ་བཀྱེད་པ་ནི་ལས་ཀྱིའོ།། ༢ དེ་ཉིད་ལས་མཛུབ་མོ་གཉིས་བརྐྱང་སྟེ་རྩེ་སྤྲད་པ་ནི་བསྲུང་བའིའོ།། ༣ དེ་ཉིད་ལས་མཐེ་བོང་གཉིས་བསྣོལ་ཏེ་བཞག་པ་ནི་གནོད་སྦྱིན་གྱིའོ།། ༤ རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་ནང་དུ་བཅུག་པའི་རྒྱབ་མཛུབ་མོ་གཉིས་ཀྱིས་མནན་པ་ནི་ཁུ་ཚུར་གྱིའོ། །དེ་ལྟར་སྔགས་དང་ཕྱག་རྒྱ་ལན་གསུམ་གསུམ་བྱས་ལ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། མཆོག་གི་དངོས་གྲུབ་སྟེར་་་་་་ཨོཾ་བཛྲ་རྡོ་རྗེ་སེམས་དཔའ་་་་་་སཏྭ་རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྐྱོངས།་་་་་ས་མ་ཡ།་་་་་དམ་ཚིག་གི། མ་ནུ་པཱ་ལ་ཡ།་་་་་སྐྱོངས་ཤིག བཛྲ་་་་་་རྡོ་རྗེ་སེམས་དཔའ་སཏྭ་ཏྭེ་ནོ་པ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཉེར་གནས་མཛོད།་་་་་ཏིཥྛ།་་་་་བདག་ལ་ཉེ་བར་གནས་པ། དྲྀ་ཌྷོ་མེ་བདག་ལ་བརྟན་པར་མཛད་དུ་གསོལ།་་་་་བྷ་ཝ།་་་་་བདག་ལ་བརྟན་པའི་རང་བཞིན་དུ། སུ་ཏོ་ཥྱོ་་་་་་བདག་ལ་ཤིན་ཏུ་དགེས་པར་མཛོད། མེ་བྷ་ཝ།་་་་་བདག་ལ་དགའ་བའི་རང་བཞིན་དུ། ཨ་ནུ་རཀྟོ་མེ་བྷ་ཝ།་་་་་བདག་ལ་རྗེས་སུ་ཆགས་པའི། སུ་པོ་ཥྱོ་མེ་་་་་་བདག་ལ་མཛེས་པའི། བྷ་ཝ།་་་་་བདག་ལ་ཤིན་ཏུ་རྒྱས་པར་མཛོད། སརྦ་སིདྡྷིམྨེ་་་་་་བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། པྲ་ཡཙྪ། སརྦ་་་་་་ལས་ཀུན་སེམས་ལ། ཀརྨ་སུ་ཙ་མེ།་་་་་དགེ་ལེགས་སུ་མཛོད། ཙིཏྟཾ་ཤྲེ་ཡཿཀུ་་་་་་ཆོས་དབྱིངས་ཡེ་ཤེས་རུ་ཧཱུྃ། ཧ་ཧ་་་་་་ཡེ་ཤེས་གཞན་བཞི་ཧ་ཧ་ཧོཿ བྷ་ག་ཝཱན་་་་་་བཅོམ་ལྡན་འདས། སརྦ་ཏ་ཐཱ་་་་་་དེ་བཞིན་གཤེགས་པ་ཀུན་གྱི་ག་ཏ། བཛྲ་མཱ་མེ་མུཉྩ།་་་་་རྡོ་རྗེས་བདག་གྲོལ་བ་དང་མཛོད། བཛྲཱི་བྷ་ཝ། མཧཱ་་་་་་དམ་ཚིག་སེམས་དཔའ་ཆེན་པོ་ཨཱཿས་མ་ཡ་སཏྭ་ཨཱཿ་་་་་སྐྱེ་བ་མེད་པའི་དོན། ངག་ཏུ་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པའི་དང་པོ་གཉིས་ལ་དྲིལ་བུ་བཅད་གཏུབ་དུ་དཀྲོལ་བའི་ཁ་ལ། ལག་པ་གཡས་རྡོ་རྗེ་བཟུང་བས་བསྐོར། གསུམ་པ་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ། རྡོ་རྗེ་ནུ་མ་གཡས་པའི་ཐད་དུ་བསྒྲེང་བར་བཟུང་ངོ་ཞེས་གུང་རུ་བཞེད་ཀྱང་། དེང་སང་ཕྱག་ལེན་ལ་འདི་མཛད་པས། དང་པོ་ལག་པ་གཡས་ཀྱི་རྡོ་རྗེའི་རྩེས་དྲིལ་བུའི་ཁ་ལ་བསྐོར་ཞིང་དྲིལ་བུ་གསིལ་ལ། བཛྲ་ས་ཏྭ་བརྗོད། གཉིས་པ་ལ་རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་ལ། བཛྲ་སཏྭ་བརྗོད། གསུམ་པ་ལ་རྡོ་རྗེ་སྙིང་གར་བཞག་ཅིང་དྲིལ་བུ་ཚིག་བརྡུངས་བྱས་ལ། བཛྲ་སཏྭ་ཚར་རེ་བརྗོད་དེ། མདོར་ན་ལན་གསུམ་གྱིས། གོང་གི་བདག་བསྲུང་གནས་བསྲུང་རྣམས་བརྟན་པར་བྱས་ཤིང་། བར་ཆད་ཀྱིས་མི་ཚུགས་པར་བསམ་མོ། །ཞེས་པ་ལན་གསུམ་གྱིས་བརྟན་པར་བྱའོ། །འདི་རྣམས་མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་ཅུང་ཟད་ཀྱང་མེད་དོ།། ༈ །གཉིས་པ་བདག་བསྐྱེད་དངོས་ལ་གསུམ། ལྷ་འགྲུབ་པའི་རྒྱུ་བསྒོམ་པ། འབྲས་བུ་བསྐྱེད་པ་དངོས། ཆེད་དུ་གཏད་པའི་བཟླས་པ་བྱ་བའོ། །དང་པོ་ནི། རང་གི་ལག་པ་གཉིས་མདུན་དུ་ཁ་གྱེན་དུ་བསྟན་ཏེ་གཤིབས་ལ། རང་གི་ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་་་་་་གཡས་པའི་ལག་མཐིལ་ཟླ་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཚོན་ཏེ། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཐབས་སྙིང་རྗེ་ཆེན་པོའོ། །གཡོན་གྱི་ཟླ་བ་ནི་སྤྲོས་མེད་རྣམ་པར་མི་རྟོག་པའི་ཤེས་རབ། དེ་གཉིས་ཀྱི་སྟེང་གི་གཡས་ཀྱི་ཧཱུྃ་ནི་ཡེ་ཤེས་ལྔ་དང་། གཡོན་གྱི་ཨ་ནི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་མཚོན་ནོ། །ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འབིགས་བྱེད་ཀྱི་སྙིང་རྗེ་ཐབས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་ཧཱུྃ་དང་ཨ་ཐུང་གི་རྣམ་པར་ལངས་པའོ།། བའི་དཀྱིལ་འཁོར་རེ་རེ། དེ་དག་གི་དབུས་སུ་ཧཱུྃ་དང་ཨ་བསམ། ཐལ་མོ་གཉིས་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ལན་གཉིས་བརྗོད་ལ། རྣམས་ཀྱིས་གང་བ་ལས་འོད་ཟེར་འཕྲོ་བ། གཡས་གཡོན་གྱི་མཐེ་བོང་ལ་ཨོཾ། མཛུབ་མོ་ལ་ཧཱུྃ། གུང་མོ་ལ་ཏྲཱཾ། སྲིན་ལག་ལ་ཧྲཱིཿ མཐེའུ་ཆུང་ལ་ཨཱ་བཀོད་དེ། གཡས་པའི་མཐེ་བོང་ལ་རྣམ་པར་སྣང་མཛད། མཛུབ་མོ་ལ་མི་བསྐྱོད་པ། གུང་མོ་ལ་རིན་ཆེན་འབྱུང་ལྡན། སྲིན་ལག་ལ་འོད་དཔག་མེད། མཐེའུ་ཆུང་ལ་དོན་ཡོད་གྲུབ་པ། གཡོན་གྱི་མཐེ་བོང་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། མཛུབ་མོ་ལ་རྡོ་རྗེ་ཐུགས་མ། གུང་མོ་ལ་རྡོ་རྗེ་དབང་བསྐུར་མ། སྲིན་ལག་ལ་རྡོ་རྗེ་མཚོན་ཆ་མ། མཐེའུ་ཆུང་ལ་རྡོ་རྗེ་ཀུན་མ་རྣམས་ཕོ་མོའི་ཁྱད་པར་མ་གཏོགས་ཞལ་་་་་་གཟུགས་བརྙན་སོགས་བསྒོམ་ལ་བརྟེན་པའི་རང་བཞིན་གང་ཡིན་པ་སྦྱོར་ལམ་དྲོད་ཡིན། ཕྱག་རིགས་ལྔ་དང་འདྲ་བར་གྱུར་པར་བསམས་ལ། མཉམ་པའི་ཐལ་མོ་དང་། ཨོཾ་ཨ་་་་་་ཕན་ཚུན་རྗེས་སུ་རྟོགས་པ་སོགས་པའང་ཟེར་ནྱོ་ནྱ་ཨ་ནུ་ག་ཏཱཿཆོས་ཐམས་ཅད།་་་་་སརྦ་དྷརྨཱས། ལྷ་དང་ལྷ་མོ་རྣམས་རེག་་་་་གཟུགས་བརྙན་གྱི་འོད་ཟེར་གྱི་ཚུལ་གྱི་རྗེས་སུ་ཞུགས་ཏེ་རེག་པ་ལ་རྟེན་པ་སྐྱེས་པའི་ཡེ་ཤེས་ཀྱིས་བདེ་བ་ཉམས་སུ་མྱོང་བ་ལ་སེམས་འཇོག་ལ་སྦྱོར་ལམ་རྩེ་མོའོ།། རྡོ་རྗེ་ཐལ་མོ་དང་། རྒྱས།་་་་་སྥ་ར་སྥ་ར་་་་་་རྒྱས་ཨ་ནུ།་་་་་རྗེས་སུ་པྲ་བིཥྚཿ་་་་་རབ་ཏུ་འཇུག་པ་སརྦ་དྷརྨཱཿ་་་་་ཆོས་ཐམས་ཅད་བཛྲ་་་་་་རྡོ་རྗེ་ཨཉྫ་་་་་་ཐལ་མོ་ལི་ཡིས་རྗེས་སུ་ཞུགས། རྡོ་རྗེ་བསྡམས་པ་དང་། ཨདྱནྟ།་་་་་ཤིན་ཏུ་བརྟན་པ། ཨ་ནུ་་་་་་རྗེས་སུ་པྲ་བིཥྚཿ་་་་་རབ་ཏུ་འཇུག་པ་སརྦ་དྷརྨཱཿ་་་་་ཆོས་ཐམས་ཅད་བཛྲ་་་་་་རྡོ་རྗེ་འཆིང་བ་བནྡྷས་གཅིག་ཏུ་འདྲེས་པར་བསམ་ཞིང་་་་་་ཞེས་བརྗོད་པའི་ཚེ་ཕན་ཚུན་ལ་བརྟེན་ནས་སྐྱེས་པའི་བདེ་བ་ལ་སེམས་འཇོག་པ་ནི་སྦྱོར་ལམ་བཟོད་པའོ།། སེམས་འོད་གསལ་བར་བསམས་ལ།་་་་་ལྷ་ཡབ་ཡུམ་རྣམས་ཕན་ཚུན་ཆུ་ལ་ཆུ་འདྲེས་པ་དང་། མར་ལ་མར་བཞག་པ་བཞིན་དུ་དབྱེར་མེད་དུ་འདྲེས་པར་བསམ་ཞིང་། དེ་ལས་སྐྱེས་པའི་ཡེ་ཤེས་ལ་འཇོག་པ་ནི་སྦྱོར་ལམ་ཆོས་མཆོག་གོ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ལན་གསུམ་དཀྲོལ་ཞིང་སེ་གོལ་གཏོགས་ལ། བཛྲ་བནྡྷ་ཏྲད་ཀྱིས་སྡིག་པ་ཐམས་ཅད་དྲལ། རྡོ་རྗེ་བསྡམས་པའི་མཐེ་བོང་ནང་དུ་བཅུག་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཞེས་དང་། ཨཿབཅུ་ནས་བརྒྱའི་བར་བཟླས་ནས། སྙིང་གར་དང་པོའི་རྡོ་རྗེ་ཆར་བཞིན་དུ་དབབ་ཞིང་། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤ་ཤྭ་ཏོ་མེ་བྷ་ཝ། ཧྲི་ད་ཡཾ་མེ། ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ ཞེས་བརྗོད་ཅིང་ཕྱག་རྒྱ་དགྲོལ། ཡང་ཕྱག་རྒྱ་དེ་ཉིད་བཅའ་ཞིང་། བཛྲ་མུཥྚི་བརྗོད། ཨོཾ་བཛྲ་མུཥྚི་བཾ། ལན་གསུམ་གྱིས་ཕྱག་རྒྱ་དཀྲོལ་ཞིང་སེ་གོལ་གཏོགས་ཏེ་ཡེ་ཤེས་པ་རྣམས་བརྟན་པར་བསམ་མོ། །གཉིས་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རབ་ཏུ་དགྱེས་པའི་སྤྱན་གདངས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པ་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་པ་དྲིལ་བུ་ཁ་དཀུར་བརྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་པར་བསམས་ཏེ། ཕྱག་འཚལ་བའི་ཐལ་མོ་དཔྲལ་བར་བཞག་ལ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ཀྱིས་སྐུ་དང་། ཐལ་མོ་སྙིམ་པར་སྦྱར་བ་མགྲིན་པར་བཞག་ལ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ཀྱིས་གསུང་དང་། རྡོ་རྗེ་ཐལ་མོ་ལས། གུང་མོ་གཉིས་དང་མཐའ་བཞི་སྦྱར་ཏེ་བརྐྱངས་པའམ། ཕྱག་ལེན་ལ་འདི་མཛད།་་་་་བླ་མ་ཕྱི་མ་རྣམས་རྡོ་རྗེ་བསྡམ་པ་ལས་གུང་མོ་དང་མཐའ་བཞི་སྦྱར་བར་བཞེད། ཕྱག་རྒྱ་དེ་སྙིང་གར་བཞག་ལ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ཀྱིས་ཐུགས་བྱིན་གྱིས་བརླབ་པའོ། །དེ་ནས་རྡོ་རྗེ་བསྡམ་པ་ལས། གུང་མོ་རྡོ་རྗེ་འདྲ་བར་གཤིབས། མཐེ་བོང་དང་མཐེའུ་ཆུང་གཉིས་བརྐྱངས་པ་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དེ་ཉིད་ལས། མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བྱས་པ་སྦྱོང་རྒྱལ་གྱི་ཕྱག་རྒྱ་དཔྲལ་བར་བཞག་ལ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། དེ་ཉིད་ལས། མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་པ་དབང་བསྐུར་བའི་ཕྱག་རྒྱ་རྣ་བ་གཡས་པའི་སྟེང་དུ་བཞག་ལ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། མཐེ་བོང་དང་མཐེའུ་ཆུང་སོ་སོར་མཉམ་ལ། ལྷག་མ་ཐམས་ཅད་བརྐྱང་བ་སྡིག་པ་བསྲེག་པའི་ཕྱག་རྒྱ་ལྟག་པར་བཞག་ལ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ཉིད་གཡོན་དུ་བསྒྱུར་བ་ལས་ཐམས་ཅད་པའི་ཕྱག་རྒྱ་རྣ་ལྟག་གཡོན་དུ་བཞག་ལ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ཅིང་། གནས་དེ་རྣམས་སུ་མི་བསྐྱོད་པ། རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་བརྒྱན་པར་བསམ་མོ། །དེ་ལྟར་བདག་རྡོ་རྗེ་སེམས་དཔར་གྱུར་པའི་སྨིན་མཚམས་ནས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས། སྤྱིར་སེམས་ཅན་ཐམས་ཅད་དང་། བྱེ་བྲག་ཏུ་ངན་སོང་གསུམ་དང་། ཁྱད་པར་ཚེ་འདས་སོགས་དམིགས་ཡུལ་གང་ཡིན་ལ་ཕོག་པས། འགྲོ་བ་དེ་དག་གི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཞི་བར་བསམས་ལ། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ངན་སོང་གི་རྒྱུད་ཐམས་ཅད་ལས་གྲོལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་འོད་ཟེར་འཕྲོ་བ་དང་། སྡུད་པ་མང་པོའི་འཕྲེང་བ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ནས། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ཀུན་ཏུ་སྣང་བར་བྱས་སོ། །ཀུན་ཏུ་སྣང་བར་བྱས་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ། བདེ་བ་སོ་སོར་ཐོབ་ནས་དགའ་བའི་ཚལ་ཐམས་ཅད་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་མཆོད་དེ། ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ནས་མགོ་བོས་ལན་བརྒྱ་སྟོང་ཕྲག་དུ་མར་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །ཅེས་ཆེད་དུ་བརྗོད་ནས། སྡུག་བསྔལ་དང་བྲལ་བའི་འགྲོ་བ་དེ་རྣམས་ཀྱིས་བདག་ལ་མཆོད་པར་བསམས་ལ། སྔར་བྱིན་གྱིས་བརླབས་པའི་མཆོད་པ་རྣམས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སོགས་ཀྱི་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད། ཤབྡ་་་་་་འདི་ལ་རོལ་མོ་འབུད་དཀྲོལ་མི་མཛད། དང་བཅས་པས་མཆོད། རྡོ་རྗེ་ཐལ་མོ་སྙིང་ཁར་བཞག་པས་གཡས་སུ་བསྐོར་ཞིང་། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་པ་ནས། ཐམས་ཅད་རྡོ་རྗེའི་བདག་ཉིད་གཙང་། །ཞེས་པའི་བར་འོག་ནས་འབྱུང་བ་བཞིན་བརྗོད་པས་བསྟོད་པར་བསམ་མོ། །དེ་ནས་གསུམ་པ་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་སོགས་རྩ་རིག་ཚར་གཅིག་བརྗོད་པའི་མཐར། དེ་ལས་འོད་འཕྲོས་དམིགས་ཡུལ་གྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ཞི་བར་བྱས། སླར་འདུས་སྙིང་གའི་ཆོས་ཀྱི་ཡི་གེ་དེ་ཉིད་ལ་ཐིམ་པར་གྱུར་པར་བསམ་ཞིང་། ཨོཾ་ན་མོ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ།་་་་་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།་་་་་ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ།་་་་་འདི་ལྟ་སྟེ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་་་་་་ཨོཾ་སྦྱོང་མ་སྦྱོང་མ། སརྦ་པཱ་པཾ་བི་ཤོ་དྷ་ནེ་་་་་་སྡིག་པ་ཐམས་ཅད་རྣམ་པར་སྦྱོང་མ། ཤུདྡྷེ།་་་་་དག་མ། བི་ཤུདྡྷེ།་་་་་རྣམ་པར་དག་མ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་མ།་་་་་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱཧཱ། ཞེས་ཅི་ནུས་པ་བཟླས་ལ། སྙིང་གར་ཐལ་མོ་སྦྱར་ནས། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་དམིགས་ཡུལ་གྱིས་ཐོག་དྲངས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་བསྒོམ་བཟླས་ཀྱི་བྱིན་རླབས་བརྟན་པར་བསམས་ལ། སླར་ཡང་། བདག་ཉིད་ལ་མཆོད་བསྟོད་བྱ་བའི་ཕྱིར། མཆོད་རྫས་རྣམས་གོང་མཆོད་པ་བྱིན་རླབས་ཀྱི་སྐབས་ལྟར་བསང་སྦྱངས་བྱིན་གྱིས་བརླབས་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ་དང་། རྡོ་རྗེ་མེའི་ཕྱག་རྒྱས་གཟི་བྱིན་བསྐྱེད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཧཱུྃ། ནས། ཤབྡ་ཧཱུྃ། ཐལ་མོ་སྦྱར་ལ། འཇིག་རྟེན་ཁམས་འདི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཚིགས་བཅད་དང་། སྔགས་རྣམས་གོ་བརྗེས་ལ། སྔགས་རྣམས་བརྗོད་པའི་ཚེ་པད་སྐོར་སྔོན་དུ་འགྲོ་བའི་མཆོད་པ་སོ་སོའི་ཕྱག་རྒྱ་དང་བཅས་ལ། མེ་ཏོག་དང་། པུཥྤེ། བདུག་སྤོས་དང་། དྷཱུ་པེ། སྣང་གསལ་དང་། ཨཱ་ལོ་ཀེ། དྲི་ཆབ་དང་། གནྡྷེ། ཞལ་ཟས་དང་། ནཻ་ཝི་དྱཱ། རོལ་མོ་དང་། ཤབྡ་རྣམས་ཀྱིས་མཆོད་པ་རོལ་མོའི་སྒྲ་བྱ་ཞིང་། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་་་་་་རྡོ་རྗེ་ཆོས་ཀྱི་སྒྲ་སྒྲོགས། པྲ་ར་ཎི་ཏ་་་་་་རབ་ཏུ་སྒྲོགས། སཾ་པྲ་ར་ཎི་ཏ་་་་་་ཡང་དག་པར་རབ་ཏུ་སྒྲོགས། སརྦ་བུདྡྷ་ཀྵེ་ཏྲ་་་་་་སངས་རྒྱས་ཀྱི་ཞིང་རྣམས། པྲ་ཙཱ་ལི་ནི་་་་་་ཐམས་ཅད་རབ་ཏུ་གཡོ་བར་མཛད་མ། པྲ་ཛྙཱ་པ་ར་མི་ཏ་ནཱ་ད་སཾ་བྷ་ཝེན།་་་་་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲའི་རང་བཞིན་གྱིས། བཛྲ་དྷརྨཱ་ཧྲྀ་ད་ཡ་་་་་་ཡང་དག་པར་མཉེས་པར་བྱེད་མ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱཧཱ།་་་་་ཀུན་ནས་ནམ་མཁའ་ལ་གཞི་ཚུགས། ཚར་གཅིག་བརྗོད་ལ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས།་་་་་སྤྲོས་པ་ཆུང་ན་རྡོ་རྗེ་གསོར་ཞིང་དྲིལ་བུ་བཅད་གཏུབ་ཏུ་དཀྲོལ། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་བསྟོད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །མཆོད་པ་ཆེན་་་་་་ཞེས་པ་འདི་རྗེ་བཙུན་གྱིས་གཞན་ཕན་འོད་ཟེར་དུ་ཡང་གསུངས་ཤིང་སྔགས་འཆང་ངག་གི་དབང་པོས་གསུང་རྒྱུན་དུ་མཛད་དོ།། པོ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །བྱང་ཆུབ་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨོ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་མ་རུངས་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་པ་བསྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །རྡོ་རྗེ་རོ་ལངས་རོ་ལངས་བྱེད། །རྡོ་རྗེ་སྲིན་པོ་ཟ་བ་པོ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་ཏེ་གདོན་གྱི་མཆོག །འཇིགས་བྱེད་དགྲ་བྱེད་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། །སྒྲུབ་དཀའི་སྒྲུབ་པ་ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །འོད་སྟུག་པས་ན་སྟུག་པ་ཆེ། །ནམ་མཁའ་དང་ནི་མཉམ་པ་པོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིགས་སྔགས་བྱེ་བའི་ཚོགས་ཀྱིས་བསྐོར། །ཧ་ལ་ཧ་ལ་ནག་པོ་ཆེ། །དགྲ་ཆེན་ཞིང་ནི་འཇོམས་པ་ཅན། །རྡོ་རྗེ་འདོད་པ་འདོད་པ་ཆེ། །སྙིགས་མའི་ལུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། དྲག་པོ་རབ་སྣང་སྣང་མཛད་པ། །ཉི་མ་སྟོང་གིས་གདུངས་པའི་ཞལ། །སྤྱན་དམར་འཇིགས་པ་མཛད་པ་པོ། །ཁྲོ་བོ་དུ་མའི་འོད་བཞིན་འཕྲོ། །ཕྱག་རྣམས་དུ་མར་མཚོན་ཆ་བརྒྱ། །དུ་མའི་ཞལ་ཏེ་སྐུ་ཡང་སྟོང་། །འཁྱིལ་ཞིང་རྒྱན་ཡང་འཁྱིལ་བ་སྟེ། །སེམས་ཀྱི་ཆོས་པས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་འདུལ། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་སྲིད་མཐར་བྱེད། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་སྟེ། །སངས་རྒྱས་སངས་རྒྱས་རབ་རྟོགས་པ། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་དགེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་ཆེར་བཟང་པོ། །མཚན་རྣམས་དམ་པས་རྣམ་བརྒྱན་པ། །ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེའི་བདག་ཉིད་གཙང་། །ཞེས་པས་བསྟོད་དེ་བདག་བསྐྱེད་དོ། །་་་་་སྤྲོས་པ་ལ་དགའ་ན་ཡོ་ག་སྟོད་ལུགས་པ་རྣམས། ཕྱག་ཆེན་ལྔ་དང་དྲིལ་གསིལ་གསུམ། །ཞེས་པའམ། ཕྱག་རྒྱ་ལྔ་ལྡན་དྲིལ་གསུམ་བརྡུངས། །ཟེར་ཏེ། སྙིང་གར་རྡོ་རྗེ་དྲིལ་བུ་དཀྲོལ་བའི་སྟེང་དུ་རྡོ་རྗེ་བཟུང་བ་རྣམ་སྣང་གི་ཕྱག་ཆེན། ལག་པ་གཡས་རྡོ་རྗེ་དང་བཅས་པས་ནང་ནས་མར་ལ་སོང་ཐོག་ཏུ་མཉམ་བཞག་གི་ཕྱག་རྒྱ་བཅའ་བ་འོད་དཔག་མེད་ཀྱི་ཕྱག་ཆེན། དེ་ཉིད་གཡས་སུ་སྐྱབས་སྦྱིན་བྱ་ཞིང་དྲིལ་བུ་དཀྲོལ་བ་དོན་ཡོད་ཀྱི་ཕྱག་ཆེན། དེ་ཉིད་མར་ས་གནོན་བྱ་བ་མི་བསྐྱོད་པའི་ཕྱག་ཆེན། དེ་ཉིད་པུས་མོ་གཡོན་པའི་སྟེང་དུ་ཁྱེར་ནས། སླར་གཡས་ཕྱོགས་སུ་མཆོག་སྦྱིན་གྱི་ཚུལ་དུ་ཁྱེར་ཞིང་། རྡོ་རྗེ་གསོར་དྲིལ་བུ་གསིལ་བ་ནི་རིན་འབྱུང་གི་ཕྱག་ཆེན། འདི་ནི་ལོ་ཆེན་གྱིས། རྒྱ་གར་གྱི་པཎྜིཏ་ག་གོན་བཟང་པོ་ལ་ཞུས་པ་ཡིན་ཅིང་། འོག་གི་བསྟོད་རིང་ལའང་འདི་བྱས་པས་ཆོག་པས་ན། ག་གོན་ཀུན་འགྲོ་ཞེས་ཟེར། ཁ་ཅིག་ག་གོན་སྔོན་འགྲོ་ཟེར་བ་ནི་མ་དག་པའོ། །ཞེས་གུང་རུའི་བཞེད་པའོ། །ཞིབ་ཏུ་ནི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལས་ཤེས་པར་བྱའོ།། ༈ གཉིས་པ་བུམ་བཟླས་ནི། རྣམ་རྒྱལ་བུམ་པའི་སྟེང་དུ། དུང་ཆོས་དྲི་བཟང་གི་ཆུས་གང་བ་དང་། རྡོ་རྗེ་མེ་ཏོག་ཕྲེང་བ་དང་བཅས་པ་བཞག་ལ། ༈ ཨོཾ་བཛྲ་ཡཀྵ་ཧཱུྃ་དང་། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་ཆུའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེའི་ཁྲི། ལྷོར་རྟའི་ཁྲི། ནུབ་ཏུ་རྨ་བྱའི་ཁྲི། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་འཁོར་གྱི་ལྷ་རྣམས་ཀྱི་གནས་སུ་པདྨ་དང་ཟླ་བའི་གདན། དབུས་ཀྱི་གདན་གྱི་སྟེང་དུ། སྐད་ཅིག་གིས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཞལ་བཞི་དཀར་བ། རྩ་ཞལ་ཤར་དུ་གཟིགས་པ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཤར་དུ་སྦྱོང་བའི་རྒྱལ་པོ་དཀར་ལ་ཅུང་ཟད་དམར་བ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པ། ལྷོར་རྒྱལ་མཆོག་རིན་ཆེན་སྔོན་པོ། གཡས་མཆོག་སྦྱིན་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་ཤཱཀྱ་རིགས་དབང་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། བྱང་དུ་མེ་ཏོག་ཆེར་རྒྱས་ལྗང་གུ་གཡས་སྐྱབས་སྦྱིན། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་། དར་གྱི་ན་བཟའ་ཅན། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན་ནོ། །ཤར་ལྷོར་སྤྱན་མ་དཀར་མོ་གཡས་པ་སྤྱན་གྱིས་མཚན་པའི་འཁོར་ལོ་འཛིན་པ། ལྷོ་ནུབ་ཏུ་མཱ་མ་ཀི་སྔོན་མོ་གཡས་རྡོ་རྗེ་འཛིན་པ། ནུབ་བྱང་དུ་གོས་དཀར་མོ་དམར་མོ་གཡས་པདྨ་འཛིན་པ། བྱང་ཤར་དུ་སྒྲོལ་མ་ལྗང་གུ་གཡས་ཨུཏྤ་ལ་འཛིན་པ། བཞི་ཀའང་ཕྱག་གཡོན་གདན་ལ་བརྟེན་ཅིང་། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྒེག་ཅིང་ཆགས་པའི་ཉམས་དང་ལྡན་ཞིང་། ནུ་འབུར་ཟུང་གིས་མཛེས་པའོ། །དེའི་ཕྱི་རོལ་གྱི་ཤར་གྱི་གདན་བཞི་ལ། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དྲིལ་བུ་འཛིན་པ། རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འཛིན་པ། རྡོ་རྗེ་ལེགས་པ་ལྗང་གུ་རྡོ་རྗེ་སེ་གོལ་གྱིས་ལེགས་སོ་སྟེར་བའོ། །ལྷོའི་གདན་བཞི་ལ། རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང་གཡོན་དྲིལ་བུ་དཀུར་འཛིན་པ། རྡོ་རྗེ་གཟི་བརྗིད་དམར་སེར་ཉི་མའི་དཀྱིལ་འཁོར་འཛིན་པ། རྡོ་རྗེ་རྒྱལ་མཚན་ནམ་མཁའི་མདོག་ཅན་ཡིད་བཞིན་གྱི་རྒྱལ་མཚན་འཛིན་པ། རྡོ་རྗེ་བཞད་པ་དཀར་པོ་སོའི་འཕྲེང་བ་འཛིན་པའོ། །ནུབ་ཀྱི་གདན་བཞི་ལ། རྡོ་རྗེ་ཆོས་དཀར་ལ་ཅུང་ཟད་དམར་བ་གཡོན་པདྨ་འཛིན་ཅིང་། གཡས་པ་དེའི་ཁ་འབྱེད་པ། རྡོ་རྗེ་རྣོན་པོ་སྔོན་པོ་གཡས་རལ་གྲི་གཡོན་པོ་ཏི་འཛིན་པ། རྡོ་རྗེ་རྒྱུ་སེར་པོ་གཡས་པའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྐོར་ཞིང་འཛིན་པ། རྡོ་རྗེ་སྨྲ་བ་དམར་པོ་རྡོ་རྗེའི་ལྗགས་འཛིན་པའོ། །བྱང་གི་གདན་བཞི་ལ། རྡོ་རྗེ་ལས་སྣ་ཚོགས་མདོག་གཡས་སྣ་ཚོགས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་འཛིན་པ། རྡོ་རྗེ་བསྲུང་བ་སེར་པོ་རྡོ་རྗེའི་གོ་ཆ་འཛིན་པ། རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་ཞལ་གྱི་གཡས་གཡོན་གྱི་ཐད་ཀར་མཆེ་བ་་་་་་ཕག་རྒོད་ཀྱི་མཆེ་བ་འཛིན་པར་གུང་རུ་བཞེད་དོ།། འཛིན་པ། རྡོ་རྗེ་ཁུ་ཚུར་སེར་པོ་རྡོ་རྗེ་རྩེ་ལྔ་པ་གཉིས་དམ་ཚིག་གི་ཁུ་ཚུར་གྱིས་འཛིན་པའོ། །ནང་གི་གྲྭ་བཞིའི་ཤར་ལྷོར་སྒེག་མོ་དཀར་མོ་སྙེམས་པའི་ཚུལ་གྱིས་རྡོ་རྗེ་གཉིས་འཛིན་པ། ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ་ཕྱག་གཉིས་ཀྱིས་ཕྲེང་བ་འཛིན་པ། ནུབ་བྱང་དུ་གླུ་མ་དཀར་དམར་པི་ཝང་འཛིན་པ། བྱང་ཤར་དུ་གར་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་འཛིན་པས་གར་བྱེད་པའོ། །དེའི་ཕྱི་རོལ་གྱི་གྲྭ་བཞིར། ཤར་ལྷོར་བདུག་སྤོས་མ་དཀར་མོ་བདུག་སྤོས་འཛིན་པ། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ། ནུབ་བྱང་དུ་མར་མེ་མ་དམར་སྐྱ་མར་མེའི་སྡོང་བུ་འཛིན་པ། བྱང་ཤར་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པའོ། །ཤར་དུ་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། ལྷོར་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་འཛིན་པ། བྱང་དུ་རྡོ་རྗེ་དྲིལ་བུ་ལྗང་གུ་དྲིལ་བུ་འཛིན་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། ཞི་བའི་ཉམས་ཅན་པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཞེས་པས་ལྷ་སོ་བདུན་ཞལ་ཕྱག་རྫོགས་པར་སྐད་ཅིག་གིས་བསྐྱེད་ལ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀུན་རིག་རྩ་བའི་ལྷ་སུམ་ཅུ་རྩ་བདུན་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ལ། རྡོ་རྗེ་དྲིལ་བུ་འཛིན་པས།་་་་་ཚིགས་བཅད་རེའི་མཇུག་ཏུ་རྡོ་རྗེ་གཡབ་ཅིང་དྲིལ་བུ་དཀྲོལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེར་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿབྷ་ག་ཝཱན་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་ཏྲི་ཤྱ་ཧོ་ས་མ་ཡ་སཏྭཾ། ཞེས་བརྗོད། པདྨའི་ཕྱག་རྒྱ་བཅས་ལ། ཨོཾ་པདྨ་ཀ་མ་ལ་ཡ་སཏྭཾ་གྱིས་གདན་དང་། སོ་སོའི་ཕྱག་རྒྱ་དང་བཅས་པས།་་་་་མཆོད་པ། ཨོཾ་ཨརྒྷཾ་ཧཱུྃ། སོགས་ནས། ཤབྡ་ཧཱུྃ་གི་བར་གྱིས་མཆོད་པ་མདོར་བསྡུས་ཕུལ་ལ་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་འོག་འཕྲིན་ལས་ཀྱི་སྐབས་ལྟར་ནང་གི་སྒོ་བ་བཞིའི་དམ་རྒྱ་ལྟར་བྱ་ཞིང་། འོག་གི་དགུག་གཞུག་ཐམས་ཅད་ལ་ཤེས་པར་བྱའོ།་་་་་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཨཱ། ཞེས་པས་དམ་ཚིག་པ་དང་དབྱེར་མེད་དུ་བསྲེས། བུམ་པའི་ལྷ་ལ་གོང་བདག་བསྐྱེད་ལྟར་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། སོགས་ཀྱིས་གནས་གསུམ་བྱིན་གྱིས་བརླབས། གོང་བདག་བསྐྱེད་ལྟར་ཕྱག་རྒྱ་དང་བཅས།་་་་་བུམ་པའི་ལྷ་ལ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་སོགས་ཀྱིས་བུམ་པའི་ལྷ་རྣམས་ཀྱི་སྤྱི་བོར་རྣམ་པར་སྣང་མཛད་དང་། དཔྲལ་བར་མི་བསྐྱོད་པ་ལ་སོགས་པས་དབང་བསྐུར་ལ། པད་ཀོར་སྔོན་དུ་འགྲོ་བས་སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ། རེ་རེའི་འགོར་སྦྱར་བའི། ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། སྔགས་གོང་འོག་འདྲ་བར་བྱས་ལ། པུཥྤེ་དང་། དྷཱུ་པེ་དང་། ཨཱ་ལོ་ཀེ་དང་། གནྡྷེ་དང་། ནཻ་ཝི་དྱཱ་དང་། ཤབྡ་དང་། རོལ་མོ་དང་བཅས་པས། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་བརྗོད་ཅིང་། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས།་་་་་ཕྱག་ལེན་ལ་ཕྱག་ཆེན་ལྔ་དྲིལ་གསིལ་གསུམ་དང་བཅས་པ་མཛད། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་གྱིས། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨོ་ཁ་རྒྱས་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱ་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་འཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང་། །རིགས་ཀྱི་ཡུམ་བཞིའི་སྐུར་བསྟན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞིན་བདག་གིས་བསྟོད་པར་བགྱི། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་མཆོད་པའི་ལྷ་མོ་དང་། །སྤོས་དང་མེ་ཏོག་མར་མེ་མ། །དྲི་ཡི་ལྷ་མོ་ཁྱོད་ཕྱག་འཚལ། །སྒོ་བཞིའི་དབུས་ན་ལེགས་བཞུགས་པའི། །དད་སོགས་ངོ་བོ་རྣམ་དག་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་བསྲུང་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། སློབ་དཔོན་གྱིས་པད་ཀོར་སྔོན་དུ་འགྲོ་བས་གཟུངས་ཐག་བླངས་ལ་བཟླས་པ་བྱ་སྟེ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་ཞོན་ནས་སོང་བས་ལྷ་རྣམས་ཀྱི་རྒྱུད་བསྐུལ། དེ་རྣམས་ཀྱི་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་གྱུར་པར་བསམས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ། ཏ་དྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ། བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱཧཱ། རྩ་རིག་བརྒྱ་སྟོང་ཅི་ནུས་བཟླས་ཏེ། དེ་ལ། ཕྱག་ལེན་ལ་འདི་མན་གྱི་སྔགས་རྣམས་ལན་གསུམ་གསུམ་མཛད་དོ།་་་་་ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ན་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་པ་གཙོ་བོའི་སྔགས་དང་། ཨོཾ་སརྦ་བིཏ་ཧཱུྃ། ཨོཾ་སརྦ་བིཏ་ཕཊ། ཨོཾ་སརྦ་བིཏ་ཨཱ། ཨོཾ་སརྦ་བིཏ་ཏྲ་ཐ། ཞེས་པས་རིགས་བཞི་དང་། ཨོཾ་བུདྡྷ་ལོ་ཙ་ནི་ཧཱུྃ། ཨོཾ་བཛྲ་མཱ་མ་ཀཱི་ཏྲཱཾ། ཨོཾ་བཛྲ་པཱ་ཎྜ་རེ་དེ་ཧི་དེ་ཧི་སིདྡྷི་བོ་དྷི་ལོ་ཀི་ཏ་རཾ་པ་སྭཱཧཱ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭ་སྭཱཧཱ། ཡུམ་བཞི་དང་། ཨོཾ་བཛྲ་སཏྭ་ཧཱུྃ། ཨོཾ་བཛྲ་རཱ་ཛཱ་ཛ། ཨོཾ་བཛྲ་རཱ་ག་ཧོ། ཨོཾ་བཛྲ་སཱ་དྷུ་དྷུ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་ཏེ་ཛ་རྻ། ཨོཾ་བཛྲ་ཀེ་ཏུ་བྷྲི། ཨོཾ་བཛྲ་ཧ་ས་ཧཱ། ཨོཾ་བཛྲ་དྷརྨ་ཧྲཱིཿ ཨོཾ་བཛྲ་ཏིཀྵ་ཎ་དྷཱི། ཨོཾ་བཛྲ་ཧེ་ཏུ་ཀྲུཾ། ཨོཾ་བཛྲ་བྷཱ་ཥ་བྷཱ། ཨོཾ་བཛྲ་ཀརྨ་ཀཾ། ཨོཾ་བཛྲ་རཀྵ་རཾ། ཨོཾ་བཛྲ་ཡཀྵ་ཀྵཾ། ཨོཾ་བཛྲ་སན་དྷི་སཾ། ཞེས་སེམས་དཔའ་བཅུ་དྲུག་དང་། ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏི་ཧྲཱིཿ ཨོཾ་བཛྲ་ནིརྟི་ཨཿ ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ལྷ་མོ་བརྒྱད་དང་། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཏྲ་བཾ། ཨོཾ་བཛྲ་ཨ་བེ་ཤ་ཨཱཿ ཞེས་སྒོ་བ་བཞི་སྟེ་ལྷ་སོ་སོའི་སྔགས་དང་། ཁྲུས་ཀྱི་དོན་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཉི་ཤུ་རྩ་གཅིག་བཟླས། སླར་ཡང་སྔར་བཞིན་མཆོད་བསྟོད་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ། རེ་རེའི་འགོར་སྦྱར་བའི། ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། སྔགས་གོང་འོག་འདྲ་བར་བྱས་ལ། པུཥྤེ་དང་། དྷཱུ་པེ་དང་། ཨཱ་ལོ་ཀེ་དང་། གནྡྷེ་དང་། ནཻ་ཝི་དྱཱ་དང་། ཤབྡ་དང་། རོལ་མོ་དང་བཅས་པས། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་བརྗོད་ཅིང་། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས།་་་་་ཕྱག་ལེན་ལ་ཕྱག་ཆེན་ལྔ་དྲིལ་གསིལ་གསུམ་དང་བཅས་པ་མཛད། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་གྱིས། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨོ་ཁ་རྒྱས་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱ་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་འཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང་། །རིགས་ཀྱི་ཡུམ་བཞིའི་སྐུར་བསྟན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞིན་བདག་གིས་བསྟོད་པར་བགྱི། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མ་མཆོད་པའི་ལྷ་མོ་དང་། །སྤོས་དང་མེ་ཏོག་མར་མེ་མ། །དྲི་ཡི་ལྷ་མོ་ཁྱོད་ཕྱག་འཚལ། །སྒོ་བཞིའི་དབུས་ན་ལེགས་བཞུགས་པའི། །དད་སོགས་ངོ་བོ་རྣམ་དག་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་བསྲུང་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཟུངས་ཐག་བསྡུས། དུང་ཆོས་ཀྱི་ཆུ་བུམ་ནང་དུ་བླུགས་ལ། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཡི་གེ་བརྒྱ་པ་ཚར་གསུམ་བརྗོད་པས་བརྟན་པར་བྱའོ། །དབང་གི་བུམ་པ་ལྔ་ཡོད་ན། བུམ་པ་སོ་སོའི་ནང་དུ་རིགས་ལྔ་པོ་རེ་རེ་བསྐྱེད། རྩ་རིག་དང་རིགས་ལྔའི་སྔགས་བཟླས་པ་ཉིད་དོ། །བསྡུས་པ་ནི། བུམ་པའི་ཁར་གཟུངས་ཐག་བཞག བསང་སྦྱངས་ནས་གང་བར་གྱུར། རང་གི་སྙིང་ཁ་ནས་སྔགས་ཀྱི་འཕྲེང་བ་གཟུངས་ཐག་ལ་ཞོན་ནས་སོང་བས། བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར། རྩ་རིག་སོགས་ནས་ཤྲི་ཡེ་ཧཱུྃ། ཆུ་དེ་ལྷའི་ངོ་བོ་ཡིན་པས། མཆོད་བསྟོད་བྱས་ཀྱང་ལེགས། མ་བྱས་ཀྱང་རུང་། ཡིག་བརྒྱ་ལན་གསུམ་གྱིས་བརྟན་པར་བྱའོ།། ༈ །གསུམ་པ་ལ་བཞི། དཀྱིལ་འཁོར་སྒྲུབ་པ། དེ་ལ་མཆོད་པ། བདག་འཇུག་བླང་བ། བདག་སྒྲུབ་ཅིང་བཟླས་པ་བྱ་བའོ། །དང་པོ་ནི། མདུན་གྱི་རས་བྲིས་ཀྱི་དཀྱིལ་འཁོར། ཨོཾ་བཛྲ་ཡཀྵ་ཧཱུྃ་དང་། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསལ། ཨོཾ་ཤ་ཞེས་དང་། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྟོང་པར་བསམ། སྟོང་པའི་ངང་ལས་ཨོཾ་བྷཱ་ཡོངས་སུ་གྱུར་པ་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་། རིན་པོ་ཆེའི་ཕ་གུས་བསྐོར་བ་ལ་སྟེང་ནས་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང་། མདའ་ཡབ་དང་པུ་ཤུས་མཛེས་པར་བྱས་པ། སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོ་དང་། གདུགས་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་། འཕན་ལ་སོགས་པ་རྒྱན་དུ་མས་བརྒྱན་པ། རྩིག་པའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་གནས་པའི་ལྷ་མོ་སྣ་ཚོགས་པ་མཆོད་རྫས་དུ་མ་ཐོགས་ནས་འཁོད་པ། དེའི་ཕྱི་རོལ་གྱི་ཁྱམས་ཁ་དོག་སྣ་ཚོགས་པའི་ཕྱི་རོལ་དུ་འཇིག་རྟེན་པའི་ཁོར་ཡུག་སྔོན་པོ། ཕྱི་རོལ་རྡོ་རྗེ་རྭ་བ་དང་། འོད་ཟེར་ཕྲེང་བས་ཡོངས་སུ་བསྐོར་བའོ། །དེའི་ནང་དུ་རྩ་བའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཆོས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པ། ལྟེ་བ་ལེ་ཚེ་དགུ་པའི་ཕྱོགས་བཞི་ནས་ཀ་བ་གཉིས་གཉིས་ཏེ་བརྒྱད་ཀྱིས་བཏེག་པའི་སྟེང་རྡོ་རྗེའི་གདུང་ཟླུམ་པོ་དང་། དེའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲེས་པས་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་སྟེང་དུ། རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ། ཁང་བཟང་གཉིས་ཀའི་ནང་གི་གཞི་ཐམས་ཅད། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་ཀྱི་རེ་མིག་དཀར་པོའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེའི་ཁྲི། ལྷོར་རྟའི་ཁྲི། ནུབ་ཏུ་རྨ་བྱའི་ཁྲི། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། འཁོར་གྱི་ལྷ་ཐམས་ཅད་ཀྱི་གནས་སུ་པདྨ་དང་ཟླ་བའི་གདན། ཕྱི་སྒོའི་ཁྲོ་བོ་རྣམས་ལ་ཉི་མའི་གདན། འཇིག་རྟེན་པའི་ཁོར་ཡུག་ལ་སྲོག་ཆགས་ལ་སོགས་པ་སོ་སོའི་གདན་རྣམས་ཡོངས་སུ་རྫོགས་པར་གྱུར་པར་བསམས་ཏེ་རྟེན་བསྐྱེད་པའོ། །དེ་ནས་ལྷ་རྣམས་སྙིང་པོ་ཚིག་ཙམ་ལས་བསྐྱེད་དེ། དབུས་ཀྱི་གདན་གྱི་སྟེང་དུ། ཨོཾ་སརྦ་བིཏ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་དཀར་བ། རྩ་ཞལ་ཤར་དུ་གཟིགས་པ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཤར་དུ་ཨོཾ་སརྦ་བིཏ་ཧཱུྃ་ལས་སྦྱོང་བའི་རྒྱལ་པོ་དཀར་ལ་ཅུང་ཟད་དམར་བ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ལྷོར་ཨོཾ་སརྦ་བིཏ་ཕཊ་ལས། རྒྱལ་མཆོག་རིན་ཆེན་སྔོན་པོ་གཡས་མཆོག་སྦྱིན་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་ཨོཾ་སརྦ་བིཏ་ཨཱཿལས་ཤཱཀྱ་རིགས་དབང་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། བྱང་དུ་ཨོཾ་སརྦ་བིཏ་ཏྲ་ཐ་ལས་མེ་ཏོག་ཆེར་རྒྱས་ལྗང་གུ་གཡས་སྐྱབས་སྦྱིན། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་། དར་གྱི་ན་བཟའ་ཅན། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་ལོ་སྒྱུར་བའི་ཆ་ལུགས་ཅན་ནོ། །ཤར་ལྷོར་ཨོཾ་བུདྡྷ་ལོ་ཙ་ནི་ཧཱུྃ་ལས། སྤྱན་མ་དཀར་མོ་གཡས་པ་སྤྱན་གྱིས་མཚན་པའི་འཁོར་ལོ་འཛིན་པ། ལྷོ་ནུབ་ཏུ་ཨོཾ་བཛྲ་མཱ་མ་ཀཱི་ཏྲཱཾ་ལས། མཱ་མ་ཀཱི་སྔོན་མོ་གཡས་རྡོ་རྗེ་འཛིན་པ། ནུབ་བྱང་དུ་ཨོཾ་བཛྲ་པཱཎྜ་རེ་དེ་ཧི་དེ་ཧི་སིདྡྷི་བོ་དྷི་ལོ་ཀི་ཏ་རཾ་པ་སྭཱ་ཧཱ་ལས་གོས་དཀར་མོ་དམར་མོ་གཡས་པདྨ་འཛིན་པ། བྱང་ཤར་དུ་ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭ་སྭཱ་ཧཱ་ལས། སྒྲོལ་མ་ལྗང་གུ་གཡས་ཨུཏྤ་ལ་འཛིན་པ། བཞི་ཀའང་ཕྱག་གཡོན་གདན་ལ་བརྟེན་ཅིང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྒེག་ཅིང་ཆགས་པའི་ཉམས་དང་ལྡན་ཞིང་། ནུ་འབུར་ཟུང་གིས་མཛེས་པའོ། །དེའི་ཕྱི་རོལ་གྱི་འཁོར་ལོའི་ཤར་གྱི་རྩིབས་བཞི་ལ་རིམ་པ་བཞིན་དུ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཛཿལས་རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། ཧོ་ལས་རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འཛིན་པ། དྷུ་ལས་རྡོ་རྗེ་ལེགས་པ་ལྗང་གུ་རྡོ་རྗེ་སེ་གོལ་གྱིས་ལེགས་སོ་སྟེར་བའོ། །ལྷོའི་རྩིབས་བཞི་ལ། ཏྲཱཾ་ལས་རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང་། གཡོན་དྲིལ་བུ་དཀུར་འཛིན་པ། རྻ་ལས་རྡོ་རྗེ་གཟི་བརྗིད་དམར་སེར་ཉི་མའི་དཀྱིལ་འཁོར་འཛིན་པ། བྷྲི་ལས་རྡོ་རྗེ་རྒྱལ་མཚན་ནམ་མཁའི་མདོག་ཅན་ཡིད་བཞིན་གྱི་རྒྱལ་མཚན་འཛིན་པ། ཧ་ལས་རྡོ་རྗེ་བཞད་པ་དཀར་པོ་སོའི་ཕྲེང་བ་འཛིན་པའོ། །ནུབ་ཀྱི་རྩིབས་བཞི་ལ། ཧྲཱིཿལས་རྡོ་རྗེ་ཆོས་དཀར་ལ་ཅུང་ཟད་དམར་བ་གཡོན་པདྨ་འཛིན་ཅིང་། གཡས་པ་དེའི་ཁ་འབྱེད་པ། དྷཱིཿལས་རྡོ་རྗེ་རྣོན་པོ་སྔོན་པོ་གཡས་རལ་གྲི་གཡོན་པོ་ཏི་འཛིན་པ། ཀྲུཾ་ལས་རྡོ་རྗེ་རྒྱུ་སེར་པོ་གཡས་པའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྐོར་ཞིང་འཛིན་པ། བྷ་ལས་རྡོ་རྗེ་སྨྲ་བ་དམར་པོ་རྡོ་རྗེའི་ལྗགས་འཛིན་པའོ། །བྱང་གི་རྩིབས་བཞི་ལ། ཀཾ་ལས་རྡོ་རྗེ་ལས་སྣ་ཚོགས་མདོག་གཡས་སྣ་ཚོགས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་འཛིན་པ། རཾ་ལས་རྡོ་རྗེ་བསྲུང་བ་སེར་པོ་རྡོ་རྗེའི་གོ་ཆ་འཛིན་པ། ཀྵཾ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཀྱིས་ཞལ་གྱི་གཡས་གཡོན་གྱི་ཐད་ཀར་མཆེ་བ་འཛིན་པ། སཾ་ལས་རྡོ་རྗེའི་ཁུ་ཚུར་སེར་པོ་རྡོ་རྗེ་རྩེ་ལྔ་པ་གཉིས་དམ་ཚིག་གི་ཁུ་ཚུར་གྱིས་འཛིན་པའོ། །ནང་གི་གྲྭ་བཞིའི་ཤར་ལྷོར་ཧཱུྃ་ལས་སྒེག་མོ་དཀར་མོ་སྙེམས་པའི་ཚུལ་གྱིས་རྡོ་རྗེ་གཉིས་འཛིན་པ། ལྷོ་ནུབ་ཏུ་ཏྲཱཾ་ལས་ཕྲེང་བ་མ་སེར་མོ་ཕྱག་གཉིས་ཀྱིས་ཕྲེང་བ་འཛིན་པ། ནུབ་བྱང་དུ་ཧྲཱིཿལས་གླུ་མ་དམར་མོ་པི་ཝང་འཛིན་པ། བྱང་ཤར་དུ་ཨཿལས་གར་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་འཛིན་པས་གར་བྱེད་པའོ། །དེའི་ཕྱི་རོལ་གྱི་གྲྭ་བཞིར་ཤར་ལྷོར་ཧཱུྃ་ལས་བདུག་པ་མ་དཀར་མོ་བདུག་སྤོས་འཛིན་པ། ལྷོ་ནུབ་ཏུ་ཏྲཱཾ་ལས་མེ་ཏོག་མ་སེར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ། ནུབ་བྱང་དུ་ཧྲཱིཿལས་མར་མེ་མ་དམར་སྐྱ་མར་མེའི་སྡོང་བུ་འཛིན་པ། བྱང་ཤར་དུ་ཨཿལས་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པའོ། །ཤར་སྒོར་ཛཿལས་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཧཱུྃ་ལས་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། ནུབ་སྒོར་བཾ་ལས་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་ཧོ་ལས་རྡོ་རྗེ་དྲིལ་བུ་ལྗང་གུ་དྲིལ་བུ་འཛིན་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་གྱི་སྟོད་གཡོགས་དང་ཤམ་ཐབས་དང་། ཞི་བའི་ཉམས་ཅན། པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །གཞལ་ཡས་ཁང་ཕྱི་མའི་ལྷ་སྣམ་དང་པོ་ལ། ཕྱོགས་བཞིར་ཟླ་བའི་དཀྱིལ་འཁོར་བཞི་བཞི་གནས་པ་རྣམས་ཀྱི་སྟེང་དུ། ཨོཾ་ན་མོ་སོགས་འོག་མ་རྣམས་ལའང་ཤེས་པར་བྱའོ།་་་་་རྩ་རིག་ཚར་གཅིག་བརྗོད་ལ། རྩ་བའི་རིག་པ་སྦྲུལ་འཁྱིལ་པ་ལྟ་བུ་བཅུ་དྲུག་ཡོངས་སུ་གྱུར་པ་ལས་ཤར་དུ་བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་བཞི་སྐུ་མདོག་སྔོན་པོ། ལྷོར་སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག་བཞི་སེར་པོ། ནུབ་ཏུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་དྲྭ་བ་ཅན་གྱི་འོད་བཞི་དམར་པོ། བྱང་དུ་རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་རྩེགས་པ། ཀུན་ཏུ་བཟང་པོ་བཞི་ལྗང་གུ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞི་ཞིང་སྒེག་པའི་ཉམས་ཅན། རིན་པོ་ཆེའི་རྒྱན་དང་། དར་གྱི་ཤམ་ཐབས་ཀྱིས་མཛེས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེའི་ཕྱི་རོལ་གྱི་ལྷ་སྣམ་གྱི་ཕྱོགས་བཞིར། ཟླ་བའི་དཀྱིལ་འཁོར་བཞི་བཞི་གནས་པ་རྣམས་ཀྱི་སྟེང་དུ། ཨོཾ་སོགས་དང་། རྩ་བའི་རིག་པ་སྦྲུལ་འཁྱིལ་པ་ལྟ་བུ་བཅུ་དྲུག་ཡོངས་སུ་གྱུར་པ་ལས། ཤར་དུ་འཕགས་པ་དགའ་བོ། སྒྲ་གཅན་འཛིན། ཤཱ་རིའི་བུ། མོའུ་འགལ་གྱི་བུ། ལྷོར་རབ་འབྱོར། འཆར་ཀ མ་འགགས་པ། ཀོའུ་དི་ནྱ། ནུབ་ཏུ་ཉེ་བར་འཁོར། རྟ་ཐུལ། བ་ལང་བདག ཀུན་དགའ་བོ། བྱང་དུ་མིང་ཆེན། ནོར་སྦྱིན་འཛིན། གང་པོ། འོད་སྲུངས་ཏེ་ཉན་ཐོས་ཆེན་པོ་བཅུ་དྲུག་པོ་ཐམས་ཅད་ཀྱང་ལྷུང་བཟེད་དང་འཁར་གསིལ་འཛིན་པ། ཆོས་གོས་ངུར་སྨྲིག་གྱོན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །སྣམ་བུ་དེ་ཉིད་ཀྱི་མཚམས་བཞི་དང་། ཕྱོགས་བཞིའི་གཡས་གཡོན་གཉིས་ཏེ་གནས་བཅུ་གཉིས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་སོགས་དང་། རྩ་བའི་རིག་པ་སྦྲུལ་འཁྱིལ་པ་ལྟ་བུ་བཅུ་གཉིས་ཡོངས་སུ་གྱུར་པ་ལས། ཤར་དུ་གདུང་བ་སེལ་བ་དང་སྣང་བ་བརྩེགས་པ། ཤར་ལྷོར་འཇིགས་པ་མེད་པ། ལྷོར་དཔའ་བོ་འདུལ་བ་དང་ཤེས་རབ་མགྱོགས་ཆེན། ལྷོ་ནུབ་ཏུ་རི་བོ་རྒྱལ། ནུབ་ཏུ་སྨྲ་བའི་སྒྲ་ཆེན་དང་བསེ་རུ་ལྟ་བུ། ནུབ་བྱང་དུ་དུག་ཆེན་འཇོམས། བྱང་དུ་རྫུ་འཕྲུལ་ཆེར་སྟོན་དང་སེང་གེ་སྒྲ། བྱང་ཤར་དུ་ཡིད་མྱུར་རྣམས་དབུའི་གཙུག་ཏོར་ཕྱེད་དང་བཅས་ཤིང་། དྲང་སྲོང་གི་ཆ་ལུགས་ཅན། འཁར་གསིལ་དང་པོ་ཏི་འཛིན་པ། ཆོས་གོས་བསྣམས་ཤིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །སྒོ་ཕྱི་མ་བཞིའི་དབུས་དང་གཡས་གཡོན་གཉིས་རྒྱབ་རྣམས་སུ་ཉི་མའི་དཀྱིལ་འཁོར་རེ་རེ་སྟེ་བཅུ་དྲུག་གི་སྟེང་དུ། ཨོཾ་སོགས་དང་། རྩ་བའི་རིག་པ་སྦྲུལ་འཁྱིལ་པ་ལྟ་བུ་བཅུ་དྲུག་ཡོངས་སུ་གྱུར་པ་ལས། ཤར་སྒོར་ཁྲོ་བོ་འཇིག་རྟེན་གསུམ་སྣང་། དེའི་གཡས་སུ་བདུད་རྩི་འཁྱིལ་པ། གཡོན་དུ་དུས་ཀྱི་སྲིན་མོ། རྒྱབ་ཏུ་དུས་ཀྱི་ལྕགས་ཀྱུ་མ། ལྷོ་སྒོར་ཁྲོ་བོ་འཇིག་རྟེན་གསུམ་འདུལ། དེའི་གཡས་སུ་དབྱུག་སྔོན་ཅན། གཡོན་དུ་དུས་ཀྱི་དབྱུག་པ་ཅན། རྒྱབ་ཏུ་དུས་ཀྱི་ཞགས་པ་མ། ནུབ་སྒོར་ཁྲོ་བོ་འཇིག་རྟེན་གསུམ་འཆིང་། དེའི་གཡས་སུ་མི་གཡོ་བ། གཡོན་དུ་དུས་ཀྱི་མཚན་མོ། རྒྱབ་ཏུ་དུས་ཀྱི་ལྕགས་སྒྲོག་མ། བྱང་སྒོར་ཁྲོ་བོ་འཇིག་རྟེན་གསུམ་འཇིག དེའི་གཡས་སུ་རྟ་མགྲིན། གཡོན་དུ་དུས་ཀྱི་གནོད་སྦྱིན་མོ། རྒྱབ་ཏུ་དུས་ཀྱི་དྲིལ་བུ་མ་རྣམས་སྐུ་མདོག་མ་ངེས་པ། དབུ་དང་ཕྱག་མཐའ་ཡས་པ། སྦྲུལ་དང་མི་སྡུག་པའི་རྒྱན་གྱིས་བརྒྱན་པའོ། །ཡང་ན་ཐམས་ཅད་སྐུ་མདོག་ནག་པོ། ཕོ་བརྒྱད་གཡས་རལ་གྲི་འཕྱར་བའི་ཚུལ་དང་། གཡོན་ཐོད་པ་ཐུགས་ཀར་འཛིན་པ། གཡོན་བརྐྱང་བས་བཞུགས་པ། གཡོན་གྱི་མོ་བཞི། གཡས་གྲི་གུག་དང་། གཡོན་ཐོད་པ། རྒྱབ་ཀྱི་བཞི། ལྕགས་ཀྱུ་སོགས་ནང་སྒོ་བའི་ཕྱག་མཚན་ཅན་དུ་རྩ་སྐྱ་བ་བཞེད་དོ། །ཕྱིའི་ཁོར་ཡུག་གི་གདན་རྣམས་ཀྱི་སྟེང་དུ། ཨོཾ་སོགས་དང་། རྩ་བའི་རིག་པ་སྦྲུལ་འཁྱིལ་པ་ལྟ་བུ་རེ་རེ་ཡོངས་སུ་གྱུར་པ་ལས། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བཅུ། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཆེན་བརྒྱད། དགའ་བོ་དང་འཇོག་པོ་ལ་སོགས་པའི་ཀླུ་ཆེན་བརྒྱད། ཉི་མ་དང་ཟླ་བ་ལ་སོགས་པའི་གཟའ་ཆེན་བརྒྱད། སྣར་མ་དང་སྨིན་དྲུག་ལ་སོགས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ལ་སོགས་པ་རྒྱལ་པོ་ཆེན་པོ་སྡེ་བཞི། མ་ཧཱ་བྷཻ་ར་བ་ལ་སོགས་པའི་འཇིགས་བྱེད་ཆེན་པོ་དགུ་སྟེ། དཔལ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་དང་། གང་བ་བཟང་པོ་དང་ནོར་བུ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་ཚོགས་རྣམས་དང་། ལང་ཀ་མགྲིན་བཅུ་ལ་སོགས་པ་སྲིན་པོའི་ཚོགས་རྣམས་དང་། ལྷ་མོ་སྒྱུ་འཕྲུལ་མ་ལ་སོགས་པ་བུད་མེད་ཀྱི་ཚོགས་རྣམས་དང་། ཙརྩི་ཀ་ལ་སོགས་པའི་རྡོ་རྗེ་ཕྲ་མེན་མའི་ཚོགས་རྣམས་དང་། ཝ་རཱ་ཧཱི་ལ་སོགས་པའི་རྡོ་རྗེ་རྣལ་འབྱོར་མའི་ཚོགས་རྣམས་དང་། གཞན་ཡང་རིའི་ལྷ་དང་། ཤིང་གི་ལྷ་དང་། གྲོང་གི་ལྷ་དང་། འབྱུང་བ་བཞིའི་ལྷ་ལ་སོགས་པ་འཇིག་རྟེན་པ་རྣམས་ཀྱང་རང་རང་གི་རྒྱན་ཆ་ལུགས་དང་ལྡན་ཞིང་། སོ་སོའི་གཡོག་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསྐོར་བར་གྱུར་པར་བསམ་སྟེ་བརྟེན་པ་ལྷ་བསྐྱེད་པའོ། །དེ་ནས་ཡེ་ཤེས་པ་སྤྱན་དྲང་བའི་ཕྱིར་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀུན་རིག་གི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤོས་དང་བཅས་པས་རྡོ་་་་་་ཕྱག་ལེན་ལ། ལག་གཡས་རྡོ་རྗེ་སྤོས་དང་བཅས་པས་གཡབ་ཅིང་། གཡོན་ཚིགས་བཅད་རེའི་མཇུག་ཏུ་དྲིལ་བུ་གསིལ་ལོ།། རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དང་བས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་དང་། ཨོཾ་ཛཿཧཱུྃ་བཾ་ཧོཿབྷ་ག་ཝཱན་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ་ས་མ་ཡ་སཏྭཾ། ཞེས་པས་སྤྱན་དྲངས་ནམ་མཁར་བཞུགས་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པད་ཀོར་སྔོན་འགྲོའི་མཆོད་ཡོན་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཧཱུྃ་སྭཱཧཱ། མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །གཡས་པས་ཁྲུས་གསོལ་་་་་་སློབ་དཔོན་གྱིས་བུམ་ཆུ་ཀུ་ཤའི་རྩ་བས་མདུན་གྱི་ནམ་མཁར་གཏོར་ལ། བའི་སྟེང་ཀ་བྱེད་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་རྗེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨའི་ཕྱག་རྒྱ་བཅས་ལ། ཨོཾ་པདྨ་ཀ་མ་ལཱ་ཡ་སཏྭཾ། ཞེས་པས་གདན་ཕུལ་ལ། དེ་ནས་རྡོ་རྗེ་དྲིལ་བུ་བཞག་ཅིང་། རྡོ་རྗེ་ཐལ་མོ་སྙིང་གར་བཅས་ལ། ལྷ་ལ་སོགས་པ་དྲི་ཡི་རྫས། །ཕྱོགས་རྣམས་ཀུན་ན་གང་ཡོད་པ། །ཚིམ་བྱེད་ཡིད་འོང་ལྡན་པ་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །སྔགས་བརྗོད་པའི་ཚེ་མཆོད་པ་སོ་སོའི་ཕྱག་རྒྱ་བཅའ་ཞིང་། ཨོཾ་བཛྲ་གནྡྷེ་ཧཱུྃ། ཞིང་འདིའམ་རྒྱ་ཆེན་ཞིང་གཞན་ན། །ལྷ་རྫས་མེ་ཏོག་ཡིད་འོང་བ། །ཆུ་དང་ཐང་སྐྱེས་ཡིད་བྱུང་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་པུཥྤེ་ཧཱུྃ། ཕྱོགས་བཅུ་ཀུན་ནས་བདུག་སྤོས་འདི། །ལྷ་རྫས་སྤོས་ཀྱི་ཤིང་ལ་སོགས། །དྲི་ཞིམ་ཡིད་འོང་གང་ཡོད་པ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་དྷཱུ་པེ་ཧཱུྃ། འཇིག་རྟེན་འདིའམ་ཕྱོགས་རྣམས་ན། །ལྷ་དང་མི་ལ་སོགས་པའི་ཟས། །ཡོན་ཏན་ཀུན་ལྡན་གང་ཡིན་དེ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་ནཻ་ཝི་དྱཱ་ཧཱུྃ། འཇིག་རྟེན་འདིའམ་ཕྱོགས་བཅུ་ཡི། །རིན་ཆེན་མར་མེ་ལ་སོགས་པ། །སྣང་བའི་ཁྱད་པར་གང་ཡོད་དེ། །ཐུབ་དབང་ལ་ནི་དབུལ་བར་བགྱི། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ། ཞེས་པས་མཆོད་ནས། རྡོ་རྗེ་ཐལ་མོ་དཔྲལ་བར་སྦྱར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ན་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱས་པར་མོས་ལ། སྒོ་བ་བཞིའི་་་་་་འོག་འཕྲིན་ལས་ཀྱི་སྒོ་བ་བཞིའི་དམ་རྒྱ་ལྟར། ཕྱག་རྒྱ་དང་བཅས་པ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿས་ནམ་མཁའི་ལྷ་མདུན་བསྐྱེད་དང་ཉེ་བར་དགུག ཨོཾ་བཛྲ་པཱ་ཤ་ཧཱུྃ་གིས་གཞུག ཨོཾ་བཛྲ་སྥོ་ཊ་བཾ་གྱིས་ཕན་ཚུན་མི་འབྲལ་བར་བཅིངས། ཨོཾ་བཛྲ་ཨཱ་བེ་ཤ་ཨཱཿས་ལྷ་རྣམས་དབྱེར་མེད་དུ་བྱས་དབང་དུ་བྱས་པར་བསམ་སྟེ། ཡེ་ཤེས་པ་གཞུག་པའི་ཆོ་གའོ། །དེ་ནས་ཕྱག་རྒྱ་བཞིས་རྒྱས་གདབ་ཅིང་ལས་ལ་སྦྱར་བའི་ཕྱིར། སྔར་གཟུགས་བརྙན་གྱི་སྦྱོར་བའི་སྐབས་སུ་ལག་པ་བྱིན་གྱིས་བརླབས་པ་དེ་དྲན་པར་བྱས་ལ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། རིགས་གསུམ་གྱི་སྔགས་དང་ཕྱག་རྒྱས་ལྷ་ཐམས་ཅད་ཀྱི་གནས་གསུམ་བྱིན་གྱིས་བརླབས། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་སྟེང་འོག་ཏུ་ཁ་སྤྲད་པ་དཀུ་གཡོན་དུ་བཞག་ལ། ངག་ཏུ། ཨོཾ་ན་མོ་སོགས་རྩ་རིག་ཟློས། ཏདྱ་ཐཱའི་ཚེ། ཕྱག་རྒྱ་དགྲོལ་ལ་ནུ་མ་གཡས་དང་གཡོན་དང་སྙིང་ག་གསུམ་དུ་གར་སྐོར་བྱ་ཞིང་། སྭཱཧཱའི་བར་བརྗོད་པ་ནི་ལས་ཀྱི་ཕྱག་རྒྱའོ། །དེའི་རྗེས་སུ་མཉམ་བཞག་གི་ཕྱག་རྒྱ་བཅིངས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །ངག་ཏུ། ༡ ཨོཾ་སརྦ་བིཏ་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །སྔགས་བརྗོད་པའི་ཚེ་མདུན་གྱི་གཙོ་བོའི་སྐུ་ལ་རྟོག་ཅིང་ཡིད་ལ་བྱེད་པ་ནི་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་དགྲོལ་ནས་ཐལ་མོ་སྙིང་གར་སྦྱར་ལ། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་དམིགས་་་་་་བླ་མའི་དགོངས་རྫོགས་ལྟ་བུ་ཡིན་ན། དམིགས་ཡུལ་གྱི་གནས་སུ། དཔལ་ལྡན་བླ་མ་དམ་པའི་ཐུགས་དགོངས་རྫོགས་པ་དང་ཞེས་བརྗོད། ཅུང་ཡུལ་གཉན་པའི་རིགས་ཡིན་ན། སྐུ་གཤེགས་པ་འདི་ཞེས་བྱ་བ་དང་། གཞན་རྣམས་ལ་ཚེ་ལས་འདས་པ་འདི་ཞེས་བྱ་བ་སོགས་རིགས་འདྲེའོ།། ཡུལ་གྱིས་གཙོ་བྱས་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་ལས་འདོན་པའི་འཕྲིན་ལས་མཛོད་ཅིག །ཅེས་དང་། དཀུ་གཡོན་དུ་ལག་པ་གཉིས་ཀས་སེ་གོལ་གཏོགས་པ་ནི་ལས་ལ་སྦྱར་བའོ། །དེ་བཞིན་དུ། ༢ ཨོཾ་སརྦ་བིཏ་ཧཱུྃ། སྦྱོང་བའི་རྒྱལ་པོ་དང་། ༣ ཨོཾ་སརྦ་བིཏ་ཕཊ། རྒྱལ་མཆོག་རིན་ཆེན་དང་། ༤ ཨོཾ་སརྦ་བིཏ་ཨཿ ཤཱཀྱ་རིགས་དབང་དང་། ༥ ཨོཾ་སརྦ་བིཏ་ཏྲ་ཐ། མེ་ཏོག་ཆེར་རྒྱས་ཏེ། དེ་བཞིན་གཤེགས་པ་རིགས་རྣམ་པ་བཞིས་ཀྱང་དམིགས་ཡུལ་གྱིས་གཙོ་བྱས་སེམས་ཅན་ཐམས་ཅད་སོགས་གོང་བཞིན་ཐམས་ཅད་ལ་སྦྱར་ལ། རྩ་རིག ༦ ཨོཾ་བུདྡྷ་ལོ་ཙ་ནི་ཧཱུྃ། སངས་རྒྱས་སྤྱན་མ་དང་། ༧ ཨོཾ་བཛྲ་མཱ་མ་ཀི་ཏྲཱཾ། རྡོ་རྗེ་མཱ་མ་ཀཱི་དང་། ༨ ཨོཾ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སིདྡྷི་བོ་དྷི་ལོ་ཀི་ཏ་རཾ་པ་སྭཱ་ཧཱ། གོས་དཀར་མོ་དང་། ༩ ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭ་སྭཱ་ཧཱ། སྒྲོལ་མ་སྟེ་ཡུམ་རྣམ་པ་བཞིས་ཀྱང་སོགས་འདོན་ཞིང་རྒྱས་གདབ། ལས་ལ་སྦྱར། དེ་ནས། རྩ་རིག ༡༠ ཨོཾ་བཛྲ་སཏྭ་ཧཱུྃ། རྡོ་རྗེ་སེམས་དཔའ་དང་། ༡༡ ཨོཾ་བཛྲ་རཱ་ཛཱ་ཛ། རྡོ་རྗེ་རྒྱལ་པོ་དང་། ༡༢ ཨོཾ་བཛྲ་རཱ་ག་ཧོ། རྡོ་རྗེ་ཆགས་པ་དང་། ༡༣ ཨོཾ་བཛྲ་སཱ་དྷུ་དྷུ། རྡོ་རྗེ་ལེགས་པ་སྟེ་ཤར་ཕྱོགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས་དང་། རྩ་རིག ༡༤ ཨོཾ་བཛྲ་རཏྣ་ཏྲཱཾ། རྡོ་རྗེ་རིན་ཆེན་དང་། ༡༥ ཨོཾ་བཛྲ་ཏེ་ཛ་རྻ། རྡོ་རྗེ་གཟི་བརྗིད་དང་། ༡༦ ཨོཾ་བཛྲ་ཀེ་ཏུ་བྷྲི། རྡོ་རྗེ་རྒྱལ་མཚན་དང་། ༡༧ ཨོཾ་བཛྲ་ཧ་ས་ཧ། རྡོ་རྗེ་བཞད་པ་སྟེ་ལྷོ་ཕྱོགས་ཀྱི་སེམས་དཔའ་བཞིས་ཀྱང་ཞེས་སོགས་དང་། རྩ་རིག ༡༨ ཨོཾ་བཛྲ་དྷརྨཱ་ཧྲཱིཿ རྡོ་རྗེ་ཆོས་དང་། ༡༩ ཨོཾ་བཛྲ་ཏིཀྵ་ཎ་དྷཱིཿ རྡོ་རྗེ་རྣོན་པོ་དང་། ༢༠ ཨོཾ་བཛྲ་ཧེ་ཏུ་ཀྲུཾ། རྡོ་རྗེ་རྒྱུ་དང་། ༢༡ ཨོཾ་བཛྲ་བྷཱ་ཥ་བྷཱ། རྡོ་རྗེ་སྨྲ་བ་སྟེ་ནུབ་ཕྱོགས་ཀྱི་སེམས་དཔའ་བཞིས་ཀྱང་ཞེས་སོགས་དང་། རྩ་རིག ༢༢ ཨོཾ་བཛྲ་ཀརྨ་ཀཾ རྡོ་རྗེ་ལས་དང་། ༢༣ ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེ་སྲུང་བ་དང་། ༢༤ ཨོཾ་བཛྲ་ཡཀྵ་ཀྵཾ། རྡོ་རྗེ་གནོད་སྦྱིན་དང་། ༢༥ ཨོཾ་བཛྲ་སན་དྷི་སཾ། རྡོ་རྗེ་ཁུ་ཚུར་ཏེ་བྱང་ཕྱོགས་ཀྱི་སེམས་དཔའ་བཞིས་ཀྱང་སོགས་དང་། རྩ་རིག ༢༦ ཨོཾ་བཛྲ་ལཱ་སྱེ་ཧཱུྃ། རྡོ་རྗེ་སྒེག་མོ་དང་། ༢༧ ཨོཾ་བཛྲ་མཱ་ལེ་ཏྲཱཾ། རྡོ་རྗེ་འཕྲེང་བ་དང་། ༢༨ ཨོཾ་བཛྲ་གཱི་ཏི་ཧྲཱིཿ རྡོ་རྗེ་གླུ་མ་དང་། ༢༩ ཨོཾ་བཛྲ་ནིརྟི་ཨཱཿ རྡོ་རྗེ་གར་མ་སྟེ་ནང་གི་ལྷ་མོ་བཞིས་ཀྱང་ཞེས་སོགས་དང་། རྩ་རིག ༣༠ ཨོཾ་བཛྲ་དྷུ་པེ་ཧཱུྃ། རྡོ་རྗེ་བདུག་སྤོས་མ་དང་། ༣༡ ཨོཾ་བཛྲ་པུཥྤེ་ཏྲཱཾ། རྡོ་རྗེ་མེ་ཏོག་མ་དང་། ༣༢ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ རྡོ་རྗེ་མར་མེ་མ་དང་། ༣༣ ཨོཾ་བཛྲ་གནྡྷེ་ཨཱཿ རྡོ་རྗེ་དྲི་ཆབ་མ་སྟེ་ཕྱི་ཡི་ལྷ་མོ་བཞིས་ཀྱང་ཞེས་སོགས་དང་། རྩ་རིག ༣༤ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ རྡོ་རྗེ་ལྕགས་ཀྱུ་དང་། ༣༥ ཨོཾ་བཛྲ་པཱ་ཤ་ཧཱུྃཿ རྡོ་རྗེ་ཞགས་པ་དང་། ༣༦ ཨོཾ་བཛྲ་སྥོ་ཏྲ་བཾ། རྡོ་རྗེ་ལྕགས་སྒྲོག་དང་། ༣༧ ཨོཾ་བཛྲ་ཨ་བེ་ཤ་ཨཱཿ རྡོ་རྗེ་འབེབས་པ་སྟེ་ནང་གི་སྒོ་བ་བཞིས་ཀྱང་ཞེས་སོགས་སྦྱར། དེ་ནས་སྒོ་ཕྱི་མའི་ལྷ་རྣམས་ཀྱི་ཆོས་རྒྱ་རྩ་རིག་འབའ་ཞིག་ཡིན་གསུངས་ཀྱང་ཕྱག་ལེན་ལ་འདི་མན་ལ་རྩ་རིག་ཚར་གཉིས་རེ་བརྗོད། ༣༨ བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲྭ་བ་ཅན་གྱི་འོད། རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་སྟེ་སྐལ་བཟང་གི་སེམས་དཔའ་ཆེན་པོ་བཅུ་དྲུག་གིས་ཀྱང་ཞེས་སོགས་དང་། རྩ་རིག་དང་། ༣༩ འཕགས་པ་དགའ་བོ། སྒྲ་གཅན་འཛིན། ཤཱ་རིའི་བུ། མོའུ་འགལ་གྱི་བུ། རབ་འབྱོར། འཆར་ཀ མ་འགགས་པ། ཀོའུ་དི་ནྱ། ཉེ་བ་འཁོར། རྟ་ཐུལ། བ་ལང་བདག ཀུན་དགའ་བོ། མིང་ཆེན། ནོར་འཛིན། གང་པོ། འོད་སྲུངས་ཏེ་ཉན་ཐོས་ཆེན་པོ་བཅུ་དྲུག་གིས་ཀྱང་ཞེས་སོགས་དང་། རྩ་རིག་དང་། ༤༠ གདུང་བ་སེལ་བ། སྣང་བ་བརྩེགས་པ། འཇིགས་པ་མེད་པ། དཔའ་བོ་འདུལ་བ། ཤེས་རབ་མགྱོགས་ཆེན། རི་བོ་རྒྱལ། སྨྲ་བའི་སྒྲ་གཅན། བསེ་རུ་ལྟ་བུ། དུག་ཆེན་འཇོམས། རྫུ་འཕྲུལ་ཆེར་སྟོན། སེང་གེ་སྒྲ། ཡིད་མྱུར་ཏེ་རང་རྒྱལ་ཆེན་པོ་བཅུ་གཉིས་ཀྱིས་ཀྱང་ཞེས་སོགས་དང་། རྩ་རིག་དང་། ༤༡ ཁྲོ་བོ་བཞི། ཕོ་ཉ་བཞི། མངག་པ་བཞི། བྲན་བཞི་སྟེ་ཕྱིའི་སྒོ་བ་ཆེན་པོ་བཅུ་དྲུག་གིས་ཀྱང་དམིགས་ཡུལ་གྱིས་གཙོ་བྱས་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་ལས་འདོན་པའི་འཕྲིན་ལས་མཛོད་ཅིག །ཅེས་བརྗོད། ཡང་ཨོཾ་སོགས་རྩ་རིག་བརྗོད་ཅིང་། ༤༢ དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་། ཨོཾ་སོགས་དང་། ༤༣ དགའ་བོ་དང་འཇོག་པོ་ལ་སོགས་པའི་ཀླུ་རྣམས་དང་། ཨོཾ་སོགས་དང་། ༤༤ ནོར་བུ་བཟང་པོ་དང་གང་བ་བཟང་པོ་ལ་སོགས་པའི་གནོད་སྦྱིན་རྣམས་དང་། ཨོཾ་སོགས་དང་། ༤༥ ལང་ཀ་མགྲིན་བཅུ་ལ་སོགས་པའི་སྲིན་པོ་རྣམས་དང་། ཨོཾ་སོགས་དང་། ༤༦ ལྷ་མོ་སྒྱུ་འཕྲུལ་ལ་སོགས་པའི་བུད་མེད་རྣམས་དང་། ཨོཾ་སོགས་དང་། ༤༧ ཉི་མ་དང་ཟླ་བ་ལ་སོགས་པའི་གཟའ་རྣམས་དང་། ཨོཾ་སོགས་དང་། ༤༨ སྨིན་དྲུག་དང་སྣར་མ་ལ་སོགས་པའི་རྒྱུ་སྐར་རྣམས་དང་། ཨོཾ་སོགས་དང་། ༤༩ ཙརྩི་ཀ་ལ་སོགས་པའི་རྡོ་རྗེ་ཕྲ་མེན་མའི་ཚོགས་རྣམས་དང་། ཨོཾ་སོགས་དང་། ༥༠ ཝ་ར་ཧི་ལ་སོགས་པ་སྟེ་རྡོ་རྗེ་རྣལ་འབྱོར་མ་རྣམས་དང་། ཨོཾ་སོགས་དང་། ༥༡ ཕྱོགས་སྐྱོང་བཅུ་དང་། རྒྱལ་ཆེན་བཞི་དང་། འཇིགས་བྱེད་དགུ་ཆུང་མ་དང་བཅས་པ་དང་། དབང་ཕྱུག་ཆུང་མ་དང་བཅས་པ་དང་། དྲག་པོ་ཆུང་མ་དང་བཅས་པ་དང་། གཞན་ཡང་རིའི་ལྷ་དང་། ཤིང་གི་ལྷ་དང་། གྲོང་གི་ལྷ་དང་། འབྱུང་བ་བཞིའི་ལྷ་དང་། མདོར་ན་ལོ་དང་། ཞག་དང་དུས་ཀྱི་ལྷ་ལ་སོགས་པ་འཇིག་རྟེན་པའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་དམིགས་ཡུལ་གྱིས་གཙོ་བྱས་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་འཕྲིན་ལས་མཛོད་ཅིག ཅེས་བརྗོད་དོ། །བྱང་སེམས་ཉན་རང་མན་ཆད་ལ། ལས་རྒྱའི་རྩ་རིག་དང་། ཆོས་རྒྱའི་རྩ་རིག་སྟེ་ལན་གཉིས་རེ་མ་ཆད་པ་གལ་ཆེའོ།། །།དེ་དག་གིས་ཕྱག་རྒྱ་ནི། ༡ ལག་པ་གཡོན་པང་པར་གན་རྐྱལ་དུ་བཞག དེའི་སྟེང་དུ་གཡས་བཞག་སྟེ་མཐེ་བོང་གཉིས་ངོས་སྤྲོད་པ་ནི་གཙོ་བོའི་དམ་རྒྱའོ། ༢ །རྡོ་རྗེ་བསྡམས་པ་ལས། གུང་མོ་དང་མཐའ་མ་བཞི་སྦྱར་ལ་བསྒྲེང་། མཛུབ་མོ་དང་སྲིན་ལག་གཉིས་པདྨ་རྩེ་མོ་སྦྱར་ཞིང་ཟླུམ་པ་ལ།་་་་་འདྲ་བར་བྱས་པ་ནི་ངན་སོང་སྦྱོང་བའིའོ། ༣ །ཕྱག་རྒྱ་གོང་མ་དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་ཚིགས་བར་མ་གཉིས་བཅག་ལ།་་་་་རིན་པོ་ཆེ་འདྲ་བར་བྱ་བ་ནི་རྒྱལ་མཆོག་གིའོ། ༤ །མཐེ་བོང་དང་མཐེའུ་ཆུང་གཉིས་སོ་སོར་སྦྱར་ལ་ལྷག་མ་འབར་བར་བྱ་བ་ནི་ཤཱཀ་ཐུབ་ཀྱིའོ། ༥ །དེ་ཉིད་གཡོན་དུ་བསྒྱུར་བ་ནི། མེ་ཏོག་ཆེར་རྒྱས་ཀྱིའོ། ༦ །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྩེ་སྤྲད་མཛུབ་མོ་གཉིས་གུང་མོའི་ལོགས་ལ་མིག་འདྲ་བར་སྦྱར། སྲིན་ལག་དང་མཐེའུ་ཆུང་ནང་དུ་བཅུག་པའི་སྟེང་མཐེ་བོང་མནན་པ་ནི་སྤྱན་མའིའོ། ༧ །ཐལ་མོ་སྦྱར་བ་ལས་སྲིན་ལག་དང་མཐེའུ་ཆུང་ནང་དུ་བཅུག་མཛུབ་མོ་གཉིས་རྡོ་རྗེའི་རྭ་ལྟར་གུང་མོ་ལ་མ་རེག་པར་བལྟ་བ་ནི་མཱ་མ་ཀཱིའིའོ། ༨ །ཐལ་མོ་སྦྱར་བ་ལས་གུང་མོ་གཉིས་པདྨ་ལྟར་བྱས་ལ་མཐེའུ་ཆུང་གཉིས་སོ་སོར་འཕྲལ་བ་ནི་གོས་དཀར་མོའིའོ། ༩ །ཐལ་མོ་སྦྱར་བ་ལས། མཛུབ་མོ་གཉིས་གུང་མོའི་རྒྱབ་ནས་དཀྲིས། མཐེ་བོང་གུང་མོ་ལ་སྦྱར། ལྷག་མ་བསྣོལ་བ་ནི་སྒྲོལ་མའིའོ། ༡༠ །རྡོ་རྗེ་བསྡམས་པ་ལས། མཛུབ་མོ་གཉིས་བརྐྱང་བ་རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེ་སེམས་དཔའིའོ། ༡༡ །དེ་ཉིད་ལས་མཛུབ་མོ་གཡས་བཀུག་པ་ནི་རྡོ་རྗེ་རྒྱལ་པོའིའོ། ༡༢ །དེ་ཉིད་ལས་མཛུབ་མོ་གཉིས་མདའ་འདྲ་བར་སྦྱར་བ་ཆགས་པའིའོ། ༡༣ །དེ་ཉིད་སླར་བཀུག་སྟེ། མཐེ་བོང་གཉིས་ལ་སྦྱར་ནས་སེ་གོལ་གཏོགས་པ་ནི་ལེགས་པའིའོ། ༡༤ །དེ་ཉིད་ལས་མཛུབ་མོ་གཉིས་རྩེ་སྦྱར་ཏེ་ཚིགས་བར་མ་བཅག་པ་ནི་རིན་ཆེན་གྱིའོ། ༡༥ །དེ་ཉིད་ལས་སོར་མོ་ལྷག་མ་འབར་བ་ལྟར་བྱས་པ་ནི་གཟི་བརྗིད་ཀྱིའོ། ༡༦ །དེ་ཉིད་སྤྱི་བོར་བཞག་པ་ནི་རྒྱལ་མཚན་གྱིའོ། ༡༧ །དེ་ཉིད་ཁའི་ཐད་ཀར་སྒོར་ཏེ་བཞག་པ་ནི་བཞད་པའིའོ། ༡༨ །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་པདྨ་འདྲ་བར་བྱས་པ་ནི་རྡོ་རྗེ་ཆོས་ཀྱིའོ། ༡༩ །དེ་ཉིད་ལས་རྩེ་མོ་ཅུང་ཟད་བཀུག་པ་ནི་རྣོན་པོའིའོ། ༢༠ །དེ་ཉིད་གདུ་བུ་འདྲ་བར་བྱས་པ་ནི་རྡོ་རྗེ་རྒྱུའིའོ། ༢༡ །དེ་ཉིད་ལས་རྩེ་མོ་པདྨའི་འདབ་མ་འདྲ་བར་བྱས་ནས་ཅུང་ཟད་ཁ་ཕྱེ་བ་ནི་སྨྲ་བའིའོ། ༢༢ །དེ་ཉིད་རྩེ་མོ་ཡིད་ཙམ་བཀྱེད་པ་ནི་ལས་ཀྱིའོ། ༢༣ །དེ་ཉིད་ལས་ཤིན་ཏུ་བཀྱེད་པ་ནི་བསྲུང་བའིའོ། ༢༤ །དེ་ཉིད་ལས་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ། ༢༥ །དེ་ཉིད་མདུན་དུ་བཀུག་པ་བསྡམས་པ་ནི་ཁུ་ཚུར་གྱིའོ། ༢༦ །རྡོ་རྗེ་ཐལ་མོ་སྙིང་གར་བཞག་པ་ནི་སྒེག་མོའིའོ། ༢༧ །དེ་ཉིད་དཔྲལ་བར་བརྐྱང་བ་ནི་ཕྲེང་བ་མའིའོ། ༢༨ །རྡོ་རྗེ་ཐལ་མོ་ཁ་ནས་དབྱུང་བ་ནི་གླུ་མའིའོ། ༢༩ །དེ་ཉིད་སྤྱི་བོར་བཞག་པ་ནི་གར་མའིའོ། ༣༠ །རྡོ་རྗེ་བསྡམས་པ་མདུན་དུ་བཞག་པ་ནི་བདུག་པ་མའིའོ། ༣༡ །དེ་ཉིད་གྱེན་དུ་འཐོར་བ་ནི་མེ་ཏོག་མའིའོ། ༣༢ །མདུན་དུ་མཐེ་བོང་གཉིས་མཉམ་སྟེ་བསྐོར་བ་ནི་མར་མེའིའོ། ༣༣ །དེ་ཉིད་བྱུག་པ་ལྟར་བྱས་པ་ནི་དྲིའིའོ། ༣༤ །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་པ་ནི་ལྕགས་ཀྱུའིའོ། ༣༥ །དེ་ཉིད་ལས་རྩེ་མོ་གཉིས་སྦྱར་བ་ནི་ཞགས་པའིའོ། ༣༦ །དེ་ཉིད་གཅིག་ལ་གཅིག་མདུད་པ་ནི་ལྕགས་སྒྲོག་གིའོ། ༣༧ །དེ་ཉིད་ལས་མཐེ་བོང་ནང་དུ་བཅུག་སྟེ་བསྐྱོད་པ་ནི་དྲིལ་བུའི་དམ་རྒྱ་སྟེ། རྒྱུད་འདིར་དགུག་གཞུག་གི་ཕྱག་རྒྱའང་འདི་ཉིད་དོ། ༣༨ །ཐལ་མོ་སྦྱར་བ་ལས་གུང་མོ་དང་སྲིན་ལག་སྦྱར་མཐེ་བོང་ནང་དུ་བཅུག་མཐེ་བོང་གཉིས་ཀྱི་རྩེར་མཛུབ་མོ་གཉིས་བཀུག་སྟེ་སྦྱར་བ་ནི་བྱང་སེམས་སྤྱིའིའོ། ༣༩ །ཐལ་མོ་སྙིང་གར་སྦྱར་བ་ནི་ཉན་ཐོས་ཐམས་ཅད་ཀྱིའོ། ༤༠ །གཡོན་ཁུ་ཚུར་ནང་དུ་བསྟན་ཏེ་མཐེབ་མཛུབ་སྦྱར་བ་བསྒྲེང་། གཡས་མཐེབ་སྲིན་སྦྱར་ཏེ་ལྷག་མ་བརྐྱང་བ་གཡོན་གྱི་མཐེབ་མཛུབ་ཀྱི་སྟེང་དུ་བཞག་པ་ནི་རང་རྒྱལ་རྣམས་ཀྱིའོ། ༤༡ །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་ལས་གུང་མོ་གཉིས་བརྐྱང་བ་རྩེ་སྤྲད་ཐ་མ་བཞི་སོ་སོར་བསྒྲེང་བ་ནི་འཇིག་རྟེན་གསུམ་སྣང་ལ་སོགས་པ་བཅུ་དྲུག་གིའོ། ༤༢ །ཐལ་མོ་སྦྱར་བ་ལས་དབུས་མ་གསུམ་བཀུག་སྟེ་རྩེ་སྤྲད། ཐ་མ་བཞི་བཀྱེད་པ་ནི་ལྷ་རྣམས་ཀྱིའོ། ༤༣ །ཐལ་མོ་སྦྱར་བ་ལས་གུང་མོ་གཤིབས་པའི་རྒྱབ་ཏུ་མཛུབ་མོ་མ་རེག་པར་བཀུག མཐེ་བོང་གཉིས་གཤིབས་ལ་བསྒྲེང་། ལྷག་མ་བསྣོལ་བ་ནི་ཀླུ་རྣམས་ཀྱིའོ། ༤༤ །ལག་པ་གཉིས་གྱེན་དུ་གཤིབས་པའི་སེན་མོ་རྣམས་སོ་ལྟར་གཤིབས་ལ་མཛུབ་མོ་གཉིས་མཆེ་བ་ལྟར་ཅུང་ཟད་བརྐྱང་བ་ནི་གནོད་སྦྱིན་རྣམས་ཀྱིའོ། ༤༥ །གཡས་པའི་སྙིམ་པ་མགོ་ཚལ་ལྟར་སྟོན་པ་ནི་སྲིན་པོ་རྣམས་ཀྱིའོ། ༤༦ །སོར་མོ་བཅུ་ཕན་ཚུན་བསྣོལ་བ་ནི་བུད་མེད་རྣམས་ཀྱིའོ། ༤༧ །གཡོན་ཁུ་ཚུར་སྙིང་ཁར་བསྡུས་ལ་གཡས་དབྱུག་པ་འཛིན་པ་ལྟར་མཛུབ་མོ་བསྒྲེང་བ་ནི་གཟའ་རྣམས་ཀྱིའོ། ༤༨ །ཐལ་མོ་གཉིས་མདུན་དུ་བཀན་པའི་གུང་མོ་གཉིས་བཀུག་པ་ནི་རྒྱུ་སྐར་རྣམས་ཀྱིའོ། ༤༩ །ལག་པ་གཉིས་ཀྱི་སོར་མོ་བཅུའི་རྩེ་བཀུག་སྟེ་སྤྲད་པའི་སྙིམ་པ་ནི་ཕྲ་མེན་རྣམས་ཀྱིའོ། ༥༠ །དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་ལྕེ་ལྟ་བུར་བྱས་པ་ནི་རྣལ་འབྱོར་མ་རྣམས་ཀྱིའོ། ༥༡ །ཐལ་མོ་སྦྱར་བ་བརྐྱངས་པ་ལ་པད་ཀོར་བྱས་ཏེ་ཐལ་མོ་སྦྱར་བ་ཁ་ཕྱེ་བ་ནི་ཕྱོགས་སྐྱོང་སོགས་འཇིག་རྟེན་པ་ཐམས་ཅད་ཀྱི་ཐུན་མོང་གི་དམ་རྒྱའོ། ༥༢ །གཉིས་པ་མཆོད་པ་ནི། མདུན་གྱི་མཆོད་པ་རྣམས་ཁ་གསོས་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་བགེགས་བསལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷཉྫ་ར་ཎ་ཧཱུྃ་ཕཊ་དང་། རྡོ་རྗེ་མེའི་ཕྱག་རྒྱས་གཟི་བྱིན་བསྐྱེད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཧཱུྃ། ནས། ཤབྡ་ཧཱུྃ་གི་བར་མཆོད་པ་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས་ལ། ཐལ་མོ་སྦྱར་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེར་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་་་་་་སྔགས་རྣམས་བརྗོད་པའི་སྒང་ལ་པད་ཀོར་སྔོན་དུ་འགྲོ་བའི་མཆོད་ཡོན་སོགས་མཆོད་པ་སོ་སོའི་ཕྱག་རྒྱ་བཅའ་ཞིང་མཐར་སེ་གོལ་གཏོག་གོ། སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད་ཡོན་དང་། དེ་བཞིན་དུ་ཚིགས་བཅད་སྔགས་གོང་འོག་འདྲ་བར་བྱས་ལ། མེ་ཏོག་ཇི་སྙེད་དང་། པུཥྤེ། བདུག་སྤོས་དང་། དྷུ་པེ། སྣང་གསལ་དང་། ཨཱ་ལོ་ཀེ། དྲི་ཆབ་དང་། གནྡྷེ། ཞལ་ཟས་དང་། ནཻ་ཝི་དྱཱ། རོལ་མོ་ཇི་སྙེད་ཡོད་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་དང་། བཛྲ་གཎྜེ་ར་ཎི་སོགས་རོལ་མོའི་སྒྲ་སྣ་ཚོགས་བྱའོ། །དེ་ནས་མཆོད་པ་ཉེར་ལྔ་བྱའོ།་་་་་འདི་ནི་ལྷའི་བུ་ནོར་བུ་དྲི་མ་མེད་པ་ངན་སོང་ལས་ཐར་ནས། སྟོན་པ་ལ་མཆོད་པ་ཕུལ་བ་ཡིན་པས། འདི་ངེས་པར་བྱ་དགོས་ཤིང་། བདག་བསྐྱེད་ལའང་སྤྲོ་ན་བྱའོ་ཞེས་གུང་རུ་བཞེད་དོ།། ཐོག་མར་ཨོཾ་གླུར་བླངས་ལ། ༡ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་རིན་པོ་ཆེའི་ཅོད་པན་དང་། དེ་བཞིན་དུ། ༢ ཀུཎྜ་ལམ་གྱིས་རྣ་རྒྱན་དང་། ༣ དརྵས་མགུལ་རྒྱན། ༤ ཨ་ཝ་ཧཱ་རས་དོ་ཤལ། ༥ ཀེ་ཡུ་རས་དབུ་རྒྱན། ༦ པ་རི་ཀ་ཌ་ཀཾ་གིས་གདུ་བུ། ༧ པ་ཀཾ་ཝ་ལས་སོར་གདུབ། ༨ པཱ་ད་བྷ་ར་ནཾ་གྱིས་རྐང་རྒྱན། ༩ ཚ་ཏྲཾ་གིས་གདུགས། ༡༠ དྷྭ་ཛས་རྒྱལ་མཚན། ༡༡ པ་དཾ་ཀས་འཕན། ༡༢ པ་ཌ་ད་མས་ལྡ་ལྡི། ༡༣ ཙཱ་མ་རས་རྔ་གཡབ། ༡༤ བི་དཱ་ནཾ་གྱིས་བླ་བྲེ། ༡༥ སིཾ་ཧ་ཨཱ་ས་ནས་སེང་གེའི་གདན། ༡༦ ཤཱ་ཡ་སརྦ་ན་གཟིམ་ཆས། ༡༧ པ་རི་མཎྜ་ལི་དྷ་ནྱེ་ཕོ་བྲང་ཟླུམ་པོ། ༡༨ ཨ་མི་ཡ་ཙ་ཏུ་ར་པྲཿཕོ་བྲང་གྲུ་བཞི། ༡༩ དྭི་ཀུ་ཌ་གྲཾ་ཁང་པ་ཉིས་རྩེགས། ༢༠ ཙཎྡྲ་ཨཱ་ས་ནཾ་ཟླ་གདན། ༢༡ པུཥྤེ་མེ་ཏོག ༢༢ ཝི་ནི་པི་ཝང་། ༢༣ གནྡྷེ་དྲི་ཆབ། ༢༤ ནཻ་ཝི་དྱཱ་ཞལ་ཟས། ༢༥ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་གོས་ཕུལ་ལོ། །དེ་དག་གི་ཕྱག་རྒྱ་ནི། ༡ རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་གར་སྐོར་སྔོན་དུ་འགྲོ་བས། ཁུ་ཚུར་གཉིས་རང་གི་མགོ་བོའི་སྟེང་དུ་འཇོག་ཅིང་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རིན་པོ་ཆེའི་ཅོད་པན་བཅིངས་པར་བསམ། དེ་བཞིན་དུ། ༢ རང་གི་རྣ་ལ་རྣ་རྒྱན། ༣ མགུལ་པ་ལ་མགུལ་རྒྱན། ༤ བྲང་ལ་དོ་ཤལ། ༥ ལག་པ་གཡོན་པས་གཡས་ཀྱི་དཔུང་པར་དཔུང་རྒྱན། ༦ འཁྲིག་མ་གཡས་པར་གདུ་བུ། ༧ གཡས་པའི་གུང་མོར་སོར་གདུབ། ༨ ལག་པ་གཡས་པས་རྐང་པ་གཡས་པའི་བོལ་ལ་རྐང་རྒྱན་ཏེ་རྒྱན་གྱི་ཁྱད་པར་བརྒྱད་དོ། ༩ །གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པའི་མཐེ་བོའི་སྟེང་དུ། གཡས་པའི་ཐལ་མོ་གདུགས་ཕུབ་པའི་ཚུལ་དུ་བྱས་པ་གདུགས་དང་། ༡༠ རྡོ་རྗེ་ཁུ་ཚུར་གཉིས་བརྩེགས་ནས་གཡོན་ཕྱོགས་སུ་རྒྱལ་མཚན་ཕྲག་པ་ལ་འཁུར་བའི་ཚུལ་དང་། ༡༡ རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནམ་མཁའ་ལ་འཕན་འདོགས་པའི་ཚུལ་དང་། ༡༢ ལག་པ་གཡོན་པ་ཁུ་ཚུར་སྙིང་གར་བཞག གཡས་པ་ཁུ་ཚུར་བཅངས་ནས་གུང་མཛུབ་གཉིས་བརྐྱངས་ཏེ་སྟེང་དུ་ལྡ་ལྡི་བྲེ་བའི་ཚུལ་དང་། ༡༣ ལག་པ་གཉིས་ཀྱི་ཐལ་མོས་རྔ་གཡབ་གཡོབ་པའི་ཚུལ་དང་། ༡༤ གཡོན་པ་མཉམ་གཞག གཡས་སྨིན་མཚམས་ནས་ཁ་མཐུར་དུ་བསྟན་པ་བླ་བྲེ་འབུལ་ཚུལ་ཏེ་ཡོ་བྱད་ཀྱི་ཁྱད་པར་དྲུག་གོ། ༡༥ །རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ཏེ་སེང་གེའི་གདན་འབུལ་ཚུལ་དང་། ༡༦ རྡོ་རྗེ་ཁུ་ཚུར་གཉིས་གཡས་གཡོན་དུ་དྲང་བ་གཟིམ་ཆས་གཡོག་པའི་ཚུལ་དང་། ༡༧ གཡོན་པའི་ཁུ་ཚུར་སྙིང་གར་བཞག གཡས་པའི་གུང་མཛུབ་གཉིས་ཀྱིས་ཕོ་བྲང་ཟླུམ་པོའི་ཚུལ་དང་། ༡༨ ཕྱག་རྒྱ་དེ་ཉིད་ཀྱིས་ཁང་པ་གྲུ་བཞི་པའི་ཚུལ་དང་། ༡༩ དེ་ཉིད་ཀྱིས་ཁང་པ་གྲུ་བཞི་ཉིས་བརྩེགས་འབུལ་བའི་ཚུལ་དང་། ༢༠ རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཟླ་གདན་འབུལ་བའི་ཚུལ་ཏེ་གནས་ཀྱི་ཁྱད་པར་དྲུག་གོ། ༢༡ རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མེ་ཏོག་འཐོར་བའི་ཚུལ་དང་། ༢༢ དེ་ཉིད་ཀྱིས་པི་ཝང་དང་ཏིང་ཤགས་བརྡུང་ཚུལ་དང་། ༢༣ གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དྲིའི་ཕྱེ་མ་འགྱེད་ཚུལ་དང་། ༢༤ རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བཤོས་འབུལ་བའི་ཚུལ་དང་། ༢༥ དེ་ཉིད་ཀྱིས་གོས་འབུལ་བའི་ཚུལ་ཏེ་མཆོད་པའི་ཁྱད་པར་ལྔའོ།། ༈ །དེ་ནས་གསང་བའི་མཆོད་པ་བྱ་སྟེ། དྲུག་འགྱུར་གྱི་གླུ་བླངས་ཤིང་། ཚིག་དང་པོ་བརྗོད་པའི་ཚེ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་དཀུ་གཡོན་དུ་ཁ་སྦྱར། ལུས་ཀྱི་གར་སྔོན་དུ་འགྲོ་བས་སོ་སོའི་ལས་རྒྱ་རྣམས་བཅིངས་ལ། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། ༡ ཨོཾ་བཛྲ་ལཱ་སྱེ་ཧཱུྃ། རྡོ་རྗེ་རིན་ཆེན་བླ་ན་མེད། ༢ ཨོཾ་བཛྲ་མཱ་ལེ་ཏྲཱཾ། རྡོ་རྗེ་ཆོས་ཀྱི་གླུ་བླངས་པ། ༣ ཨོཾ་བཛྲ་གཱི་ཏི་ཧྲཱིཿ རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། ༤ ཨོཾ་བཛྲ་ནིརྟི་ཨཱཿ ཞེས་ནང་གི་ལྷ་མོ་བཞིས་མཆོད། ཡང་། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧཾ། ༥ ཨོཾ་བཛྲ་དྷུ་པེ་ཧཱུྃ། བཛྲ་རཏྣ་མ་ནུ་ཏ་རཾ། ༦ ཨོཾ་བཛྲ་པུཥྤེ་ཏྲཱཾ། བཛྲ་དྷརྨ་ག་ཡ་ནཻཿ ༧ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་ཀརྨ་ཀ་རོ་བྷ་ཝེ། ༨ ཨོཾ་བཛྲ་གནྡྷེ་ཨཿ ཞེས་ཕྱིའི་ལྷ་མོ་བཞིས་མཆོད་དོ། ༡ །དེ་ལ་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བྱས་པ་དཀུ་གཉིས་སུ་གདེངས་ཏེ་བཞག ལུས་འདུད་པ་ལྟར་བྱས་པ་ནི་སྒེག་མོའིའོ། ༢ །ཁུ་ཚུར་གཉིས་སྨིན་མཚམས་ཀྱི་གཡས་གཡོན་གྱི་ཐད་དུ་ཕྲེང་བ་འཛིན་པའི་ཚུལ་བྱ་བ་ཕྲེང་བ་མའིའོ། ༣ །ཁུ་ཚུར་གཉིས་ཀྱིས་ཁ་ནས་ཚིག་དབྱུང་བའི་ཚུལ་བྱ་བ་ནི་གླུ་མའིའོ། ༤ །རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ་གཡས་སུ་བསྐོར་བ་ནི་གར་མའིའོ། ༥ །རྡོ་རྗེ་ཁུ་ཚུར་གཉིས་འོག་ཏུ་བླུག་པ་ལྟར་བྱེད་པ་ནི་བདུག་པ་མའིའོ། ༦ །དེ་ཉིད་གྱེན་དུ་འཐོར་བ་ལྟར་བྱེད་པ་ནི་མེ་ཏོག་མའིའོ། ༧ །དེ་ཉིད་ལས་མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་བ་ནི་མར་མེའིའོ། ༨ །དེ་ཉིད་ལས་ཐལ་མོ་གཤིབས་ཏེ་བརྐྱང་བ་དྲི་བྱུག་པ་ལྟར་བྱེད་པ་ནི་དྲི་ཆབ་མའིའོ། ༩ །དེ་ནས་ཨོཾ་ལས་རིན་ཆེན་སྣ་བདུན་སྤྲུལ་ཏེ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་འཆའ་ཞིང་། ངག་ཏུ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་བརྟ་ཡ་ཨ་བརྟ་ཡ་ཧོ། ཞེས་བརྗོད་ཅིང་། ཐལ་མོ་སྙིང་གར་སྦྱར་ལ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག ༡ །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེས་ཞིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །གོང་བཞིན་ཐོག་མཐའ་འདྲ་བ་ལས། ཙཀྲའི་གནས་སུ། ༢ མ་ཎི་རཏྣ་སོགས་འོག་མ་རྣམས་ལའང་སྦྱར་བས། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བ་ཤོག ༣ །ཝསྟི་རཏྣ བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག ༤ །མ་ཧཱ་ཏ་རཏྣ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་གསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག ༥ །ཧསྟི་རཏྣ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོ་བར་ཤོག ༦ །ཏུ་རངྒ་ཨ་ཤྭ་རཏྣ །དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག ༧ །ཁཌྒ་རཏྣ་ཅེས་སོགས་བརྗོད་ཅིང་དབུལ། ༡ དེ་ལ་ལག་པ་གཉིས་འཁྲིག་མ་བསྣོལ་ཏེ་རྒྱབ་སྦྱར་ལ། སོར་མོ་རྣམས་ཕན་ཚུན་འཁྱུད་ནས་མཐེ་བོང་གཉིས་ལག་མཐིལ་དུ་བཀུག་པ་ནི་འཁོར་ལོའིའོ། ༢ །ཁུ་ཚུར་གཉིས་སྦྱར་བའི་མཛུབ་མོ་གཉིས་རྩེ་སྤྲད་པའི་ཚིགས་བཅག་ལ་མཐེ་བོང་གཉིས་དང་སྦྱར་བ་ནི་ནོར་བུའིའོ། ༣ །རྡོ་རྗེ་བསྡམ་པ་ལས་གུང་མོ་གཉིས་བསྒྲེང་བའི་ལོགས་ལ་མཛུབ་མོ་གཉིས་བཅེར་ཏེ་བཞག་པ་ནི་བཙུན་མོའིའོ། ༤ །རྡོ་རྗེ་བསྡམ་པ་ལས་གུང་མོ་དང་མཐའ་བཞི་གཤིབས་ཏེ་བསྒྲེང་བ་ནི་བློན་པོའིའོ། ༥ །གཡས་གླང་པོ་ཆེའི་སྣ་ལྟར་བརྐྱངས་པའི་གྲུ་མོ་གཡོན་པས་བཟུང་བ་ནི་གླང་པོའིའོ། ༦ །ཁུ་ཚུར་གཉིས་གཤིབས་ལ་གུང་མོ་དང་སྲིན་ལག་གཉིས་བརྐྱངས་ལ་རྩེ་སྦྱར་མཐེ་བོང་གཉིས་རྣ་བ་ལྟར་བྱས་པ་ནི་རྟའིའོ། ༧ །གཡོན་པ་གོ་ཆ་འཛིན་པ་ལྟར་བྱས་ལ། གཡས་པས་མཆོག་སྦྱིན་བྱ་བ་ནི་དམག་དཔོན་གྱི་ཕྱག་རྒྱའོ། །དེ་ནས་འདོད་ཡོན་ལྔ་དབུལ་ཏེ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ནས་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱིས། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ༡ །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ན་པཱུ་ཛི་ཏེ་ཧཱུྃ། དེ་བཞིན་དུ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར༴ ། བཞེས་ཤིག༴ ༢ ཤབྡ༴ ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་དཀར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ ། བཞེས་ཤིག༴ ༣ །གནྡྷེ༴ ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས༴ ། བཞེས་ཤིག༴ ༤ ར་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར༴ །བཞེས་ཤིག༴ ༥ སྤརྴེ༴ ཅེས་པས་མཆོད་དོ། །དེ་དག་གི་ཕྱག་རྒྱ་ནི། ཚིག་རྣམས་བརྗོད་པའི་ཚེ་ཐལ་མོ་སྦྱར་ཞིང་པད་ཀོར་སྔོན་དུ་འགྲོ་བ་དང་བཅས་པས། ༡ རཱུ་པའི་ཚེ་དཀྱིལ་འཁོར་ལ་མེ་ལོང་བསྟན་ཞིང་དེའི་སྟེང་གཡས་པས་རྡོ་རྗེ་བཞག་པ་ནི་གཟུགས་ཀྱིའོ། ༢ །ཤབྡའི་ཚེ་རོལ་མོ་བྱ་བ་ནི་སྒྲའིའོ། ༣ །ལག་གཡོན་ཁུ་ཚུར་སྙིང་གའི་ཐད་དུ་གན་རྐྱལ་བཞག གཡས་རྡོ་རྗེ་ཁུ་ཚུར་གྱེན་དུ་བསླངས་པ་ཁ་ཕྱིར་བསྟན་ན་བྱུག་པའི་ཚུལ་བྱ་བ་ནི་དྲིའིའོ། ༤ །ལག་པ་གཉིས་མདུན་དུ་གཤིབས་པ་གན་རྐྱལ་བྱས་ལ་སོར་མོ་རྣམས་བརྐྱང་བ་ནི་རོའིའོ། ༥ །ལག་གཉིས་ཀྱིས་གོས་ཟུང་བཟུང་ལ་དཀྱིལ་འཁོར་གྱི་ལྷ་ལ་འབུལ་ཚུལ་བྱ་བ་ནི་རེག་བྱའིའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། དབྱངས་སྙན་པས་བསྟོད་དེ། ༡ ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། ༢ །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། ༣ །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་གྱིས། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། ༤ །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨོ་ཁ་རྒྱས་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱ་རི་དབང་ཁྱོད་ཕྱག་འཚལ། ༥ །ནན་ཏན་ཡེ་ཤེས་འཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། ༦ །གྲྭ་ཡི་ཕྱོགས་ནི་ཀུན་ཏུ་ཡང་། །རིགས་ཀྱི་ཡུམ་བཞི་སྐུར་བསྟན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་མ་ཁྱོད་ཕྱག་འཚལ། ༧ །རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞིན་བདག་གིས་བསྟོད་པར་བགྱི། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། ༨ །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལ། ༩ །རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལ། ༡༠ །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་དགེས་ཁྱོད་ལ། ༡༡ །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། ༡༢ །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལ། ༡༣ །སེམས་ཅན་དོན་ཡོད་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལ། ༡༤ །རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་བ་ལ། ༡༥ །རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨ་རབ་དགའ་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེ་ཅན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལ། ༡༦ །རྡོ་རྗེ་རྣོ་བ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ཁྱོད་ལ། ༡༧ །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་བསྐོར་རྡོ་རྗེ་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་སྙིང་པོ་ལ། ༡༨ །རྡོ་རྗེ་བསྲུང་བ་རབ་རིབ་མཆོག །རྡོ་རྗེ་ཟློས་པ་རབ་བསྒྲུབ་ཕྱིར། །མི་གསུང་རྡོ་རྗེ་མཆོག་བསྒྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལ། ༡༩ །རྡོ་རྗེ་ལས་རབ་རྡོ་རྗེ་བཀའ། །ལས་ཀྱི་རྡོ་རྗེ་ཀུན་དགའ་འགྲོ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལ། ༢༠ །རྡོ་རྗེ་བསྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་པར་དཀའ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལ། ༢༡ །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། ༢༢ །རྡོ་རྗེ་མཚམས་སྦྱོར་རབ་བཏུད་ཉིད། །རྡོ་རྗེ་འཆིང་བ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལ། ༢༣ །རྣམ་དག་རྡོ་རྗེ་ཐུགས་འཛིན་མ། །མི་དམིགས་རྡོ་རྗེ་ཏིང་འཛིན་གནས། །རྡོ་རྗེ་སྒེག་མོའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་འགྱིང་མ་ལ། ༢༤ །རྣམ་དག་རྡོ་རྗེ་ཡོན་ཏན་ཏེ། །ཡིད་བཞིན་རྡོ་རྗེ་རེ་བ་སྐོང་། །རྡོ་རྗེ་གཟུགས་ཀྱི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་འཕྲེང་བ་ལ། ༢༥ །རྣམ་དག་རྡོ་རྗེ་གསུང་མཆོག་མ། །རྡོ་རྗེ་པི་ཝང་འཛིན་པའི་ཚུལ། །རྡོ་རྗེ་གསུང་མཆོག་སྒྲོག་པའི་དོན། །ཕྱག་འཚལ་རྡོ་རྗེ་དབྱངས་མཁན་ལ། ༢༦ །རྣམ་དག་རྡོ་རྗེ་ལས་རབ་སྟེར། །ལས་ཀྱི་རྡོ་རྗེ་འགྲོ་དོན་མཛད། །བདུད་འདུལ་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་གར་མཁན་ལ། ༢༧ །སྤྲིན་བཞིན་རྡོ་རྗེ་བདུག་པ་མ། ཚིམ་བྱེད་རྡོ་རྗེ་དང་ལྡན་པའི། །རྡོ་རྗེ་འཕྲེང་བའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་བདུག་པ་ལ། ༢༨ །རྡོ་རྗེ་མཛེས་པའི་ཚུལ་འཛིན་ཅིང་། །རྡོ་རྗེ་མེ་ཏོག་འཐོར་བའི་ཚུལ། །བྱང་ཆུབ་ཡན་ལག་མེ་ཏོག་སྟེ། །ཕྱག་འཚལ་རྡོ་རྗེ་མེ་ཏོག་ལ། ༢༩ །འོད་གསལ་རྡོ་རྗེ་འབར་བའི་མེ། །རྡོ་རྗེ་སྤྱན་གྱིས་མ་རིག་སེལ། །རྡོ་རྗེ་གསལ་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་སྣང་བྱེད་ལ། ༣༠ །རྡོ་རྗེ་ཙནྡན་བདུད་རྩིའི་ཆུ། །རྡོ་རྗེ་དྲི་ཡིས་རྣམ་རྟོག་འཇོམས། །རྡོ་རྗེ་དག་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དྲི་མཆོག་ལ། ༣༡ །རྣམ་དག་སྐུལ་བྱེད་རྡོ་རྗེའི་དོན། །རྡོ་རྗེ་སྡུད་མཛད་རྡོ་རྗེའི་དོན། །རྡོ་རྗེ་འགུགས་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་ཀྱུ་ལ། ༣༢ །མི་གཏོང་རྡོ་རྗེ་ཆོས་ཀྱི་དོན། །རྡོ་རྗེ་འདྲེན་པ་མི་འགྱུར་དོན། །འཆིང་མཛད་རྡོ་རྗེ་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ཞགས་པ་ལ། ༣༣ །རྡོ་རྗེ་མི་འགྱུར་བརྟན་པའི་བདག །རྡོ་རྗེ་མགྱོགས་བྱེད་གློག་བཞིན་འགྱུར། །སྒྲོག་མཛད་རྡོ་རྗེ་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་སྒྲོག་ལ། ༣༤ །རྡོ་རྗེ་དབབ་པ་བརྟན་པའི་བདག །བསྐྱོད་མཛད་རྡོ་རྗེ་ཀུན་གྱི་ལས། །རྡོ་རྗེ་དབབ་པའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་འབེབས་པ་ལ། ༣༥ །སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་སེམས་རྣམས་ལ་ཕྱག་འཚལ་བསྟོད། ༣༦ །སྟོན་པའི་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་འཁར་གསིལ་པོ་ཏི་ཕྱག །བསླབ་སྦྱངས་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་བསྟོད། ༣༧ །རྟེན་འབྲེལ་དོན་ལ་བརྟེན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་ལ་རབ་ཞུགས་པའི། །རང་རྒྱལ་གཙོ་ལ་ཕྱག་འཚལ་ལོ། ༣༨ །ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང་། །སྟག་ལྤགས་ཀྱིས་ནི་སྣམ་དཀྲིས་པའི། །འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། ༣༩ །ཕྱི་ཡི་ཁོར་ཡུག་ལ་གནས་པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང་། །ཕྱོགས་སྐྱོང་རྒྱལ་མཚན་ཕྱག་འཚལ་ཞིང་། །འཇིག་རྟེན་པ་ཀུན་བསྟོད་པར་བགྱི། །ཞེས་པས་བསྟོད་དེ། འདས་པའི་ལྷ་མཆོད་པའི་ཆོ་གའོ། །དེ་དག་གི་ཕྱག་རྒྱ་ནི། བདེ་བའི་སྟན་ལ་སྐྱིལ་ཀྲུང་ལུས་བསྲངས་ནས། ལག་གཡོན་དྲིལ་བུ་སྙིང་གའི་ཐད་དུ་གསིལ། གཡས་པ་དེ་སྟེང་རྡོ་རྗེ་སེན་སྐོར་བྱ། །དེ་ནི་ཚིག་རྐང་དང་པོའི་ཕྱག་རྒྱ་སྟེ། །གཉིས་པ་གར་གྱི་བསྐོར་བ་མཛེས་པར་བྱ། །གསུམ་པ་རང་རང་ལྷ་ཡི་ཕྱག་ཆེན་བཅིང་། །བཞི་པ་པད་ཀོར་ཅུང་ཟད་སྔོན་འགྲོ་བའི། །རྡོ་རྗེ་ཐལ་མོ་སྦྱར་བའི་བསྟོད་ཕྱག་ལགས། །ཕྱག་ཆེན་རྣམས་ནི་རིམ་བཞིན་འདིར་བརྗོད་ན། ༡ །ལག་གཡོན་ཐལ་མོ་བརྐྱང་བ་སྐྱིལ་ཀྲུང་སྟེང་། །གན་རྐྱལ་བཞག་སྟེ་གཡས་ཀྱང་དེ་བཞིན་བཞག །མཐེ་བོང་རྩེ་སྤྲད་རྣམ་སྣང་ཕྱག་ཆེན་ཏེ། ༢ །སྦྱོང་བའི་རྒྱལ་པོ་དེ་དང་ཁྱད་པར་མེད། ༣ །ལག་གཡོན་སྐྱིལ་ཀྲུང་སྟེང་དུ་གོང་བཞིན་བཞག །ལག་གཡས་གན་རྐྱལ་པུས་མོ་གཡས་ཀྱི་སྟེང་། །བརྐྱང་བ་རྒྱལ་མཆོག་རིན་ཆེན་ཕྱག་རྒྱའོ། ༤ །ལག་གཡས་ཐལ་མོ་བརྐྱང་བ་སྙིང་གའི་ཐད། །གྱེན་བསླང་ཁ་ཕྱིར་བསྟན་པ་མཐེབ་མཛུབ་སྦྱར། །གཡོན་པ་དེ་འདྲ་ནང་བསྟན་ཁ་སྤྲད་པ། །ཤཱཀྱ་རི་དབང་ཞེས་བྱའི་ཕྱག་རྒྱ་ཡིན། ༥ །ལག་གཡོན་རྣམ་པར་སྣང་མཛད་དང་འདྲ་ཞིང་། །གཡས་པ་སྙིང་གར་ཐལ་བརྐྱང་གྱེན་བསླང་སྟེ། །ཁ་ཕྱིར་བསྟན་པ་མེ་ཏོག་ཆེར་རྒྱས་སོ། ༦ །ལག་གཡས་ཐལ་མོ་བརྐྱང་བ་སྙིང་གའི་ཐད། །གན་རྐྱལ་བཞག་སྟེ་མཐེབ་མཛུབ་སྦྱར་བ་ནི། །ཡུམ་མཆོག་སངས་རྒྱས་སྤྱན་མའི་ཕྱག་ཆེན་ཡིན། །དེ་ལས་མཐེབ་མཛུབ་སྦྱར་བ་བཏང་བྱས་ནས། །མཐེ་བོང་ལག་མཐིལ་བཀུག་པ་སོར་མོས་མནན། །མཱ་མ་ཀི་ཞེས་བྱ་བའི་ཕྱག་ཆེན་ནོ། །ལག་གཡས་ཐལ་མོ་བརྐྱང་བ་གྱེན་བསླང་སྟེ། །མཐེ་མཛུབ་སྦྱར་བ་སྙིང་ག་གཡས་པའི་ཐད། །ཁ་ཕྱིར་བསྟན་པ་གོས་དཀར་མོ་ཡིའོ། །དེ་ལས་མཐེབ་མཛུབ་སྦྱར་བ་བཏང་བྱས་ཏེ། །མཐེབ་སྲིན་སྦྱར་བ་རྗེ་བཙུན་སྒྲོལ་མའི་ཡིན། །འདི་བཞི་ལག་པ་གཡོན་པ་གདན་བརྟེན་ནོ། ༧ །མཐེ་བོང་ལག་མཐིལ་བཀུག་པའི་ཕྱི་རོལ་ནས། །སོར་མོས་བསྡམ་པ་རྡོ་རྗེ་ཁུ་ཚུར་ཏེ། །ལག་གཡོན་དེ་འདྲ་བྱས་པ་ཁ་གྱེན་བསྟན། །དཀུ་གཡོན་བརྟེན་པ་གཡས་པ་མཱ་མ་ཀཱི། །འདྲ་བར་བྱེད་པ་འདི་ནི་རྡོར་སེམས་སོ། ༨ །ལག་གཡོན་ཁུ་ཚུར་ནང་བསྟན་སྙིང་གའི་ཐད། །གཡས་པ་དེ་འདྲ་ནུ་གཡས་སྟེང་ཐད་དུ། །ཁ་ནང་བསྟན་པ་རྡོ་རྗེ་རྒྱལ་པོའི་ཡིན། ༩ །གཡོན་པ་ཁུ་ཚུར་ནུ་མ་གཡོན་པའི་ཐད། །འཕྲེད་ལ་ཅུང་ཟད་ཁ་ཕྱིར་བསྟན་པ་བཞག །སྙིང་གར་གཡས་པའི་ཁུ་ཚུར་ཁ་གྱེན་བསྟན། །བཞག་པ་དེ་ནི་རྡོ་རྗེ་ཆགས་པའིའོ། ༡༠ །སྙིང་གའི་ཐད་དུ་ལག་པའི་ཁུ་ཚུར་གཉིས། །གཉིས་ཀ་གྱེན་བསྟན་མཛུབ་མོ་ཕྱིར་ལ་འཕང་། །རྡོ་རྗེ་ལེགས་པའི་ཕྱག་རྒྱ་ཆེན་པོ་ཡིན། ༡༡ །ལག་གཡོན་རྡོར་སེམས་འདྲ་བ་གཡས་པ་ཡི། །ཁུ་ཚུར་དཔྲལ་བའི་སྐྲ་མཚམས་ཁ་ནང་བསྟན། །འཕྲེད་ལ་བཞག་པ་རྡོ་རྗེ་རིན་ཆེན་ནོ། ༡༢ །ལག་གཡས་རྡོ་རྗེ་སེམས་དཔའ་འདྲ་བ་ལ། །ཅུང་ཟད་བསྐོར་ཚུལ་བྱེད་པ་གཟི་བརྗིད་དོ། ༡༣ །ལག་གཡས་ཁུ་ཚུར་ནུ་མ་གཡོན་པའི་སྟེང་། །ཁ་ནང་བསྟན་པ་རྡོ་རྗེ་རྒྱལ་མཚན་ནོ། ༡༤ །ལག་གཡས་ཁུ་ཚུར་གྱེན་བསླང་ཁ་ཡི་གཡས། །ཁ་ཕྱིར་བསྟན་པ་རྡོ་རྗེ་བཞད་པའི་སྟེ། །གསུམ་པོ་ལག་གཡོན་གདན་ལ་བརྟེན་པའོ། ༡༥ །ལག་གཡོན་རྡོ་རྗེ་སེམས་དཔའ་དང་འདྲ་ཞིང་། །གཡས་པའི་ཁུ་ཚུར་སྙིང་ཐད་ཁ་ནང་བསྟན། །མཐེ་མཛུབ་སྦྱར་བ་ཅུང་ཟད་ནང་ནས་བསྐོར། །རྡོ་རྗེ་ཆོས་ཞེས་བྱ་བའི་ཕྱག་ཆེན་ཡིན། ༡༦ །གཡོན་པའི་ཁུ་ཚུར་སྙིང་གར་ཁ་ནང་བསྟན། །གཡས་པའི་ཁུ་ཚུར་དཔུང་པ་གཡས་ཀྱི་ཐད། །ཁ་ཕྱིར་བསྟན་པ་རྡོ་རྗེ་རྣོན་པོའི་ཡིན། ༡༧ །ལག་གཡས་ཁུ་ཚུར་ལྟེ་བའི་ཐད་ཀ་རུ། །ཁ་གྱེན་བསྟན་པའི་གུང་མོ་བསླང་བྱས་ནས། །ཅུང་ཟད་བསྐོར་བ་རྡོ་རྗེ་རྒྱུ་ཡི་ལུགས། ༡༨ །གཡས་པའི་ཁུ་ཚུར་གྱེན་བསྟན་ཁ་ཐད་ནས། །སྙིང་གར་ཕབ་པ་རྡོ་རྗེ་སྨྲ་བའི་ཡིན། །གཉིས་པོ་གཡོན་པ་གདན་ལ་བརྟེན་པ་ཡིན། ༡༩ །ལག་གཉིས་རྡོ་རྗེ་སེམས་དཔའ་དང་འདྲ་བ། །བྱས་པ་དེ་ནི་རྡོ་རྗེ་ལས་ཀྱིའོ། ༢༠ །ལག་གཉིས་ཁུ་ཚུར་གྱེན་བསླང་ཁ་ཕྱིར་བསྟན། །རང་རང་དཔུང་པའི་ཐད་བཞག་བསྲུང་བའི་ཡིན། ༢༡ །ལག་གཉིས་ཁུ་ཚུར་འཕྲེད་ལ་ཁ་ནང་བསྟན། ཁ་འགྲམས་གཡས་གཡོན་བཞག་པ་གནོད་སྦྱིན་ནོ། ༢༢ །ལག་གཡོན་ཁུ་ཚུར་དཀུ་གཡོན་ཁ་གྱེན་བསྟན། །དེ་སྟེང་གཡས་པའི་ཁུ་ཚུར་ཁ་སྦུབས་བཞག །འདི་ནི་རྡོ་རྗེ་ཁུ་ཚུར་ཕྱག་ཆེན་ནོ། ༢༣ །ལག་གཉིས་ཁུ་ཚུར་ཁ་ནི་གྱེན་བསྟན་པ། །འགྱིངས་པའི་ཚུལ་གྱི་དཔྱི་ཟུར་གཉིས་སུ་བཞག །རྡོ་རྗེ་སྒེག་མོ་ཞེས་བྱའི་ཕྱག་ཆེན་ཡིན། ༢༤ །ལག་གཉིས་ཁུ་ཚུར་གྱེན་བསླང་ཁ་ཕྱིར་བསྟན། །མིག་ཟུར་གཡས་གཡོན་དཔུང་པའི་སྟེང་ཐད་བཞག །རྡོ་རྗེ་འཕྲེང་བ་མ་ཡི་ཕྱག་ཆེན་ཡིན། ༢༥ །ལག་གཡོན་ཁུ་ཚུར་གྱེན་བསླང་དཔུང་གཡོན་ཐད། །ཁ་ནང་བསྟན་པའི་མཁྲིག་མ་ཅུང་ཟད་ཙམ། །སྙིང་ག་ཕྱོགས་སུ་བཀུག་པ་གྲུ་མོའི་མདུན། །གཡས་པའི་ཁུ་ཚུར་ཁ་གྱེན་བསྟན་པ་ཡིས། །པི་ཝང་སྒྱུར་ཚུལ་རྡོ་རྗེ་གླུ་མའིའོ། ༢༦ །ལག་གཡས་ཐལ་མོ་གྱེན་བསླང་ཁ་ནང་བསྟན། །དེ་བཞིན་གཡོན་བསླང་ལག་ངར་ནང་བསྟན་བསླང་། །གཉིས་ཀ་གཡས་སུ་བསྐོར་ཞིང་སྒྱུར་བ་ཡི། །གཡས་པའི་ཐལ་མོ་རྣ་བ་གཡས་ཐད་བསླང་། །གཡོན་པའི་ཐལ་མོ་ལག་ངར་ཕྱི་རུ་བསླང་། །གཡོན་པའི་ཕྱོགས་ལའང་དེ་བཞིན་གར་མའོ། ༢༧ །ལག་གཉིས་ཁུ་ཚུར་སྙིང་ཐད་འོག་ཏུ་ཕུབ། །རྡོ་རྗེ་བདུག་སྤོས་མ་ཡི་ཕྱག་ཆེན་ཡིན། ༢༨ །གཡོན་པ་ཁུ་ཚུར་སྙིང་ཐད་ཁ་གྱེན་བསྟན། །དེ་སྟེང་གཡས་པ་ཁུ་ཚུར་ཐུར་དུ་ཕུབ། །དེ་ནས་གྱེན་དུ་འཐོར་ཚུལ་མེ་ཏོག་མ། ༢༩ །ལག་གཉིས་རྡོ་རྗེ་ཁུ་ཚུར་སྙིང་ཐད་གཤིབས། །མཐེ་བོང་གྱེན་དུ་བསྒྲེང་སྟེ་གཡས་སུ་བསྐོར། །རྡོ་རྗེ་མར་མེ་མ་ཡི་ཕྱག་ཆེན་ཡིན། ༣༠ །གཡོན་པའི་ཁུ་ཚུར་སྙིང་ཐད་ཁ་གྱེན་བསྟན། །གཡས་པའི་ཁུ་ཚུར་གྱེན་བསླང་ཁ་ཕྱིར་བསྟན། །དྲི་ཡི་བྱུག་ཚུལ་དྲི་ཆབ་མ་ཡིའོ། ༣༡ །ལག་གཉིས་རྡོ་རྗེ་རྒྱལ་པོའི་ཕྱག་ཆེན་བཞིན། །ལྕགས་ཀྱུ་འཛིན་ཚུལ་རྡོ་རྗེ་ལྕགས་ཀྱུའིའོ། ༣༢ །པད་ཀོར་འཕྲོ་ལ་ལག་གཉིས་མཁྲིག་མ་བསྣོལ། །སོ་སོར་གྱེས་ནས་པུས་མོ་གཉིས་སྟེངས་སུ། །ཁུ་ཚུར་ཁ་ཕུབ་རྡོ་རྗེ་ཞགས་པའིའོ། ༣༣ །པད་ཀོར་འཕྲོ་ལ་ལག་གཉིས་མཁྲིག་མ་བསྣོལ། །སོ་སོར་གྱེས་པ་པུས་མོ་གཉིས་སྟེངས་སུ། །ཁུ་ཚུར་གྱེན་བསྟན་རྡོ་རྗེ་ལྕགས་སྒྲོག་གོ ༣༤ །ལག་གཡས་རྡོ་རྗེ་དྲིལ་བུ་སྤྱི་བོར་བཀྲོལ། །ལག་གཡོན་གདན་བརྟེན་རྡོ་རྗེ་དྲིལ་བུའོ། ༣༥ །དེ་ནས་བསྐལ་བཟང་བཅུ་དྲུག་ཕྱག་ཆེན་ནི། །རྡོ་རྗེ་སེམས་དཔའ་ཕྱག་ཆེན་དེ་བཞིན་ནོ། ༣༦ །གཡས་པའི་ཁུ་ཚུར་ནུ་མ་གཡས་པའི་ཐད། །ཁ་ནང་བསྟན་པ་འཁར་གསིལ་འཛིན་ཚུལ་དང་། །གཡོན་པའི་ཁུ་ཚུར་སྙིང་ཐད་ཁ་གྱེན་བསྟན། །ལྷུང་བཟེད་འཛིན་ཚུལ་ཉན་ཐོས་ཕྱག་ཆེན་ཡིན། ༣༧ །གཡས་པའི་ཁུ་ཚུར་སྙིང་ཐད་ཁ་ནང་བསྟན། །འཁར་གསིལ་འཛིན་ཚུལ་ཡིན་གྱི་གཡོན་པ་ནི། །ཁུ་ཚུར་གྱེན་བསྟན་ནུ་མ་གཡོན་པའི་ཐད། །གླེགས་བམ་འཛིན་ཚུལ་རང་རྒྱལ་བཅུ་གཉིས་སོ། ༣༨ །པད་ཀོར་འཕྲོ་ལ་ཁུ་ཚུར་རྒྱབ་སྤྲོད་བྱ། །མཐེའུ་ཆུང་གཉིས་ནི་ལུ་གུ་རྒྱུད་དུ་སྦྲེལ། །མཛུབ་མོ་བསྒྲེང་བ་འཇིག་རྟེན་གསུམ་སྣང་སོགས། ༣༩ །པད་ཀོར་འཕྲོ་ལ་ལག་གཉིས་པདྨོའི་ཚུལ། །འཇིག་རྟེན་ཁོར་ཡུག་རྣམས་ཀྱི་ཕྱག་ཆེན་ཡིན། །ཞེས་པ་ནི། གུ་གེའི་ཐོ་ལིང་གསེར་གྱི་ལྷ་ཁང་ན། ལོ་ཆེན་རིན་ཆེན་བཟང་པོས་བཞེངས་པའི་ཀུན་རིག་གི་ལྷ་ཚོགས་རྣམས་ཀྱི་བཞུགས་ཚུལ་དང་། ཕྱག་མཚན་གྱི་འཛིན་ཚུལ། རྡོ་རྗེ་འཆང་ཀུན་དགའ་བཟང་པོས་གཟིགས་ནས། དེའི་དོན་ཚིགས་བཅད་དུ་སྡེབས་པ་རྣམས། མཁས་གྲུབ་དཔལ་ལྡན་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་ཡོད་པ་ལས། ཕྱིས་བཤམ་འོག་གི་དཔེ་ཁྱེར་ནས། རྡོ་རྗེ་གར་མ་མན་མ་ཚང་བའི་ཁ་སྐོང་དུ་བླ་མའི་གསུང་རྒྱུན་ལ་བསྟེན་ནས་བྱ་བྲལ་བ་བསོད་ནམས་སེང་གིས། དབེན་གནས་ས་བཟང་དུ་སྦྱར་བ་འདིར་བཀོད་པ་ལགས།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
I appreciate your work. It’s very beneficial work.