གབ་ཚིག

སྲོག་ཆགས་ཀྱི་སྐོར་གྱི་གབ་ཚིག

 

 

༡ ཕར་འཁོར་སྟག་འདྲ་བོ།
ཚུར་འཁོར་གཟིག་འདྲ་བོ།

དར་ཚོན་ཤིང་ལོ་འདྲ་བོ།

༢ ཁ་དམར་སྣ་དམར་སྤོག་རིལ་རྒྱ་མཚོ།

ཤུགས་མེད་མིག་མེད་སྙུག་མའི་རྒྱ་མཚོ།

༣ རྫ་མ་ནག་པོ་བྱུ་རུའི་མཆུ་ཏོ་ཅན།

༤ ནག་རིལ་སྟོང་གི་ཐོག་ན།

གི་གུ་རྭ་འཁྱིལ་ཞིག

༥ ཨབ་ཀྱིས་མ་བཟོས།

ཁབ་ཀྱིས་མ་བཙེམས།

གོས་ཀྱི་ཙར་ལོ་འཇོལ་ལོ་ལོ།

༦ ནམ་མཁའི་ལྷ་མོ་གླུ་ལེན་མ།

ས་ཡི་མེ་ཏོག་བཅུད་ལེན་མ།

༧ ཨ་ཐང་ཐང་གི་ཐང་དཀྱིལ་ན།

ཐང་དཀར་རྒོད་པོ་རྒྱགས་འགྲོ་བྱེད།

༨ ཤེལ་ཁང་གྲུ་གཞིའི་ནང་ནས།

བུ་རྒོད་པོ་ཁེར་རྒྱུག་ཉིས་རྒྱུག

༩ བྲག་མགོ་ན་གཡུ་ཕོར་བ་འདྲ་འདྲ།

བྲག་སྐེད་ན་འདྲེ་ར་མ་འདྲ་འདྲ།

བྲག་ཞབས་ན་དུག་ལག་ངར་འདྲ་འདྲ།

༡༠ ཤ་རུལ་སྟེང་ནས་འོད་དཀར་ཀྱི་ལི་ལི།

དེ་ནས་པདྨའི་སྟེང་ནས་གོ་ལོ་ལོ།

ཇི་ལྟར་གང་དྲན་གླུ་ལེན་ཤ་ར་ར།

༡༡ ཁྱེད་ཕར་ལ་སོང་། ང་ཁྱོའི་ཤུལ་ལ་ཡོང་།

༡༢ མ་སེམས་ཅན་ལྷ་ཉལ་ཀླུ་ཉལ་ཡིན།

འདྲེ་ཨུ་རུ་ཅོག་ལ་ཉལ་རྒྱུ་མེད།

༡༣ ཁྱེད་གང་ལ་སོང་།

ང་ཚ་ལ་སོང་།

ཁྱོད་ཚ་ཐིག་མེད་པ་ཅི་རེད།

༡༤ སྟོད་ནས་ཅོང་སྐད་ལྷང་ལྷང་།

སྨད་ནས་ལྕང་ལོ་ལྡེམ་ལྡེམ།

༡༥ མགོ་འདི་གཡུང་དྲུང་རྟགས་ཀྱི་མགོ

སྤུ་རིགས་ནག་པོ་ནག་གྱི་སྤུ།

སྐད་འདི་ལྷ་མ་ཡིན་གྱི་སྐད།

༡༦ གྱོན་མ་ཤེས་སློག་པ་ཕྱིར་སློག་བྱས།

འདོག་མ་ཤེས་བྱུ་རུ་སྣ་མགོར་བཏགས།

༡༧ ཀླུ་ཡི་བུ་མོ་ཡིད་འོང་སྐད་སྙན་མ།

སེམས་ཅན་ཡོངས་ལ་དུས་ཀྱི་སྐད་སྙན་སྒྲོག

༡༨ སྟག་མིན་པའི་ཐིག་ལེ་ཅན།

འབྲོང་མིན་པའི་རུ་ཐུར་ཅན།

༡༩ ལྷམ་སྐུད་པས་མ་བཙེམས་ཐོར་མེད་མ།

༢༠ ཨ་ཐང་ཐང་གི་ཐང་དཀྱིལ་ན།

མུ་ཏིག་ཤེལ་གྱི་ཕྲེང་བ་ཞིག

རིག་ནི་མང་ཡང་ལེན་ནི་དཀོན།

༢༡ གནམ་ཚོད་འཛིན་པའི་ལྷ།

ཐང་མ་བརྡལ་བའི་འདྲེ།

༢༢ ས་ཐོག་གི་རྔ་སྒྲ་སྐད་པོ་ཆེ།

ས་འོག་གི་འབྲེང་བ་ལྷོད་པོ་ཆེ།

༢༣ འཁོར་ལོ་དྲུག་བརྩེགས་དུང་གི་སྲོག་ཐུར་ཅན།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*