༧ སྐྱབས་མགོན༧ གོང་མ་ཁྲི་ཆེན་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར།

 

༄༅། །༧དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དེང་སྐབས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་ཡོད་པའི་དཔལ་ས་སྐྱ་པའི་དགོན་པ་ཁག་གི་ནང་ཆོས་འབྲེལ་གསུང་ཆོས་སྩོལ་གནང་སོགས་ཀྱི་མཛད་འཆར་དུ་མ་ཞིག་སྐྱོང་གནང་མཛད་བཞིན་ཡོད་ཅིང་། མོན་གྷོ་གཞིས་ཆགས་དེའི་ནང་ས་དགེ་བཀའ་རྙིང་སོགས་རིས་སུ་མ་འཆིས་པའི་དགོན་པ་ཡོད་པ་ཁག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་མཆོག་དགའ་ལྡན་ཚོགས་ཆེན་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་། རྙིང་མའི་དགོན་པ་དང་། དགའ་ལྡན་ཁྲི་ཐོག་ཁང་སོགས་སུ་གནས་གཟིགས་གནང་འདུག།
ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ ས་སྐྱ་དགོན་སྡེ་ཁག་གི་མཁན་་ལས་ཟུར་རྣམ་པ་དང་། དེ་བཞིན་དགའ་ལྡན་དང་འབྲས་སྤུངས་སོགས་གདན་ས་ཁག་གི་མཁན་ལས་ཟུར་དང་སྤྲུལ་པའི་སྐུ་རྣམ་པ་དབུས་དད་ལྡན་མང་ཚོགས་ལ་ཀུན་རིག་གི་དབང་དང་། ཕྱི་ཚེས་ ༡༠ ཉིན་ ས་སྐྱ་བརྩེ་ཆེན་དམ་ཆོས་གླིང་དགོན་པའི་ནང་། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ས་སྐྱའི་དགོན་ཁག་གསུམ་དང་མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མི་དམངས་ཡོངས་ནས་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་འདུག། ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཕྱི་ཚེས་ ༡༨ བར་མོན་གྷོ་འདོད་རྒུ་གླིང་དུ་བཞུགས་བཞག་མཛད་འཕྲིན་སྐྱོང་གནང་མཛད་ཀྱི་འདུག།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*