འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་དབང་སྡུད།

རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་།
ཁྱད་པར་དབང་མཛད་རྗེ་བཙུན་རིག་བྱེད་མ།
ཚོགས་ཀྱི་བདག་པོ་འདོད་པའི་རྒྱལ་པོ་དང་།
མྱུར་མཛད་མགོན་དཀར་ཡིད་བཞིན་ནོར་བུ་སོགས།
དབང་རྒྱས་ལྷ་རྣམས་ཐུགས་དམ་རྒྱུད་བསྐུལ་ནས།
རྒྱལ་བསྟན་སྤྱི་དང་ཁྱད་པར་ས་སྐྱ་པའི།
བསྟན་པ་རིན་ཆེན་ཕྱོགས་བཅུར་སྤེལ་བའི་སླད།
བཤད་དང་སྒྲུབ་པའི་སྡེ་ཆེན་འཛུགས་པ་ལ།
ཆོས་ལྡན་རྒྱལ་བློན་འབྱོར་ལྡན་ཁྱིམ་བདག་སོགས།
དབང་དུ་འདུས་ཤིངལོངས་སྤྱོད་ཕོངས་མེད་པ།
ལྷོ་སྤྲིན་བཞིན་དུ་ངང་གིས་འདུ་བར་མཛོད།
སྤོང་དང་ཀློག་པའི་བྱ་བ་འཕེལ་རྒྱས་ཤོག
དེ་ལ་བར་གཅོད་རྩོམ་པའི་འབྱུང་པོ་དང་།
ལྷ་མིན་ཀླ་ཀློའི་འཇུག་པ་རབ་ཞི་ནས།
དཀོན་མཆོག་གསུམ་གྱི་དབུ་འཕང་རབ་མཐོ་ཞིང་།
བསྟན་འགྲོར་བདེ་སྐྱིད་འཕེལ་བ་བྱིན་གྱིས་རློབས།
ཞེས་པ་འང་མི་ཉག་ཕན་ཞགས་པས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེ་འོ།།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*